ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་།

| 2019-05-28 11:21:09

ཟླ་5ཚེས་26ཉིན། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་གྲངས་གཞི་ཆེ་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

ཞི་ཅིན་ཕིང་གིས་མིག་སྔར་དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་ཐབས་རིག་ནུས་བཅས་མཚོན་བྱེད་དུ་བྱས་པའི་རབས་གསར་པའི་ཆ་འཕྲིན་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཏེ་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་ཀྱི་འཚོ་བ་བཅས་ལ་གལ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད། རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་སྤེལ་རེས་གཏིང་ཟབ་བྱས་ནས་གྲངས་གཞི་ཅན་དང་། དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་ཐུན་མོང་ཐོག་སྟངས་འཛིན་ཡག་པོ་བྱས་ཏེ་བཅའ་ཁྲིམས་དང་། བདེ་འཇགས། སྲིད་གཞུང་བཅོས་སྐྱོང་སོགས་ཐད་ཀྱི་གྲངས་གཞི་ཆེ་མོའི་འཕེལ་རྒྱས་ཀྱི་འགྲན་སློང་ཐག་གཅོད་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོས་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཁབ་ཁག་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་དུ་སྤྱད་དེ་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། བྱ་ཐབས་གསར་པ་བཅས་འཚོལ་ཞིབ་བྱེད་པ་བརྒྱུད་འཕར་གཞིའི་སྒུལ་ནུས་དང་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཐུན་མོང་ཐོག་འཚོལ་ཞིབ་བྱེད་འདོད་ཡོད། འཐུས་མི་རྣམ་པ་དང་སྐུ་མགྲོན་རྣམ་པས“གསར་གཏོད་འཕེལ་རྒྱས་དང་། གྲངས་གཞིར་བརྟེན་ནས་འབྱུང་འགྱུར་གླེང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ་གྲངས་གཞི་ཆེ་མོའི་ཐོན་ལས་འཕེལ་རྒྱས་དང་མཉམ་ལས་ཇུས་ཆེན་ལ་མཉམ་དུ་གྲོས་མོལ་བྱས་ཏེ་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།