སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་སྤྱི་བདེའི་འཐབ་ཕྱོགས་དང་པོའི་ཉེན་རྟོག་པར་སྐུལ་ལྕག་ཆེན་པོ་ཐེབས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-13 17:26:01

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་ཀྱི་སྤྱི་བདེའི་འཐབ་ཕྱོགས་དང་པོར་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཞིང་། ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་། “གདེང་ཚོད་བཞི”བརྟན་དུ་གཏོང་། “སྲུང་སྐྱོང་གཉིས”ཐུབ་པ། ཏང་ལ་ལྷག་བསམ་རྣམ་དག་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཚོའི་བདེ་འཇགས་ཚོར་སེམས་དེ་བས་ཡག་པ་དང་། དེ་བས་འགན་ལེན། དེ་བས་རྒྱུན་མཐུད་བཅས་ཡོང་བར་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྔར་བས་བརྟན་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

“ཆབ་སྲིད་ལ་བརྟེན་ནས་ཉེན་རྟོག་པ་འཛུགས་སྐྱོང་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེར་གཏོང་བ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་དར་རྒྱས་གཏོང་བ། ཉེན་རྟོག་པ་ནན་པོས་སྐྱོང་བ”བཅས་བྱེད་དགོས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་བདེའི་ལས་དོན་ལ་བཏོན་གནང་བའི་མཛད་ཕྱོགས་ཡིན་པས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཝང་ཀྲའོ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པར་ཇི་ལྟར་བྱས་ཏེ་ཉེན་རྟོག་པ་འཛུགས་སྐྱོང་དང་། སྟོབས་ཆེར་གཏོང་བ། དར་རྒྱས་གཏོང་བ། སྐྱོང་བ་བཅས་ཀྱི་རྩ་བའི་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་གནད་དོན་ལ་ལན་གནད་ལ་འཕིགས་པོ་བསྐྱོན་ཡོད། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སྤྱི་བདེ་ལས་ཁུངས་ཀྱི་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་ལག་བསྟར་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷོ་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ལྟ་ཞིབ་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་ཐེན་ཡུང་ཅིའུ་ཡིས“དུས་རབས་གསར་པའི་སྤྱི་བདེའི་ལྟ་ཞིབ་ལས་དོན་ཐད་མི་དམངས་ཉེན་རྟོག་པ་མི་རེ་ངོ་རེས་རང་ངོས་ཀྱི་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ཏེ་རང་ཉིད་ལ་གཅུན་འདོམས་བྱེད་པ་དང་། དཔུང་སྡེའི་དོ་དམ་ཐད་ནན་པོ་དང་དྲང་པོ་བྱས་ཏེ་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཚད་མཐོའི་རང་རྟོགས་དངོས་འབྲེལ་འཇགས་པར་བྱེད་པ། དངོས་འབྲེལ་དོ་དམ་ནན་པོ་དང་། དོ་དམ་ནན་པོ་བྱེད་ཕོད་པ། རྟག་ཏུ་དོ་དམ་ནན་པོ་དང་རྒྱུན་དུ་དམ་འཛིན་བཅས་ཐུབ་པ་བྱས་ཏེ་ཉེན་རྟོག་པ་ནན་པོས་སྐྱོང་བ་དང་། སྤྱི་བདེའི་དམག་ཧྲག་ཅིག་ཞུན་བརྡར་སྤྲོས་པ། ལྷག་བསམ་རྣམ་དག་གི་ཉེན་རྟོག་པའི་སྙིང་སྟོབས་ཤིག་གཏོད་དགོས”ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།