སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

མི་དམངས་ཉིན་རེའི་ཚགས་པར།

| 2018-10-30 17:05:53

འཟླ་10ཚེས་22ཉིན་ནས་ཚེས་25ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀོང་ཏུང་ལ་རྟོག་ཞིབ་གནང་བ་རེད། ཉིན་ཤས་བསྟུད་མར་གསར་འགོད་པས་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་སར་འཚམས་ལན་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་དེས་ཀོང་ཏུང་ལྷོ་ཕྱོགས་ཀྱི་ས་གཞི་ཆེ་མོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྙིང་སྟོབས་རབ་འཕེལ་བྱུང་བའི་རྣམ་པ་ཕྱོགས་གང་སར་འཕྱུར་བ་ཚོར། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དེ་བས་བརྟན་པའི་ཡིད་ཆེས་དང་ནུས་ལྡན་གྱི་བྱེད་ཐབས་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མཚམས་འཇོག་མི་བྱེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཙུགས་པའི་ཀྲུང་གོའི(ཀོང་ཏུང)རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྱི་ཡུག་ཁུལ་གསུམ་གྱི་གྲས་ཡིན་པའི་ཧྲེན་ཀྲེན་ཆན་ཧའེ་ཧྲེ་ཁོའུ་ཡུག་ཁུལ་འདི་ཉིད་རེས་སྐོར་གསར་པའི་སྒྱུར་བཅོས་སྒོ་དབྱེའི་ཚོད་ལྟ་ཁུལ་དུ་ཧུར་ཐག་བསྐྲུན་བཞིན་ཡོད། ལོ་ལྔ་ལྷག་ཙམ་གྱི་རྗེས“སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་ཆན་ཧའེ་རུ་ཕེབས་ནས་ཆན་ཧའེ་ཡི་འཛུགས་སྐྲུན་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། ཕྲག་ཐོག་གི་འགན་འཁྲི་ལྕི་རུ་སོང་བའི་ཚོར་སྣང་བྱུང་། ལོ་ལྔ་ལྷག་ཙམ་རིང་ཆན་ཧའེ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་རེ་དང་ད་དུང་བར་ཐག་ཆེན་པོ་ཡོད། འབྱུང་འགྱུར་ལམ་ལུགས་གསར་གཏོད་དང་། ཐོན་ལས་འཕེལ་རྒྱས། གྲོང་ཁྱེར་འཛུགས་སྐྲུན་བཅས་ཀྱི་ཐད་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་བླང་བྱ་ལྟར་ཆན་ཧའེ་དེ་བས་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན”ཞེས་ཧྲེན་ཀྲེན་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དང་ཆན་ཧའེ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཏུའུ་ཕུང་གིས་དེ་ལྟར་བཤད།

ཀོང་ཏུང་ཧུང་ཏ་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲེ་ཀྲང་ཧོང་ཨའོ་ཡིས་སེམས་འགུལ་ཆེན་པོས། “ལོ་40ལ་ཕྱིར་མིག་ལྟ་བ་དེ་ནི་དྲན་གསོ་ཞིག་རེད་ལ། དེ་བས་མང་ཆེ་བ་ནི་ཕྱོགས་སྡོམ་དང་རྒྱང་ལྟ་བྱས་ཏེ་སྔ་འཛིན་ཕྱི་གཏོད་བྱེད་པ་ཞིག་རེད། དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པར་འབད་འཐབ་དང་། གསར་གཏོད། བཟོ་བོའི་སྙིང་སྟོབས་བཅས་ཡོད་དགོས། ང་ཚོས་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་སྒྱུར་བཅོས་སྒོ་དབྱེའི་གཡུལ་ས་མདུན་མ་ཐུགས་ལ་བཅངས་ཡོད། “ཀོང་ཏུང་གི་འཕེལ་རྒྱས་འགག་རྩའི་དུས་སུ་སླེབས་ཡོད་པས་ངེས་པར་དུ་རིག་པ་རྩེ་གཅིག་ཏུ་སྒྲིམ་པ་དང་སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་ཁག་ཡག་པོ་སྤྱད་དེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོའི་ཐོག་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། སྙིང་སྟོབས་རབ་འཕེལ། བློ་སྟོབས་རྒྱས་པ། ངར་ཤུགས་ལྡན་པ་བཅས་ཀྱི་སྒོ་ནས་དཔའ་བོའི་གྲོང་ཁྱེར་གྱི་ཉམས་འགྱུར་མངོན་པ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་སྒུལ་ཤུགས་སུ་བྱས་ཏེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཁུལ་ཆེ་མོ་སྐྲུན་པའི་གོ་སྐབས་དམ་འཛིན་དང་འདེགས་སྐྱོར་གྱི་སྣེ་ཁྲིད་ནུས་པ་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་ཕྱོགས་ཡོངས་ནས་ཆུ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་ཞེས་ཀོང་ཏུང་ཞིང་ཨུད་ཀྱི་རྒྱུན་ཨུ་ཀོང་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཧྲའོ་ཕུའུ་ཡིས་བཤད།

རང་བརྟེན་གསར་གཏོད་སྐས་རིམ་གསར་པར་སླེབས་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་བརྟེན་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཚེས་22ཉིན་གྱི་ཕྱི་དྲོ། ཁོང་གིས་ཀྲུའུ་ཧའེ་ཀེ་ལི་གློག་ཆས་ཀུང་སིར་རྟོག་ཞིབ་གནང་སྐབས་གསར་གཏོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་དགོས་པའི་བླང་བྱ་བཏོན་ཡོད། དེར་བརྟེན་ཀེ་ལི་གློག་ཆས་ཀུང་སིའི་ཏུང་ཧྲེ་ཀྲང་ཏུང་མིང་ཀྲུའུ་ཡིས“ཀེ་ལི་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་གསར་གཏོད་ལ་བརྟེན་ནས་སྟོབས་ཆེར་གཏོང་རྒྱུར་དམ་པོར་དམིགས་ཏེ་ཤེས་ལྡན་མི་སྣ་རང་བརྟེན་སྐྱེད་སྲིང་དང་ལག་རྩལ་རང་བརྟེན་ཞིབ་སྤེལ་མཐའ་འཁྱོངས་དང“ལྟོ་ཕོར”རང་ཉིད་ཀྱི་ལག་ལ་འཛིན་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ཡིན། ང་ཚོས་འབད་འཐབ་བྱ་རྒྱུ་ནམ་ཡང་མཚམས་འཇོག་མི་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་གཏོད་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་གྱིས་ང་ཚོའི་རང་བརྟེན་གསར་གཏོད་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང་ལ། ང་ཚོར་རི་རྩེར་འཛེག་ཕོད་པའི་བློ་སྟོབས་དང་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུར་སྒུལ་ཤུགས་ཆེན་པོ་སྦྱིན་བྱུང”ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་མཇལ་བའི་གནས་ཚུལ་དྲན་གསོ་བྱེད་བཞིན་ཀྲུའུ་ཧའེ་ཧོང་ཆིང་ཁུལ་གསར་ཏང་ཨུད་ཀྱི་ཧྲུའུ་ཅི་ཉིའུ་ཅིན་གྱིས་སྔར་བཞིན་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ“སྤྱི་ཁྱབ་ཧྲུའུ་ཅིས་ཀོང་ཏུང་དང་ཨའོ་མོན་མཉམ་ལས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རྩལ་ཐོན་ལས་གླིང་ལ་ཧ་ཅང་མཐོང་ཆེན་གནང་གི་འདུག ང་ཚོས་ཕྱིས་སུ་བྱེད་ཐབས་རབ་དང་རིམ་པ་དེ་བས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་ཡག་པོ་བྱ་རྒྱུ་ཡིན”ཞེས་བཤད།

ཚེས་23ཉིན་གྱི་སྔ་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་གི་མཛད་སྒོར་ཕེབས་པ་དང་འབྲེལ། ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལོ་དྲུག་གི་འཆར་འགོད་དང་ལོ་དགུའི་འཛུགས་སྐྲུན་བརྒྱུད་རིམ་ནང་ཞུགས་མྱོང་བའི་ཟམ་ཆེན་དོ་དམ་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཡུང་ལིན་གྱིས་སེམས་འགུལ་ཆེན་པོས“སྤྱི་ཁྱབ་ཧྲུའུ་ཅིས་ཟམ་ཆེན་སྐྲུན་མཁན་ཚང་མའི་ཐུན་མོང་གི་བསམ་འདུན་གསུངས་སོང་། ང་ཚོས་ཟམ་པ་དེ་ཡག་པོ་བསྐྲུན་རྒྱུ་མ་ཟད་བེད་སྤྱོད་དང་དོ་དམ་ཡག་པོ་བྱས་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་འཛུགས་སྐྲུན་གྲུབ་འབྲས་དེ་རྒྱུན་ཆད་མེད་པར་འགྲིམ་འགྲུལ་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་འགྱུར་བ་བྱ་རྒྱུ་ཡིན”ཞེས་བཤད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཐུགས་ལ་བཅངས་ཡོད། ད་ཐེངས་ཀོང་ཏུང་ལ་རྟོག་ཞིབ་གནང་སྐབས་ཞི་ཅིན་ཕིང་ཆེད་མངགས་རླངས་འཁོར་ལ་བཞུགས་ནས་ཀོང་ཏུང་བྱང་རྒྱུད་ཀྱི་འཕེལ་རྒྱས་འགོར་བའི་ས་ཁུལ་ཆིང་ཡོན་དབྱིན་ཏེ་གྲོང་ཁྱེར་དུ་ཕེབས། རེས་སྐོར་གསར་པའི་གནད་སྨིན་དབུལ་སྐྱོར་ལས་དོན་ནང་ཆིང་ཡོན་གྲོང་ཁྱེར་ཡོངས་ལ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་གྲོང་ཚོ་དབུལ་པོ་261དང་། དུད་ཚང་དབུལ་པོ་ཁྲི་5.8ཀྱི་མི་ཁྲི་13.2ཡོད་པ་རེད། “ཀོང་ཏུང་ཤར་ནུབ་བྱང་བཅས་ས་ཁུལ་གྱི་སྣོད་བཅུད་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཉན་རྗེས་ཆིང་ཡོན་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཧྥུང་གིས་ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆིང་ཡོན་འདི་ཉིད་ཀོང་ཏུང་ཞིང་ཆེན་གྱི་ལྗང་མདོག་སྣོད་བཅུད་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ལ་ཧུར་ཐག་སྐྲུན་རྒྱུ་ཡིན་ཞེས་བཤད།

དབྱིན་ཏེ་དྲ་ཐོག་ཚོང་དོན་ཐོན་ལས་གླིང་དུ་སྤྱི་ཁྱབ་ཧྲུའུ་ཅིས་ས་གནས་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་ཁྲོམ་རའི་བྲིན་ཚོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དབྱིན་ཏེ་ཅི་ཆིང་ལེ་ཇ་ལོ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལུའུ་གོ་མིང་གིས་ཀུང་སིས་ནུས་ཤུགས་ཡོད་རྒུས་ཐོན་རྫས་ཀྱི་སྤུས་ཀ་ལེགས་སུ་གཏོང་རྒྱུ་དང་འབྲེལ། གདེང་ཚོད་དེ་བས་ཆེན་པོ་དང་སྤུས་ཚད་དེ་བས་ལེགས་པའི་ཐོན་རྫས་ལ་བརྟེན་ནས་ཁྲོམ་རའི་འགྲན་རྩོད་ནང་ཞུགས་རྒྱུ་ཡིན་ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བཅས་པས་ལེན་ཅང་ཁུའོ་གྲོང་རྡལ་ལེན་ཀྲང་གྲོང་ཚོར་ཕེབས་ནས་དུད་ཚང་དབུལ་པོ་ལུའུ་དབྱི་ཧོ་ཡི་ཁྱིམ་དུ་ཕེབས་ཏེ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་རེད། “སྤྱི་ཁྱབ་ཧྲུའུ་ཅི་ངའི་ནང་དུ་ཕེབས་ཀྱི་རེད་སྙམ་མ་བྱུང། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པས་ང་ཚོའི་ཆོད་སེམས་དེ་བས་ཆེ་རུ་ཕྱིན་སོང་། ཧུར་ཐག་འབད་ཐག་བྱས་ན་འཚོ་བ་ཇེ་ལེགས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད”ཅེས་བཤད། རྟོག་ཞིབ་མཇུག་སྒྲིལ་སྐབས་གྲོང་མི་ཚོས་མ་གྲོས་གཅིག་མཐུན་ངང་སྤྱི་ཁྱབ་ཧྲུའུ་ཅིའི་འགྲམ་དུ་རུབ་ནས་སྤྱི་ཁྱབ་ཧུའུ་ཅིའི་བཀའ་མོལ་ཉན་པ་དང་། ཚང་མའི་ངོ་གདོང་ནས་དགའ་བའི་འཛུབས་མདངས་འཕྱུར་བ་དང་སེམས་འགུལ་གྱི་སེམས་པ་འཇགས་ཐབས་བྲལ།

རིག་གནས་ཀྱི་གདེང་ཚོད་ལ་བརྟེན་ནས་རྒྱུན་འཛིན་ལ་གཙིགས་ཆེན་བྱེད།

རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་ད་ཐེངས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་ཀྱི་ནང་དོན་གལ་ཆེན་ཞིག་རེད། ཚེས་24ཉིན་ཕྱི་དྲོ། ཀོང་ཀྲོའུ་གྲོང་ཁྱེར་ལི་དབན་ཁུལ་ཤི་ཀོན་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཡུང་ཆིང་ཧྥང་དུ་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་ཐད་ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་ལས་འཕྲལ་བདེ་འཕྲལ་ཕན་མི་བྱེད་པ་དང་བཤིག་ཆེན་སྐྲུན་ཆེན་བྱ་རྒྱུ་མེད། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་དགོས་པ་མ་ཟད། མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཤེས་དཔལ་རྒྱུན་འཛིན། རིག་གནས་རྒྱུན་མཐུད་བཅས་ལ་གཙིགས་ཆེན་བྱས་ཏེ། གྲོང་ཁྱེར་དུ་དྲན་གསོ་བྱ་ཡུལ་ཡོད་པ་དང་མི་རྣམས་ལ་ཕ་ཡུལ་གྱི་འཕྲེང་སེམས་ངེས་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་།

ཡུང་ཆིང་ཧྥང་ནི་དེ་སྔོན་ཉེན་ཡོད་ཁང་པ་མང་བའི་ཁར་ཧ་ཅང་གོག་ཧྲུལ་ཡིན་པ་རེད། སྡོད་ཁང་30ནི“གཏོར་སྐྱོན་ཚབས་ཆེན་བྱུང་བའི”ཁང་པར་གཏན་ཁེལ་བྱས་པ་དང་ལ་ལ་བརྡིབས་ཟིན་པ་རེད། ཡིན་ཡང་བཟོ་བཅོས་བརྒྱབ་རྗེས་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། “ལོ་རྒྱུས་རིག་གནས་ཀྱི་རྣམ་པ་མི་ཉམས་ཆེད། ང་ཚོས‘རྙིང་པ་ལྟར་ཉམས་བཟོ’བྱེད་པའི་རྩ་དོན་གཞིར་བཟུང་རྣམ་གྲངས་ཧྲིལ་པོར་ཉམས་བཟོ་བྱས་ཡོད་ལ། ‘རྙིང་པ’དང‘གསར་པ’ཟུང་འབྲེལ་གང་ལེགས་ཀྱང་བྱས་ཡོད”སྤྱི་ཁྱབ་ཧྲུའུ་ཅི་ཡུང་ཆིང་ཧྥང་དུ་ཕེབས་པ་ཤེས་སྐབས་རྣམ་གྲངས་བསྒྱུར་བཀོད་ཀྱི་ཇུས་འགོད་པ་ཁྲེང་ཅ་ཅན་དགའ་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་གདེང་འཇོག་གནང་བ་དེས་ང་ཚོས་བསྐྱོད་པའི་ལམ་དེ་འགྲིག་པའི་ར་སྤྲོད་བྱུང་ཡོད། སླད་ཕྱིན་ང་ཚོས་བསྒྱུར་བཀོད་དང་གཉེར་སྐྱོང་གི་བརྒྱུད་རིམ་ནང་སྲུང་སྐྱོང་དང་སྤྱོད་རྒྱུར་དེ་བས་མཐོང་ཆེན་བྱས་ནས་ན་གཞོན་དེ་བས་མང་པོ་ཞིག་ལོ་རྒྱུས་རིག་གནས་ཀྱི་ཁྲོམ་གཞུང་དུ་ཡོང་སྟེ་ཕ་ཡུལ་ལ་བཅངས་པའི་ཕྲེང་སེམས་ཚོར་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལི་དབན་དུ་རྟོག་ཞིབ་དུ་གནང་བར་ཕེབས་པ་ལས་ང་ཚོའི་སྲོལ་རྒྱུན་རིག་གནས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དང་གྲོང་ཁྱེར་རྙིང་པ་གསར་འབྱེད་དང་སྒྱུར་བཀོད་ཟུང་འབྲེལ་གྱི་ལམ་བུ་ནི་ཡང་དག་པ་ར་སྤྲོད་གང་ལེགས་བྱུང་ཡོད” ལི་དབན་ཆུས་ཨུད་ཀྱི་ཧྲུའུ་ཅི་ཝེ་ཝུའེ་ཧན་གྱིས་གོམ་སྟབས་རྗེས་མར་ང་ཚོས་མུ་མཐུད་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་འདུན་པ་དེ་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་ནས་རིག་གནས་ཀྱི་གདེང་ཚོད་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་ལ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་བཞིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ཡིན། ཀོང་ཏུང་གི་ཟློས་གར་དང་། ཀོང་ཏུང་གི་སྒྱུ་རྩལ། “བརྐོས་མ་གསུམ་དང་། རྫ་རྩལ་གཅིག ཕར་ཆིན་གཅིག”སོགས་རི་བོ་ཝུའུ་ལིང་ལྷོ་རྒྱུད་ཀྱི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་བཏང་ནས། སྲོལ་རྒྱུན་རིག་གནས་གཅིག་རྒྱུད་གཅིག་འཛིན་དང་མི་རབས་ནས་མི་རབས་བར་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།