ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱ་ཐབས》བཀྲམ་པ།

མི་དམས་ཉིན་རེའི་ཚགས་པར།

| 2019-05-29 17:52:29

ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་གཞིར་བཟུང་ལག་བསྟར་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《བྱ་ཐབས》ལ་ཁྱོན་ས་བཅད་བཅུ་དང་དོན་ཚན་42ཡོད་པ་དེར་ཀྲུང་དབྱང་རྩ་འཛུགས་པུས་གསལ་འགྲེལ་རྒྱག་རྒྱུའི་འགན་འཁུར་རྒྱུ་རེད། 《བྱ་ཐབས》དེ་རིམ་ཁག་ཏང་གི་ལས་ཁུངས་དང་། མི་དམངས་འཐུས་ཚོགས་ལས་ཁུངས། སྲིད་འཛིན་ལས་ཁུངས། སྲིད་གྲོས་ལས་ཁུངས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་དང་དེ་བཞིན་བྱ་གཞག་ཚན་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། གཞུང་ཁོངས་ཁེ་ལས་བཅས་ཀྱི་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་བྱེད་རྒྱུར་སྤྱད་ན་འཐུས་ཀྱི་ཡོད།

《བྱ་ཐབས》དེ་2019ལོའི་ཟླ་5ཚེས་13ཉིན་ནས་བཟུང་ལག་ལེན་བསྟར་བ་དང་། 2003ལོའི་ཟླ་6ཚེས་19ཉིན་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་ལྟ་སྐུལ་ཞིབ་བཤེར་བྱ་ཐབས(ཚོད་ལྟའི་ལག་བསྟར)》དང་། 2010ལོའི་ཟླ་3ཚེས་7ཉིན་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《ཏང་སྲིད་འགོ་ཁྲིད་ལས་བྱེད་པ་གདམ་གསེས་བསྐོ་སྤྱོད་ལས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་ཐབས(ཚོད་ལྟའི་ལག་བསྟར)》དེ་ཉིན་ནས་བཟུང་ལག་བསྟར་བྱེད་མཚམས་བཞག་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།