ཞི་ཅིན་ཕིང་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-05-17 12:01:48

622862_yis_1557979311909_s.jpg

ཟླ་5ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཕེབས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《ཤེས་དཔལ་སྤེལ་རེས་དང་མྱོང་ལེན་བྱེད་རེས་ཟབ་ཏུ་བཏང་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ།

622861_yis_1557979311722_s.jpg

ཟླ་5ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཕེབས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《ཤེས་དཔལ་སྤེལ་རེས་དང་མྱོང་ལེན་བྱེད་རེས་ཟབ་ཏུ་བཏང་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་ཞིང་། འདི་ནི་འགོ་ཚུགས་མཛད་སྒོ་མ་འཚོག་གོང་ཀྲུང་ཕྱིའི་འགོ་ཁྲིད་པས་འགོ་ཚུགས་མཛད་སྒོར་ཕེབས་པའི་སྐུ་མགྲོན་དང་འཐུས་མི་གཙོ་བོ་ཚོ་དང་ལྷན་བཞུགས་སྐུ་པར་སྐྱོན་བཞིན་པ།

ཞི་ཅིན་ཕིང་གིས་ཤེས་དཔལ་འདི་སྣ་མང་ལས་སྤེལ་རེས་དང་། སྤེལ་རེས་ལས་མྱོང་ལེན། མྱོང་ལེན་ལས་འཕེལ་རྒྱས་བཅས་བྱུང་ཡོད། ང་ཚོས་འཛམ་གླིང་ཐོག་གི་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་དང་སྤེལ་རེས་དང་མྱོང་ལེན་བྱེད་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་དགོངས་ཚུལ་ཁག་བཞི་བཏོན་གནང་བ་གཤམ་གསལ་ཏེ།

གཅིག ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཙིགས་མཐོང་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གཉིས། མཛངས་མའི་མཛེས་ཉམས་དང་མཛེས་སྡུག་མཉམ་གནས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། གསུམ། སྒོ་དབྱེ་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་མྱོང་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས། བཞི། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་སུ་ཕེབས་ནས་ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་འགོ་བརྗོད་དུ《ཤེས་དཔལ་སྤེལ་རེས་དང་མྱོང་ལེན་བྱེད་རེས་ཟབ་ཏུ་བཏང་ནས་ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་དགོས》ཞེས་པའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་བ་རེད། ཁོང་གིས་འོད་སྟོང་འཕྲོ་བའི་ཨེ་ཤེ་ཡའི་ཤེས་དཔལ་གྱིས་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་རླབས་ཆེན་གྱི་ལེའུ་ཞིག་བརྩམས་ཡོད། ཨེ་ཤེ་ཡའི་མི་དམངས་ཀྱིས་ཞི་བདེ་ལྷིང་འཇགས་དང་། ཐུན་མོང་དར་རྒྱས། སྒོ་དབྱེ་རྒྱུན་འཁོར་བཅས་ཀྱི་ཨེ་ཤེ་ཡ་ཞིག་རེ་སྒུག་བྱེད་བཞིན་ཡོད། ང་ཚོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཙིགས་མཐོང་དང་། མཛངས་མའི་མཛེས་ཉམས་དང་མཛེས་སྡུག་མཉམ་གནས། སྒོ་དབྱེ་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་མྱོང་ལེན། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་ནི་ཤེས་དཔལ་གཞན་དང་རྒྱུན་ཆད་མེད་པར་སྤེལ་རེས་མྱོང་ལེན་བྱེད་པའི་ཁྲོད་ཆགས་པའི་སྒོ་དབྱེའི་མ་ལག་ཅིག་ཡིན། མ་འོངས་པའི་ཀྲུང་གོས་སྒོ་དབྱེ་སྔར་ལས་ལྷག་པའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་རྒྱུས་ལོན་བྱ་རྒྱུ་དང་གསོན་ཤུགས་སྔར་ལས་ཆེ་བའི་ཤེས་དཔལ་གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།

ཝང་ཧུའུ་ཉིང་འགོ་ཚུགས་མཛད་སྒོར་ཕེབས་པ་རེད།

སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡོལ་ཙམ་ལ་ཞི་ཅིན་ཕིང་ཕྱི་ཕྱོགས་ཀྱི་འགོ་ཁྲིད་པ་དང་ལྷན་དུ་ཚོགས་རར་ཕེབས་པ་དང་། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་བཞེད་དོན་གཙོ་བོའི་གཏམ་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་ཆ་འཕྲིན་ཅན་བཅས་སུ་འཕེལ་རྒྱས་གཏིང་ཟབ་འགྲོ་བཞིན་ཡོད་པས་མིའི་རིགས་ཀྱི་སྤྱི་ཚོགས་རེ་བས་ཁེངས་ཡོད། དེ་དང་ཆབས་ཅིག་རྒྱལ་སྤྱིའི་དུས་བབ་ཀྱི་བརྟན་ལྷིང་མེད་པའི་རང་བཞིན་དང་གཏན་འཁེལ་མེད་པའི་རང་བཞིན་ཀྱང་དེ་བས་མངོན་གསལ་དོད་དུ་འགྲོ་བ་དང་མིའི་རིགས་ལ་འཕྲད་པའི་གོ་ལ་ཅན་གྱི་འགྲན་སློང་དེ་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད།ཐུན་མོང་གི་འགྲན་སློང་ལ་ཁ་གཏད་བཅག་སྟེ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པར། དཔལ་འབྱོར་ཚན་རྩལ་གྱི་སྟོབས་ཤུགས་དགོས་ལ་རིག་གནས་ཤེས་དཔལ་གྱི་སྟོབས་ཤུགས་ཀྱང་དགོས། ཨེ་ཤེ་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱིས་ཨེ་ཤེ་ཡ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་འདྲ་མཉམ་གླེང་མོལ་དང་། སྤེལ་རེས་མྱོང་ལེན། ཕན་ཚུན་བློ་འབྱེད་བཅས་ཡོང་བར་སྐུལ་འདེད་གཏོང་ཕྱིར་ལས་སྟེགས་གསར་པ་ཞིག་བཏོད་ཡོད་ཅེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་ནི་མིའི་རིགས་གནས་སྡོད་བྱ་ཡུལ་སྔ་ཤོས་ཀྱི་གྲས་ཤིག་ཡིན་ལ་མིའི་རིགས་ཀྱི་ཤེས་དཔལ་འབྱུང་གནས་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ་སྟོང་ཕྲག་འགའ་ཞིག་གི་འཕེལ་རྒྱས་བརྒྱུད་རིམ་ནང་ཨེ་ཤེ་ཡའི་མི་དམངས་ཀྱིས་འོད་སྟོང་འབར་བའི་ཤེས་དཔལ་གྱི་གྲུབ་འབྲས་བཏོད་ཡོད། ཨེ་ཤེ་ཡའི་ཤེས་དཔལ་དེའང་ནང་ཁུལ་དང་དེ་བཞིན་འཛམ་གླིང་ཤེས་དཔལ་དབར་གྱི་སྤེལ་རེས་མྱོང་ལེན་ཁྲོད་རིམ་བཞིན་འཕེལ་རྒྱས་བྱུང་ནས་སྟོབས་ཆེར་སོང་ཡོད། འོད་སྟོང་འབར་བའི་ཨེ་ཤེ་ཡའི་ཤེས་དཔལ་གྱིས་འཛམ་གླིང་ཤེས་དཔལ་འཕེལ་རྒྱས་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་རླབས་ཆེན་གྱི་ལེའུ་ཞིག་བརྩམས་ཡོད། མིའི་རིགས་ཀྱི་ཤེས་དཔལ་འདི་ཨེ་ཤེ་ཡ་ལས་དེ་བས་མཚར་སྡུག་འོད་སྟོང་ལྡན་པར་གྱུར་ཡོད། ང་ཚོས་ཤེས་དཔལ་གྱི་གདེང་ཚོད་ཆེ་རུ་བཏང་སྟེ། སྔོན་བྱོན་པ་ཚོས་བཏོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག་འཛམ་གླིང་གི་ཤེས་དཔལ་གཞན་དང་སྤེལ་རེས་མྱོང་ལེན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཨེ་ཤེ་ཡའི་ཤེས་དཔལ་གྱི་འོད་སྟོང་གསར་པ་གཏོད་རྒྱུར་གཞོལ་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་རི་ཆུ་ཕན་ཚུན་སྦྲེལ་ཡོད་ལ་མི་ཆོས་རིག་གནས་ཀྱང་ཆ་འདྲ་ཡིན་པས་འདྲ་མཚུངས་ཀྱི་ལོ་རྒྱུས་ཀྱི་ཡུལ་དུས་ཡོད་པ་དང་གཅིག་མཚུངས་ཀྱི་ཕུགས་འདུན་དོན་གཉེར་བྱེད་ཀྱི་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ཏེ་ང་ཚོས་ངེས་པར་དུ་དུས་བབ་ཆེན་པོ་ཁོང་དུ་ཆུད་པ་དང་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཨེ་ཤེ་ཡའི་མི་དམངས་ཀྱི་རེ་འདུན་མངོན་འགྱུར་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཤེས་དཔལ་འདི་སྣ་མང་ལས་སྤེལ་རེས་དང་། སྤེལ་རེས་ལས་མྱོང་ལེན། མྱོང་ལེན་ལས་འཕེལ་རྒྱས་བཅས་བྱུང་ཡོད། ང་ཚོས་འཛམ་གླིང་ཐོག་གི་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ་བཅས་དང་སྤེལ་རེས་དང་མྱོང་ལེན་བྱེད་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡའི་ལས་དབང་གཅིག་མཐུན་འདུས་གྲུབ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཐུན་མོང་ཐོག་གཏོད་པའི་མི་ཆོས་རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་དགོངས་ཚུལ་ཁག་བཞི་བཏོན་གནང་བ་གཤམ་གསལ་ཏེ།

གཅིག ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཙིགས་མཐོང་མཐའ་འཁྱོངས་བྱེད་དགོས་ཤིང་། མིའི་རིགས་ལ་ལྤགས་མདོག་དང་སྐད་རིགས་ཀྱི་ཁྱད་པར་ཙམ་དང་ཤེས་དཔལ་ལ་མཚར་སྡུག་འོད་སྟོང་གི་ཁྱད་པར་ཙམ་ཡོད་པ་ལས་མཐོ་དམན་དང་ལེགས་ཉེས་ཀྱི་ཁྱད་པར་གང་ཡང་མེད། ང་ཚོས་འདྲ་མཉམ་དང་བརྩི་འཇོག་གཙོ་བོར་བཟུང་བ་དང་། ཁེངས་དྲེགས་དང་ཕྱོགས་ལྷུང་རིང་དུ་དོར་བ། རང་ངོས་ཀྱི་ཤེས་དཔལ་དང་ཤེས་དཔལ་གཞན་དག་དབར་གྱི་བར་ཁྱད་རང་བཞིན་ལ་ངོས་འཛིན་བྱེད་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཤེས་དཔལ་མི་འདྲ་བའི་དབར་གྱི་སྤེལ་རེས་གླེང་མོལ་དང་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས་པ་དང་།

གཉིས། མཛངས་མའི་མཛེས་ཉམས་དང་མཛེས་སྡུག་མཉམ་གནས་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མཛེས་སྡུག་ལྡན་པའི་བྱ་དངོས་ཐམས་ཅད་ཕན་ཚུན་འདྲ་མཚུངས་རེད། མཛེས་སྡུག་ལྡན་པའི་བྱ་དངོས་ལ་བཅངས་པའི་མི་དམངས་ཀྱི་འདོད་འདུན་ནི་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་འགོག་ཐབས་བྲལ་བ་ཞིག་རེད།

གསུམ། སྒོ་དབྱེ་ཁོང་ཡངས་དང་ཕན་ཚུན་སློབ་སྦྱོང་མྱོང་ལེན་མཐའ་འཁྱོངས་བྱེད་དགོས་ཤིང་། སྤེལ་རེས་མྱོང་ལེན་ནི་ཤེས་དཔལ་འཕེལ་རྒྱས་ཀྱི་ངོ་བོའི་བླང་བྱ་ཞིག་རེད། ཤེས་དཔལ་སྤེལ་རེས་མྱོང་ལེན་བྱེད་པ་ནི་འདྲ་མཚུངས་དང་། འདྲ་མཉམ། སྣ་མང་། ཕྱོགས་མང་བཅས་ཡིན་དགོས་པ་ལས། བཙན་ཤེད་དང་། བཙན་སྐུལ། ཁེར་རྐྱང་། ཕྱོགས་རྐྱང་བཅས་ཡིན་མི་རུང་།

བཞི། དུས་བསྟུན་མདུན་སྐྱོད་དང་གསར་གཏོད་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། ང་ཚོས་གསར་གཏོད་ལ་བརྟེན་ནས་ཤེས་དཔལ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྣོན་པ་དང་ཤེས་དཔལ་ཡར་ཐོན་གྱི་འབྱུང་རྩའི་གསོན་ཤུགས་འཕེལ་བར་བྱས་ནས་དུས་ཚོད་དང་བར་སྟོང་ལས་བརྒལ་བ་དང་ནམ་ཡང་ཡིད་དབང་འཕྲོག་ཤུགས་ལྡན་པའི་ཤེས་དཔལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་གཏོད་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡའི་ཤེས་དཔལ་གྱི་ཤུལ་བཞག་སྲུང་སྐྱོང་བྱ་སྤྱོད་ལ་ཞུགས་ཏེ་དེ་བས་ལེགས་པའི་སྒོ་ནས་ཤེས་དཔལ་རྒྱུན་འཛིན་བྱེད་པར་དགོས་ངེས་ཀྱི་འདེགས་སྐྱོར་བྱེད་འདོད་ཡོད་པ་དང་། འབྲེལ་ཡོད་རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡའི་དཔེ་མཚོན་བརྩམས་ཆོས་ཕན་ཚུན་ཡིག་སྒྱུར་གྱི་འཆར་གཞི་དང་ཨེ་ཤེ་ཡའི་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་སྤེལ་རེས་མཉམ་ལས་ཀྱི་འཆར་གཞི་ལག་ལེན་བསྟར་ཏེ། མི་རྣམས་ཀྱིས་རིག་གནས་ལ་ཕན་ཚུན་རྒྱུས་མངའ་དང་མྱོང་རོལ་བྱེད་ཟབ་ཏུ་བཏང་ནས་ཤེས་དཔལ་གྱི་མཛེས་སྡུག་ངོམ་སྟོན་དང་བརྒྱུད་སྤེལ་ཆེད་སྤེལ་རེས་མྱོང་ལེན་གྱི་ལས་སྟེགས་གཏོད་འདོད་ཡོད་པ། རྒྱལ་ཁབ་ཁག་དང་མཉམ་དུ་རིགས་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཇུས་འདོན་ཚོགས་པའི་སྤེལ་རེས་མཉམ་ལས་ཀྱི་དྲ་རྒྱ་གཏོད་པ། མཉམ་ལས་ཀྱི་བྱེད་ཐབས་གསར་གཏོད་བྱེད་པ། རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་བྱེད་ཟབ་ཏུ་དང་ཏན་ཏིག་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཤེས་དཔལ་སྤེལ་རེས་མྱོང་ལེན་ལ་སྐུལ་འདེད་གཏོང་ཕྱིར་ཆ་རྐྱེན་སྐྲུན་འདོད་ཡོད་པ། རྒྱལ་ཁབ་ཁག་དང་མཉམ་དུ་ཨེ་ཤེ་ཡའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་འཆར་གཞི་ལག་ལེན་བསྟར་ནས་ཨེ་ཤེ་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཨེ་ཤེ་ཡའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་ནི་ཨེ་ཤེ་ཡའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གནའ་སྔ་མོ་ནས་བཟུང་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་གསར་གཏོད་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་། དུས་བབ་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁྲོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་དོན་གཉེར་བྱེད་ཕྱོགས་ཟབ་ཤོས་ཡིན་པ་བཅས་ཀྱི་ཀྲུང་ཧྭའི་ཤེས་དཔལ་ནི་ཀྲུང་ཧྭ་མི་རིགས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་འཕེལ་རྒྱས་སྟོབས་ཆེར་འགྲོ་སའི་ཞིང་ས་གཤིན་པོ་ལྟ་བུ་ཞིག་རེད། ཀྲུང་ཧྭ་མི་རིགས་ནི་ཤེས་དཔལ་གཞན་དང་རྒྱུན་ཆད་མེད་པར་སྤེལ་རེས་མྱོང་ལེན་བྱེད་པའི་ཁྲོད་གྲུབ་པའི་སྒོ་དབྱེའི་མ་ལག་ཅིག་ཡིན་པས། ཐོག་མཐའ་བར་གསུམ་དུ་མཉམ་འདུས་མཉམ་གསོག་ཁྲོད་གསོན་ཤུགས་དེ་བས་རྒྱས་བཞིན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དེང་དུས་ཀྱི་ཀྲུང་གོ་ནི་ཀྲུང་གོའི་ཀྲུང་གོ་ཙམ་མ་ཟད། ཨེ་ཤེ་ཡའི་ཀྲུང་གོ་དང་འཛམ་གླིང་གི་ཀྲུང་གོ་ཡང་ཡིན། མ་འོངས་པའི་ཀྲུང་གོས་དེ་བས་སྒོ་དབྱེའི་རྣམ་པའི་ཐོག་ནས་འཛམ་གླིང་ལ་རྒྱུས་ལོན་བྱ་རྒྱུ་དང་གསོན་ཤུགས་སྔར་ལས་ཆེ་བའི་ཤེས་དཔལ་གྱི་གྲུབ་འབྲས་ཐོག་ནས་འཛམ་གླིང་ལ་ལེགས་སྐྱེས་འབུལ་ངེས་ཡིན་ཞེས་ནན་བཤད་གནང་བ་རེད།

ཁམ་་འི་རྒྱལ་པོ་ཤིས་ཧ་མོ་ཉི་དང་། ་་སེའི་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི། སིང་ཀ་ཕོར་གྱི་ཙུང་ཐུང་ཧ་ལི་མཱ། ་་ལན་ཁའི་ཙུང་ཐུང་ཤིས་ལི་སེ་ནཱ། ཨར་་་ཡའི་ཙུང་ལི་ཕཱ་ཤིས་ཉི་དབྱང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙུའུ་ལའེ་བཅས་ས་ཀྱང་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བསྒྲོན་པ་རེད། ཁོང་མ་པས་འཛམ་གླིང་ནི་སྣ་མང་ཅན་ཞིག་རེད། རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་་འ་བ། ཤེས་དཔལ་མི་འདྲ་བ་བཅས་ལས་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་འ་ན་ང་ག་བ་ད། ཤེས་དཔལ་མི་གཅིག་ནའང་འདྲ་མཉམ་ཡིན། ཤེས་དཔལ་གང་ཞིག་ན་ང་ས་ཤེས་དཔལ་གཞན་་ཚབ་བྱེད་ཐབས་ལ་བ་དང་ཤེས་དཔལ་གང་ཞིག་ཡིན་རུང་དེས་ཤེས་དཔལ་གཞན་ག་ལ་མ་འདོད་དམའ་འབབ་བྱེད་ཐབས་ལ། ཕན་ཚུན་བརྩི་འཇོག་བྱེད་དགོས་པ་སྟེ། ཤེས་དཔལ་གྱི་བར་ཁྱད་རང་བཞིན་དང་། རང་ཚུགས་རང་བཞིན། སྣ་མང་རང་བཞིན་བཅས་ལ་བརྩི་འཇོག་བྱེད་དགོས། ཤེས་དཔལ་དབར་འབྲེལ་གཏུག་གླེང་མོལ་དང་སྤེལ་རེས་མྱོང་ལེན་བྱེད་དགོས། དེ་འདྲ་བྱས་ཚེ་ད་གཟོད་གཞི་ནས་འཛམ་གླིང་རྒྱུན་མཐུད་ཞི་བདེ་དང་མིའི་རིགས་དར་རྒྱས་གོང་འཕེལ་ཡོང་ཐུབ་ཅེས་གསུངས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།