ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:40:57

སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་རྒྱུ་དེ་ཁྲིམས་སྐྱོང་དང་ཁ་འབྲལ་ཐབས་མེད་ལ་སྒྱུར་བཅོས་སྒོ་དབྱེ་ཇི་ཙམ་གཏིང་ཟབ་བྱས་ཚེ་དེ་ཙམ་གྱིས་ཁྲིམས་སྐྱོང་ནན་བཤད་བྱེད་དགོས་ལུགས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ཉམས་མྱོང་གིས་ང་ཚོར་གསལ་པོར་བསྟན་ཡོད། ཁྲིམས་སྐྱོང་འཛུགས་སྐྱོང་གི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་འགན་ལེན་དང་དེར་ཞབས་འདེགས་ཞུ་བ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཕྱིར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས། 

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་25ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་རྒྱུ་དེ་ཁྲིམས་སྐྱོང་དང་ཁ་འབྲལ་ཐབས་མེད་ལ་སྒྱུར་བཅོས་སྒོ་དབྱེ་ཇི་ཙམ་གཏིང་ཟབ་བྱས་ཚེ་དེ་ཙམ་གྱིས་ཁྲིམས་སྐྱོང་ནན་བཤད་བྱེད་དགོས་ལུགས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ཉམས་མྱོང་གིས་ང་ཚོར་གསལ་པོར་བསྟན་ཡོད། ཁྲིམས་སྐྱོང་འཛུགས་སྐྱོང་གི་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འཛུགས་ལས་དོན་གྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ། སྒྱུར་བཅོས་འཕེལ་རྒྱས་འགན་ལེན་དང་དེར་ཞབས་འདེགས་ཞུ་བ། ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ལ་སྐུལ་འདེད་གཏོང་ཕྱིར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས་པའི་ནན་བཤད་གནང་བ་རེད། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། 

ཚོགས་འདུའི་ཐོག《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་2018ལོའི་ལས་དོན་གྱི་ཕྱོགས་སྡོམ་སྙན་ཞུ》དང《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་2019ལོའི་ལས་ཀའི་གཙོ་གནད》 《2019ལོའི་ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་འཆར་གཞི》 《རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་2019ལོའི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི》 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2019ལོའི་ཁྲིམས་འཛུགས་ལས་དོན་གྱི་འཆར་གཞི》 《ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གཏོད་པའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》《ཧའེ་ནན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་ཧའེ་ནན་གྱིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བསམ་འཆར》 《སྲིད་འཛིན་ཐབས་ཇུས་གོ་རིམ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག(འཆར་ཟིན)》སོགས་ཀྱི་ཡིག་ཆའི་མ་ཟིན་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད། 

ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་ཚུན། ཏང་གིས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་གཙོ་གནད་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ས་ཁུལ་དང་སྡེ་ཚན་ཁག་དང་། ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ཚོགས་ཆུང་ཁག ཁོངས་མིའི་ཚན་པ་བཅས་ཀྱིས་འགན་འཁྲི་ཡག་པོ་འཁུར་བ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཨུ་ཡོན་ལྷན་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད། ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱས་པའི་ལོ་འཁོར་གྱི་ལས་འགན་སྤྱིར་ན་ལེགས་གྲུབ་ཟིན་ནས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོ་དོན་འཁྱོལ་ཡག་པོ་བྱུང་བ་དང་ཕན་འབྲས་བཟང་པོ་ཐོན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་འབྲེལ་བ་ཡོད་པ་དང་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་གཅིག་གཅིག་མཇུག་གཉིས་མཐུད་ངང་འདོན་པ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་གཏིང་ཟབ་བྱེད་པ་བཅས་བྱས་པས་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཐད་གོམ་སྟབས་གསར་པ་སྤོས་ཡོད། 

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁྲིམས་སྐྱོང་འཛུགས་སྐྱོང་འཆར་འགོད་བྱེད་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལས་ཀའི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་ལ་ཆེད་དོན་ཞིབ་འཇུག་བྱས་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་2035ལོར་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་སྤྱིར་ན་སྐྲུན་ཐུབ་པ་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལག་བསྟར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་དང་འཚམ་པ་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་མཐུན་སྦྱོར་ཡོང་བ་བྱེད་པ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་ཏན་ཏིག་གཏོང་བ། ལམ་ལུགས་ཇུས་འགོད་ཐུབ་པ་དང་སྤྱོད་གོ་དངོས་འབྲེལ་ཆོད་པ་བཅས་བྱས་ཏེ་རྩ་བ་བརྟན་སྲུང་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ཁྲིམས་སྐྱོང་གི་འགན་ལེན་ནུས་པ་འདོན་སྤེལ་བྱེད་དགོས། 

ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། འཕེལ་རྒྱས་ཐད་སྤུས་ཚད་མཐོ་པོ་དགོས་ལ། ཁྲིམས་འཛུགས་ཐད་ལའང་སྤུས་ཚད་མཐོ་པོ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ། རྩ་ཁྲིམས་ལྟེ་བར་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཅུང་ཆ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁྲིམས་འཛུགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་བརྟེན་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་འགན་ལེན་དང་སྐུལ་འདེད་གཏོང་དགོས། དུས་རབས་གསར་པར་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་གཞི་གསར་པ་བསྐྲུན་པའི་དགོས་མཁོ་དང་འཚམ་པ་བྱས་ཏེ་གཅིག་གྱུར་གྱི་ཕྱི་ཕྱོགས་མ་དངུལ་གྱི་རྨང་གཞིའི་རང་བཞིན་གྱི་བཅའ་ཁྲིམས་གཏན་འབེབས་བྱེད་དགོས། སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པའི་ས་ཁུལ་གྱི་འབྲེལ་ཡོད་ཁྲིམས་འཛུགས་དབང་སྤྲོད་ལས་དོན་སྔ་ཙམ་བཀོད་སྒྲིག་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་། སྐྱེ་དངོས་བདེ་འཇགས། ས་ཆའི་ལམ་ལུགས་སྒྱུར་བཅོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སོགས་ཐད་ཀྱི་ཁྲིམས་འཛུགས་རྣམ་གྲངས་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ་གསར་འཛུགས་དང་། བཟོ་བཅོས། མཚམས་འཇོག གསལ་འགྲེལ་བཅས་མཉམ་དུ་བྱེད་དགོས། 

ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྲུན་མཐའ་འཁྱོངས་བྱེད་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་རྒྱུ་ནི་གཙོ་གནད་ལས་འགན་ཡིན་པས་ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུའི་ངོས་ནས་བརྗོད་ཚེ་དཔེ་སྟོན་སྐུལ་ཁྲིད་ཀྱི་ནུས་པ་ལྡན་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དཔེ་སྟོན་གཏོད་པའི་བྱེད་སྒོར་མཛུབ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱི་ཚུལ་རིང་ལུགས་གཏན་འགོག་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས།

ཚོགས་འདུའི་ཐོག་མཛུབ་སྟོན་གནང་དོན། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་ནི་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། ཏང་གི་འགོ་ཁྲིད་སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་པ་བྱས་ཏེ་ཐབས་ཇུས་ཀྱི་ཁྲིམས་བཀོད་གོ་རིམ་ལག་ལེན་བསྟར་བ་དང་། སྤྱི་དམངས་ཞུགས་པའི་ཕན་འབྲས་ཆེ་རུ་གཏོང་བ། རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་བ། ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་མཐའ་འཁྱོངས་བྱེད་པ། ཐབས་ཇུས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་པ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དོན་དངོས་ནས་འགོ་རྩོམ་རྒྱུ་མཐའ་འཁྱོངས་བྱེད་པ། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། ཚད་ལྡན་གྱི་གོ་རིམ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་བརྟེན་ནས་སྤྱི་པའི་ཁེ་ཕན་ཆེ་རིགས་དང་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་རེད། འདྲ་མཉམ་ལ་སྲུང་སྐྱོང་བྱེད་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་ལག་བསྟར། ཁྲིམས་འཛིན། ཁྲིམས་སྲུང་སོགས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་བདག་དབང་དང་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་དང་འདྲ་མཉམ་ངང་སྲུང་སྐྱོང་བྱེད་དགོས། ཁྲིམས་སྐྱོང་སྤྱད་དེ་སྲིད་གཞུང་དང་ཁྲོམ་རའི་དབྱེ་མཚམས་ཚད་ལྡན་དུ་བཏང་སྟེ་ཁྲོམ་རའི་དཔལ་འབྱོར་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་ཁྲོམ་ར་ཅན་གྱི་ཐབས་ལམ་བརྒྱུད་ཁྲིམས་སྐྱོང་གི་སྒྲོམ་གཞིའི་ནང་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་ཁེ་ཕན་གྱི་འབྲེལ་བ་ལེགས་སྒྲིག་བྱེད་དགོས། ལས་ཀའི་གཙོ་གནད་དེ་ལམ་ལུགས་དང་ཁོར་ཡུག་འཐུས་སྒོ་ཚང་དུ་གཏོང་བའི་ཐོག་བཞག་ནས་ཁྲིམས་སྲོལ་ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། བཟའ་བཅའ་དང་སྨན་རྫས་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཀྱི་གནད་དོན་ཆེ་རིགས་རྩ་བཅོས་བྱེད་ཐབས་སྤྱད་དེ་ཁྲིམས་འགལ་བར་ཁྲིམས་ཆད་ནན་པོ་གཅོད་པ་དང་ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་བྱེད་དགོས། རང་རྒྱལ་གྱི་ཁྲིམས་ཕྱི་ཁོངས་སུ་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་མ་ལག་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་འདེགས་ཧུར་ཐག་ཞུ་བ། ཁེ་ལས་ཚད་མཐུན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་འགན་ལེན་དང་དེར་ཞབས་འདེགས་ཞུ་དགོས།

ཚོགས་འདུའི་ཐོག་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། ཀྲུང་དབྱང་གི་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་ཚོགས་ཆུང་གིས་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁྱབ་ཁོངས་འདི་གའི་ཁྲིམས་སྐྱོང་འཛུགས་སྐྱོང་ལས་འགན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་ཁྲིམས་བཞིན་རྒྱལ་སྐྱོང་གཞུང་དོན་ཐིང་གིས་འགན་འཁྲི་ནན་ཏན་བསྒྲུབས་ནས་ལས་འགན་མཐུན་སྦྱོར་དང་། ལྟ་སྐུལ། ཞིབ་བཤེར། སྐུལ་འདེད་བཅས་ལ་ཤུགས་སྣོན་རྒྱག་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་པར་ཡང་དག་པའི་བྱ་ཐབས་སྟངས་འཛིན་བྱས་ནས་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།