བོད་ཀྱིས་ཁྲལ་བསྡུའི་སྲིད་ཇུས་ལྷུག་ཏུ་བཏང་བ།

མི་དམངས་ཉིན་རེའི་ཚགས་པར།

| 2019-02-26 10:30:50

ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་དང་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་ལས་ཁེ་ལས་ཀྱི་ཁྲལ་བསྡུའི་ཁུར་པོ་ཐད་ཀར་ཡང་དུ་ཕྱིན་ནས་སྲིད་ཇུས་ཀྱི་གཟིགས་སྐྱོང་མཉམ་སྤྱོད་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་ནུབ་བརྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས། ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་སྐུལ་འདེད་ཐུབ་ནས་བོད་ཀྱི་དམངས་ཡོངས་ཀྱི་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་2ཚེས་22ཉིན་གློག་འཕྲིན་འབྱོར་གསལ། “རིན་ཐང་འཕར་ཁྲལ་དུས་ཚིགས་བཞིན་རེ་ཞུ་བྱེད་པ་དེ་ཟླ་རེ་བཞིན་རེ་ཞུ་བྱེད་པར་འགྱུར་རྗེས་ཀུང་སིའི་ཟླ་དང་པོ་དང་གཉིས་པའི་སྔོན་རྩིས་ཚོང་གཉེར་ཡོང་འབབ་ན་ནིང་གི་དུས་མཚུངས་དང་འདྲ་པོ་བྱུང་ནས་ཚང་མ་སྒོར་ཁྲི་10ཟིན་མེད་པས་སྒོར་བདུན་སྟོང་བརྒྱད་སྟོང་གི་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་བྱུང”ཞེས་བོད་ལྗོངས་ནག་ཆུ་འབྲུ་སྣུམ་སྒོ་བསྟེན་ཚོང་ཁང་གི་ནོར་དོན་འགན་ཁུར་བ་ཧུད་ཆིའུ་ཧུང་གིས་བཤད།

2018ལོ་ནས་བཟུང་། བོད་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྲལ་བསྡུའི་སྲིད་ཇུས་ལྷུག་ཏུ་བཏང་སྟེ་ཆག་ཡང་གཏོང་དགོས་རིགས་ཚང་མ་ཆག་ཡང་གཏོང་གང་ཐུབ་དང་། རྩ་ཆག་གཏོང་དགོས་རིགས་ཚང་མ་རྩ་ཆག་གཏོང་གང་ཐུབ། ཕྱིར་སློག་བྱེད་དགོས་རིགས་ཚང་མ་ཕྱིར་སློག་བྱེད་གང་ཐུབ་བཅས་བྱས་ཏེ་དཔལ་འབྱོར་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཁྲོམ་རའི་བྱེད་པོ་ཁག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

བསྡོམས་རྩིས་ལ་གཞིགས་ན། 2018ལོར་བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་སྒོར་དུང་ཕྱུར་219.12ཟིན་པའི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་ལས་སྒོ་སྣ་ཚོགས་སྒྲུབ་གཉེར་བྱས་པ་དང་སྒོར་དུང་ཕྱུར་1.15ཟིན་པའི་ཕྱིར་གཏོང་གི་ཁྲལ་སློག(རྩ་ཆག)གི་ཞིབ་མཆན་སྒྲུབ་གཉེར་བྱས་པས་ཁྲལ་བསྡུས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་འགན་ནུས་འདོན་སྤེལ་ནུས་ལྡན་ཐུབ་པ་དང་། ལོ་ཧྲིལ་པོར་ཁྲལ་ཚད་ལེགས་སྒྲིག་དང་འབྲེལ་བ་ཡོད་པའི་རིན་ཐང་འཕར་ཁྲལ་གྱི་སྤྱིར་བཏང་ཁྲལ་འཇལ་མཁན་ཚོང་དུད་ཁྲི་1.11ལ་དངོས་སུ་དཔྱ་ཁྲལ་ཆག་ཡང་སྒོར་དུང་ཕྱུར་5.59བཏང་ཡོད།

རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་ལིའུ་ཧུའུ་ཡིས་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་དང་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་ལས་ཁེ་ལས་ཀྱི་ཁྲལ་བསྡུའི་ཁུར་པོ་ཐད་ཀར་ཡང་དུ་ཕྱིན་ནས་སྲིད་ཇུས་ཀྱི་གཟིགས་སྐྱོང་མཉམ་སྤྱོད་ཐུབ་པ་མ་ཟད། རྒྱལ་ཁབ་ཀྱི་ནུབ་བརྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས། ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བཅས་ལ་སྐུལ་འདེད་ཐུབ་ནས་བོད་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱ་རྒྱུར་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད་ཅེས་བཤད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བར། འདི་ལོ་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ཀུན་ཕན་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་ལ་དམིགས་ནས་ཁྲལ་དོན་ལས་བྱེད་པར་གཅིག་སྡུད་ཐོག་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག་གཅིག་སྡུད་གསོ་སྦྱོང་དང་སྒོ་རྩར་བསྐྱོད་ནས“གཅིག་གཏད་གཅིག”གི་ཟུར་ཁྲིད་བརྒྱུད་བྱེད་ཐབས་སྣ་མང་དང་ཐབས་ལམ་མང་པོའི་ཐོག་ནས་དཔྱ་ཁྲལ་ཆག་ཡང་དང་འགྲོ་གྲོན་དམའ་རུ་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཁྲལ་འཇལ་མཁན་ཚང་མར་ཁྱབ་པ་བྱས་ཏེ་ཁྲལ་འཇལ་མཁན་གྱིས་ཤེས་དགོས་རིགས་ཚང་མ་ཤེས་གང་ཐུབ་དང་ལོངས་སྤྱོད་ཐུབ་དགོས་རིགས་ཚང་མ་ལོངས་སྤྱོད་གང་ཐུབ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།