ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

མི་དམངས་ཉིན་རེའི་ཚགས་པར།

| 2018-11-02 12:26:48

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་སྦྲགས། མིག་སྔའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་པ། ཉེན་ཁ་གལ་ཆེན་དོགས་ཟོན་དང་སེལ་བ་དང་། གནད་སྨིན་དབུལ་སྒྲོལ། སྦགས་བཙོག་འགོག་བཅོས་བཅས་ཀྱི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་འབད་བརྩོན་ཆེན་པོས་ཡག་པོ་རྒྱག་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་གཏོང་བ་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་བརྩོན་བྱུང་ནས་མུ་མཐུད་ལུགས་མཐུན་ཁུལ་དུ་གནས་ཡོད། ཡུལ་མིའི་འཛད་སྤྱོད་རིན་གོང་སྤྱིར་ན་བརྟན་པོ་བྱུང་བ་དང་། བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་ཉེ་ལམ་ལོ་ཤས་རིང་གི་ཆུ་ཚད་ཅུང་མཐོ་ཤོས་སུ་སླེབས་པ། ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཅུང་མགྱོགས་པོ་འཕར་བ། ཕྱི་དངུལ་བེད་སྤྱོད་བྱེད་རྒྱ་བརྟན་པོའི་ངང་རྒྱ་ཆེར་ཕྱིན་པ། སྟོན་བསྡུའི་འབྲུ་རིགས་ལ་ཐོན་ལེགས་བྱུང་བ། ཡུལ་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་སྤྱིར་ན་མཚུངས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་དུ་འཕར་བའི་ལོ་ཧྲིལ་པོའི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་ཐུབ་པ་བཅས་བྱུང་ཡོད་ལ། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ནས་དངུལ་རྩའི་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་བས་ཁྲོམ་རའི་གདེང་ཚོད་ཆེ་རུ་ཕྱིན་ཡོད།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་འགྱུར་ལྡོག་བྱུང་བ་དང་། དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ། ཁེ་ལས་ཁག་གཅིག་གི་གཉེར་སྐྱོང་ལ་དཀའ་ངལ་མང་པོ་འཕྲད་པ་བཅས་བྱུང་ནས་ཡུན་རིང་བསགས་པའི་མི་མངོན་པའི་ཉེན་ཁ་ཐོན་འགོ་ཚུགས་ཡོད། དེའི་ཐད་ཚད་མཐོའི་མཐོང་ཆེན་གྱིས་མ་འོངས་སྔོན་མཐོང་རང་བཞིན་ཆེ་རུ་གཏོང་བ་དང་དུས་ཐོག་ཏུ་ཁ་གཏད་གཅོག་དགོས།

ཚོགས་འདུའི་ཐོག་བསྟན་དོན། མིག་སྔའི་རང་རྒྱལ་གྱི་དཔལ་འབྱོར་དུས་བབ་ནི་ཡུན་རིང་དང་དུས་ཐུང་དང་། ནང་ཁུལ་དང་ཕྱི་ཕྱོགས་སོགས་རྒྱུ་རྐྱེན་གྱི་ཐུན་མོང་གི་ནུས་པའི་འབྲས་བུ་ཞིག་རེད། རང་རྒྱལ་གྱི་དཔལ་འབྱོར་མགྱོགས་མྱུར་འཕར་བའི་དུས་མཚམས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སྒྱུར་བཞིན་ཡོད་པས་ཕྱི་ཕྱོགས་ཀྱི་ཁོར་ཡུག་ལའང་འགྱུར་ལྡོག་གཏིང་ཟབ་ཕྱིན་ནས་སྲིད་ཇུས་ཀྱི་ཕན་འབྲས་འགའ་སྔར་བས་ཐོན་རྒྱུ་བསྡད་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དཔལ་འབྱོར་འཁོར་སྐྱོད་ཐད་གནས་པའི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོའི་མདུན་དུ་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། འགལ་ཟླ་གཙོ་བོར་དམ་འཛིན་བྱེད་པ་བཅས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་ངང་ཐག་གཅོད་བྱེད་དགོས། རང་ཉིད་ཀྱི་ལས་དོན་ཏན་ཏིག་ངང་ལེགས་པར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕན་སྐྱེད་ཆེ་བའི་ནོར་སྲིད་སྲིད་ཇུས་དང་བརྟན་འཁྱོངས་ཀྱི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་བ། ལས་ཞུགས་བརྟན་པོ་དང་། དངུལ་རྩ་བརྟན་པོ། ཕྱི་ཕྱོགས་ཚོང་དོན་བརྟན་པོ། ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཀྱི་ལས་དོན་ལེགས་པར་སྒྲུབ་པ། ཕྱི་ཕྱོགས་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་གཅོག་པ་བཅས་ཀྱི་ཐོག་ནས་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ་དང་། དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་རྒྱུར་འཕྲད་པའི་དཀའ་ངལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། མ་རྩའི་ཁྲོམ་ར་སྒྱུར་བཅོས་ལ་གཞིགས་ནས་ལམ་ལུགས་འཛུགས་སྐྱོང་བྱེད་མགྱོགས་སུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཏེ་མ་རྩའི་ཁྲོམ་ར་ཡུན་རིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕན་སྐྱེད་ཆེ་ལ་ནུས་ལྡན་གྱི་སྒོ་ནས་ཕྱི་དངུལ་མུ་མཐུད་སྤྱད་དེ་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་བྱས་ནས་བཏོན་པའི་སྲིད་ཇུས་དང་བྱ་ཐབས་ཁག་གི་ནུས་པ་གང་མགྱོགས་ཐོན་པ་བྱེད་དགོས།

ཚོགས་འདུའི་ཐོག ལོ་མཇུག་གི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་སྒྲུབ་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་དང་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་གཉེར་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། དགུན་དུས་ཀྱི་དམངས་འཚོ་འགན་ལེན་གྱི་ལས་དོན་ཁག་ལེགས་པར་སྒྲུབ་པ་དང་། ལྷག་དོན་དུ་མང་ཚོགས་རྣམས་དྲོ་སོབ་སོབ་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་ཡག་པོ་བྱེད་པ། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པའི་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། རང་བྱུང་གནོད་འཚེ་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།