ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས​ 《རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོའི་ལམ་ལུགས་དང་ཇུས་གཞི》བཀྲམ་པ།

མི་དམངས་ཉིན་རེའི་ཚགས་པར།

| 2019-07-25 17:00:21

ཀྲུང་དབྱང་བརྙན་འཕྲིན་དྲ་བའི་གསར་འགྱུར(གསར་འགྱུར་མཉམ་བསྒྲགས)ལྟར་ན། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོའི་ལམ་ལུགས་དང་ཇུས་གཞི》བཀྲམ་ཡོད།

ཇུས་གཞིའི་ནང་། 2020ལོར་སླེབས་སྐབས་རང་བྱུང་ནགས་ཚལ་སྲུང་སྐྱོང་སླར་གསོའི་བཅའ་ཁྲིམས་དང་ལམ་ལུགས་མ་ལག་དང་། སྲིད་ཇུས་ཀྱི་འགན་ལེན་མ་ལག ལག་རྩལ་ཚད་གཞིའི་མ་ལག ལྟ་སྐུལ་གདེང་འཇོག་མ་ལག་བཅས་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་བཏོན་ཡོད།

གཞན་ཡང་ཇུས་གཞིའི་ནང་། 2035ལོར་སླེབས་སྐབས་རང་བྱུང་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར་2ཡས་མས་ཟིན་པ་དང་། སྤུས་ཚད་རྩ་བའི་ཆ་ནས་ལེགས་སུ་འགྲོ་བ་དང་། རང་བྱུང་ནགས་ཚལ་གྱི་སྣོད་བཅུད་མ་ལག་སླར་གསོ་ནུས་ལྡན་ཐུབ་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་ཚན་རིག་དང་མཐུན་པའི་སྲུང་སྐྱོང་ཐུབ་པ། སྣོད་བཅུད་ཀྱི་ཐེག་ནུས་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོའི་དམིགས་ཚད་ཆེད་སྤྱིར་ན་འདེགས་སྐྱོར་ནུས་ལྡན་མངོན་འགྱུར་དང་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།