ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-15 11:06:39

“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རླབས་ཆེན་གྱི་ཕུགས་འདུན་འགྲུབ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ཐད་ཉམས་སད་ཐེག་པ། ལས་སྒྲུབ་ལས་གཏོད་ཐད་འགན་འཁྲི་འཁུར་ཕོད་པ། དམངས་ཆེད་ཞབས་ཞུའི་ཐད་དཀའ་གནད་སེལ་བ། གཞུང་དྲང་སྤྱོད་གཙང་ཐད་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་ཚད་དུ་སླེབས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ལྡན་སྤོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཏང་ཡོན་ལས་བྱེད་པར་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་སྐྱོང་གི་ལས་རྗེས་ལྟ་བ་འཛུགས་པ་དང་། དངོས་འཛིན་དངོས་སྒྲུབ། སྤྱོད་ཚུལ་སྒྱུར་བ་བཅས་བྱེད་དགོས། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས།

ཟླ་5ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་འདི་ལོའི་ཟླ་6པ་ནས་བཟུང་། ཏང་ཡོངས་སུ་གོང་ནས་འོག་བར་ཁག་ཐེངས་གཉིས་ལ་དབྱེ་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་གནང་བ་རེད། ད་དུང་ཚོགས་འདུའི་ཐོག《འབྲི་ཆུའི་ཟུར་གསུམ་ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》ལ་གྲོས་ཞིབ་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་གཞིར་བཟུང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ནས་ཏང་ཡོངས་སུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ངང་དུས་རབས་གསར་པའི་ཏང་གི་ལོ་རྒྱུས་འགན་འཁྲི་སྒྲུབ་ཆེད་འབད་བརྩོན་ལྷོད་མེད་བྱེད་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་རེད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པར་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། དེ་རང་རེའི་ཏང་གིས་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་པ་དང་། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རླབས་ཆེན་གྱི་སྤྱི་ཚོགས་ཀྱི་གསར་བརྗེ་འདི་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར། བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་ལེན་བསྟར་རྒྱུ་དང་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་རྒྱུ་ཟུང་འབྲེལ་བྱས་ནས་རང་རེའི་ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་ལྟ་བ་དང་མང་ཚོགས་ལམ་ཕྱོགས་བསམ་བློའི་ཁྲོད་རྩ་བ་ཚུགས་པ་དང་བྱ་སྤྱོད་ཐོག་ཞིབ་ཕྲའི་དོན་འཁྱོལ་ཐུབ་པར་བྱས་ཏེ་ཏང་གི་སྲིད་སྐྱོང་གི་གྲལ་རིམ་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས་པ། ཏང་ཡོངས་ཀྱི་བློ་མཐུན་ཚོས་འགན་འཁྲི་དང་ལས་འགན་བློ་ཁོག་ཆེན་པོས་འཁུར་བ་དང་། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་འཕེལ་བར་ཁྲིད་སྟོན་བྱས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྷག་དོན་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་རྩ་བའི་ལས་འགན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་སྤྲོས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རླབས་ཆེན་གྱི་ཕུགས་འདུན་འགྲུབ་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་བརྟན་སྲུང་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ལག་བསྟར་བྱས་ཏེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ཐད་གྲུབ་འབྲས་ཐོབ་པ་དང་། བསམ་བློ་ཆབ་སྲིད་ཐད་ཉམས་སད་ཐེག་པ། ལས་སྒྲུབ་ལས་གཏོད་ཐད་འགན་འཁྲི་འཁུར་ཕོད་པ། དམངས་ཆེད་ཞབས་ཞུའི་ཐད་དཀའ་གནད་སེལ་བ། གཞུང་དྲང་སྤྱོད་གཙང་ཐད་མིག་དཔེ་སྟོན་པ་བཅས་ཀྱི་དམིགས་ཚད་དུ་སླེབས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནུས་ལྡན་སྤོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཏང་ཡོན་ལས་བྱེད་པར་ཏང་གི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས་མཐའ་འཁྱོངས་ཀྱིས་ཡང་དག་པའི་སྲིད་སྐྱོང་གི་ལས་རྗེས་ལྟ་བ་འཛུགས་པ་དང་། དངོས་འཛིན་དངོས་སྒྲུབ། སྤྱོད་ཚུལ་སྒྱུར་བ་བཅས་བྱེད་དགོས། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་ལྟ། དག་ཐེར་དོན་འཁྱོལ་བཅས་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཏང་ཨུད(ཏང་ཙུའུ)ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོས་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་སྒྲུབ་དགོས། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་དང་ཐོག་རང་ངོས་ཀྱི་སློབ་གསོར་དམ་འཛིན་ཡག་པོ་བྱས་ནས་མིག་དཔེ་སྟོན་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་གྱི་ལམ་ལུགས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་སེལ་བ་དང་ས་ཁུལ་དེ་ག་དང་སྡེ་ཚན་དེ་ག་ཚན་པ་དེ་གའི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱས་ནས“ཐ་དད་འབྲེལ་མེད་དུ་མི་འགྲོ་བ”བྱེད་དགོས། སྤྱོད་ཚུལ་བཟང་པོར་བརྟེན་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་ཕྱི་ཚུལ་རིང་ལུགས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་རང་ངོས་བྱང་ཚད་མཐོར་གཏོང་དང་། གནད་དོན་ཐག་གཅོད་ཀྱི་ཕན་འབྲས། མང་ཚོགས་ཀྱི་གདེང་འཇོག་བསམ་འཆར་སོགས་ཀྱི་ཐད་ནས་འགོ་བརྩམས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་ཕན་འབྲས་ལ་དཔྱད་དཔོག་བྱེད་དགོས། ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་འགྲུབ་པའི་ཉམས་མྱོང་བཟང་པོ་དང་། བྱ་ཐབས་བཟང་པོ། ལམ་ལུགས་བཟང་པོ་བཅས་བེད་སྤྱོད་ཡག་པོ་དང་རྒྱུན་འཁྱོངས་ཡག་པོ་བྱེད་དགོས།

ཚོགས་འདུའི་ཐོག་འབྲི་ཆུའི་ཟུར་གསུམ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཡག་ཤོས་དང་། སྒོ་དབྱེའི་ཚད་གཞི་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་ཀྱི་གྲས་ཤིག་ཡིན་པས་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཁྲོད་ཧ་ཅང་གལ་འགངས་ཆེ་བའི་གནས་བབ་ལྡན་ཡོད།

ཚོགས་འདུའི་ཐོག་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་བ་ཞིག་རེད། བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་གནད་དང་འགག་རྩར་དམ་འཛིན་བྱེད་དགོས། “གཞི་གཅིག་ཅན”གྱི་འདུ་ཤེས་འཛུགས་པ་དང“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཅངས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ་དང་ཐོན་ལས་འཁོར་འབྲེལ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་ཡག་པོ་བྱེད་པ། དོན་འཁྱོལ་ཞིབ་ཚགས་བྱེད་པ། 《འཆར་འགོད་རྩ་གནད》གཏན་འབེབས་ཀྱི་ལས་འགན་ཁག་དབྱེ་ནས་དོན་འཁྱོལ་བྱེད་པ། བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱེད་དགོས། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་གྲོང་ཁྱེར་དང་ཞིང་ཆེན་གྱིས་གཞི་གཅིག་ཅན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུའི་ཟུར་གསུམ་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ད་དུང་ཚོགས་འདུའི་ཐོག་དོན་གནད་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།