ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོཌ་ཐེངས་བཅུ་བཞི་པར་མུ་མཐུད་ཞུགས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-07-01 10:15:08

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་པན་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་བཞི་པ་ཚེས་29ཉིན་རི་པིན་གྱི་ཏ་པན་དུ་མུ་མཐུད་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞུགས་པ་རེད།

བསྟུན་མཁས་དང་འཕེལ་རྒྱས་ཀྱི་གནད་དོན་ལ་གྲོས་བསྡུར་གནང་སྐབས་ཞི་ཅིན་ཕིང་གིས་སྤུས་ཚད་མཐོ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་བསྟུན་མཁས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན། མི་རིང་བའི་གོང་པེ་ཅིང་དུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་དབུ་ཚོགས་གླེང་སྟེགས་སྐབས་གཉིས་པའི་ཐོག་སྤུས་ཚད་མཐོ་པོས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ཐད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གྲུབ་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ང་ཚོས་མཉམ་བསྡུར་དང་། མཉམ་གྲོས། མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེ་དང་། ལྗང་མདོག སྤྱོད་གཙང་བཅས་ཀྱི་འདུ་ཤེས་ལག་བསྟར་བྱེད་པ་དང་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་འདོགས་པ། རྒྱུན་མཐུད་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་གཞོལ་དགོས། མཐའ་མའི་དམིགས་ཡུལ་ནི་ཕྱོགས་ཚང་མའི་ཐད་ཀྱི་ཕན་ཚུན་འབྲེལ་མཐུད་བརྒྱུད་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་སྦྲེལ་དང་། ཐོན་ལས་འཁོར་སྦྲེལ། རིན་ཐང་འཁོར་སྦྲེལ་བཅས་ཁྲོད་དེ་བས་ལེགས་པའི་སྒོ་ནས་ཚུད་པ་བྱས་ཏེ་མཉམ་འགུལ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་འབྲེལ་མཐུད་ཡོང་བར་ཤུགས་སྣོན་རྒྱག་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མངོན་གསལ་དོད་པའི་འཕེལ་རྒྱས་ཀྱི་མཐོང་ཟུར་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་འབུལ་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཁག་གི་ཁོངས་མིའི་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་རྒྱུ་དེ་ཕྱོགས་ཁག་ལ་བདེ་སྐྱིད་བསྐྲུན་པའི་རྒྱལ་སྤྱིའི་སྤྱི་པའི་ཐོན་རྫས་དང་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་སུ་འགྱུར་བ་བྱེད་དགོས། ང་ཚོས་དེའི་ནང་ཞུགས་འདོད་ཡོད་པའི་མཉམ་ལས་རོགས་ཟླ་ཐུན་མོང་ཐོག་ཞུགས་པ་དང་ལག་གདང་སྦྲེལ་ནས་གཉིས་ཁེ་གཉིས་ཕན་གྱི་ལས་དོན་བསྒྲུབ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་དང་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག་སྲིད་ཇུས་འབྲེལ་མཐུད་དང་དངོས་གཉེར་མཉམ་ལས་ལ་མུ་མཐུད་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་ཤུགས་དྲག་ལྡན་པ་དང་། རྒྱུན་མཐུད་ཆོག་པ། དོ་སྙོམས། བསྟུན་མཁས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ལེགས་སྐྱེས་ཕུལ་ནས་རྒྱལ་ཁབ་ཁག་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་ཡོང་བ་བྱེད་དགོས་ལུགས་བསྟན་གནང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།