སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཁྲའོ་ཞན་སྨྱན་སྦྱོར་གྱིས་ཚད་མཐོའི་གདེང་འཇོག་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-06-24 11:20:23

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕོང་དབྱང་ནས་ཟླ་6ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་20དང་ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཁྲའོ་ཞན་གྱི་ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་དང《ངལ་རྩོལ་གསར་འགྱུར》སོགས་སྨྱན་སྦྱོར་ཚན་པ་གཙོ་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ལ་རྒྱལ་དོན་འཚམས་འདྲི་གནང་བའི་བྱེད་སྒོའི་ཡིག་རིགས་དང་པར་རིས་ཀྱི་གསར་འགྱུར་ཉིན་ཤས་བསྟུད་མར་སྤེལ་བ་དང་ཆབས་ཅིག་ད་ཐེངས་ཀྱི་འཚམས་འདྲིའི་དོན་སྙིང་ལ་ཚད་མཐོའི་གདེང་འཇོག་བྱས་པ་རེད།

ཚེས་22ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་དང《ངལ་རྩོལ་གསར་འགྱུར》གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་ནས་ཕོང་དབྱང་ནས་ཞལ་དགྱེས་སྐབས་ཁྲའོ་ཞན་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་སྤྲོ་སེམས་འཁོལ་བའི་ཕེབས་སྐྱེལ་ཞུས་པའི་སྐོར་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་ལས་ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་མི་སྣས་ཁྲའོ་ཀྲུང་གི་མཛའ་གྲོགས་རྒྱུན་འཛིན་བྱས་པའི་སྲོལ་རྒྱུན་དང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པའི་བློ་རྩ་བརྟན་པོའང་མངོན་ཡོད་ཅེས་བརྗོད་ཡོད་པ་རེད།

ཚེས་21ཉིན། ཁྲའོ་ཞན་ཀྲུང་དབྱང་གསར་འགྱུར་ཁང་དང《ངལ་རྩོལ་གསར་འགྱུར》སོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས་20ཉིན་ཕོང་དབྱང་དུ་ཕེབས་འབྱོར་ཟིན་པ་དང་ཆབས་ཅིག་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཁྲའོ་ཞན་གྱི་ལས་རིགས་ཁག་གི་དགའ་བསུ་ཆེན་པོ་ཐོབ་པའི་སྐོར་གྱི་གསར་འགྱུར་འཕྲིན་སྤེལ་བྱེད་སྐབས། ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་70འཁོར་བའི་དོན་སྙིང་ཟབ་མོ་ལྡན་པའི་ལོ་འདིར་རྒྱལ་དོན་འཚམས་འདྲི་གནང་བ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་དབར་གྱི་སྲོལ་རྒྱུན་མཛའ་མཐུན་གྱི་འབྲེལ་བ་སྔར་བས་སྲ་བརྟན་དུ་གཏོང་བའི“གོ་སྐབས་གལ་ཆེན”ཞིག་རེད་ལ། ཁྲའོ་ཞན་མི་དམངས་ལ“རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་པ་ཞིག”ཀྱང་རེད་ཅེས་བརྗོད་ཡོད་པ་རེད།

ཚེས་22ཉིན།《ངལ་རྩོལ་གསར་འགྱུར》གྱིས་ཁྲའོ་ཀྲུང་གི་མཛའ་གྲོགས་ཀྱི་ལོ་རྒྱུས་སྲོལ་རྒྱུན་ལ་ཕྱིར་དྲན་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ལོ་རྒྱུས་རིང་ལ་བརྟན་ལུགས་ནན་བཤད་བྱེད་པའི་རྩོམ་ཡིག་ཞིག་ནང་། “ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ནི་སྲོལ་རྒྱུན་མཛའ་གྲོགས་དང་ཡིད་ཆེས་བློ་གཏད་ཟུང་འབྲེལ་དམ་ཟབ་དང་སྲ་ཞིང་བརྟན་པའི་མཛའ་གྲོགས་ཀྱི་འབྲེལ་བ་ཞིག་རེད”ཁྲའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ད་ཆ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་འཁོད་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།