ཞི་ཅིན་ཕིང་ཟམ་ཆེན་ཤར་གཏོང་མཛད་སྒོར་ཞུགས་ནས་ཁྱབ་བསྒྲགས་གནང་བ།

མི་དམངས་ཉིན་རེའི་ཚགས་པར།

| 2018-10-25 16:25:17

ཟླ་10ཚེས་23ཉིན་གྱི་སྔ་དྲོ། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་ཟམ་ཆེན་ལ་གཟིགས་སྐོར་ཡང་གནང་བ།

ཟླ་10ཚེས་23ཉིན་གྱི་སྔ་དྲོ། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས་ཟམ་ཆེན་ལ་གཟིགས་སྐོར་ཡང་གནང་ཞིང་། འདི་ནི་ཞི་ཅིན་ཕིང་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཤར་མིས་བཟོས་གླིང་ཕྲན་དུ་ཕེབས་ནས་ཟམ་ཆེན་ལ་གཟིགས་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཀྲུའུ་ཧའེ་ནས་ཟླ་10ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟམ་ཆེན་རིང་མོས་ཁུལ་གསུམ་མཉམ་དུ་འབྲེལ། རང་བྱུང་འོབས་ཆེན་ཐོག་ཏུ་བདེ་ལམ་བསྐྲུན། ཚེས་23ཉིན་གྱི་སྔ་དྲོ། ཀང་ཀྲུའུ་ཨའོ་ཟམ་ཆེན་ཤར་གཏོང་ཐུབ་པའི་མཛད་སྒོ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ཏེ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས། ཟམ་ཆེན་ལ་གཟིགས་སྐོར་གནང་སྟེ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཟམ་ཆེན་ཇུས་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ནང་ཞུགས་མཁན་རྒྱ་ཆེའི་ལས་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཞུགས་པ་དང་སྦྲགས་ཤིས་ཚིག་ཀྱང་གསུངས་པ་རེད།

ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ལིང་ཏིང་རྒྱ་མཚོ་བརྒལ་ནས་ཤར་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་བ་དང་ནུབ་ཀོང་ཏུང་ཞིང་ཆེན་ཀྲུའུ་ཧའེ་གྲོང་ཁྱེར་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དང་སྦྲེལ་ཡོད་པ་དེར་སྤྱིའི་རིང་ཚད་ལ་སྤྱི་ལེ་55ཡོད་ཅིང་། འདི་ནི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་འོག་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱིས་ཐེངས་དང་པོར་མཉམ་ལས་མཉམ་སྐྲུན་བྱས་པའི་རྒྱ་མཚོ་བརྒལ་བའི་འགྲིམ་འགྲུལ་ལས་གྲྭ་ཆེ་ཤོས་དེ་རེད། ཟམ་ཆེན་ཤར་གཏོང་ཐུབ་པ་དེས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཁུལ་ཆེ་མོ་སྐྲུན་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

ཤར་གཏོང་མཛད་སྒོ་ཀྲུའུ་ཧའེ་འགག་སྒོའི་འགྲུལ་བཤེར་ཐོག་བརྩེགས་ཚོམས་ཆེན་དུ་འཚོགས་ཤིང་། ཆུ་ཚོད་9དང་སྐར་མ་30ལ། སྙན་འཇེབས་ལྡན་པའི་མགྲོན་བསུའི་རོལ་དབྱངས་ཁྲོད་ཞི་ཅིན་ཕིང་སོགས་མཛད་སྒོ་འཚོགས་ཡུལ་དུ་ཕེབས་སྐབས་ཚང་མས་ཡར་ལངས་ཏེ་དགའ་བསུ་ཞུས་པ་རེད།

ཟམ་ཆེན་འཛུགས་སྐྲུན་གནས་ཚུལ་གྱི་བརྙན་ལམ་གཟིགས་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཤིས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེན་གཡོད་ཨེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚུའེ་ཧྲེ་ཨན། དེ་བཞིན་ཧན་ཀྲེང་བཅས་ཀྱིས་སྔ་རྗེས་སུ་ཤིས་ཚིག་གསུངས་པ་རེད།

ཆུ་ཚོད་10པར། ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས“ཀང་ཀྲུའུ་ཨའོ་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པའི”ཁྱབ་བསྒྲགས་གནང་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

ཤར་གཏོང་ཐུབ་པའི་མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་སོགས་རླངས་འཁོར་ལ་བཞུགས་ནས་ཀྲུའུ་ཧའེ་འགག་སྒོའི་འགྲུལ་བཤེར་ཐོག་བརྩེགས་ཁང་ཆེན་ནས་ཐོན་ཏེ་ཀང་ཀྲུའུ་ཨའོ་ཟམ་ཆེན་ལ་གཟིགས་སྐོར་གནང་བ་རེད། ལིང་ཏིང་རྒྱ་མཚོའི་ཞོགས་པའི་ཉི་གཞོན་ཁྲོད་རླུང་བུ་སིལ་སིལ་ལྡང་ཞིང་། ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་གཡུ་འབྲུག་ཅིག་ལྟར་སྔོ་ཞིང་དྭངས་བའི་རྒྱ་མཚོའི་ངོས་སུ་འཕུར་མཆོངས་བྱེད་པ་ལྟར་དུ་སྣང་།

ཤར་མིས་བཟོས་གླིང་ཕྲན་དུ་ཡོད་པའི་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཆུ་ཐོག་ཟམ་པ་དང་ཆུ་འོག་ཕུག་ལམ་གྱི་འབྲེལ་མཐུད་བྱེད་ས་ནི་ཟམ་ཆེན་འཛུགས་སྐྲུན་ཁྲོད་ཀྱི་འགག་རྩའི་མཚམས་ཚིག་གི་ལས་གྲྭ་ཞིག་རེད། ཞི་ཅིན་ཕིང་སོགས་རླངས་འཁོར་ལ་བཞུགས་ནས་དེ་གར་ཕེབས་རྗེས་ནུབ་ངོས་སྟེགས་བུར་འཛེགས་ཏེ་ཟམ་ཆེན་ལ་རྒྱང་གཟིགས་གནང་བ་དང་། ས་བཀྲ་དང་བཟོ་དབྱིབས་ལ་གཟིགས་ནས་ཟམ་ཆེན་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ཟམ་ཆེན་དོ་དམ་དང་ལས་གྲྭའི་འཐུས་མིར་མཇལ་འཕྲད་གནང་སྟེ་ཁོང་ཚོ་རེ་རེའི་བཞིན་དང་ཕྱག་བཏང་ནས་བྱམས་བརྩེའི་བཀའ་མོལ་ཡང་གནང་བ་རེད། ཁོང་གིས་ཀང་ཀྲུའུ་ཨའོ་ཟམ་ཆེན་ནི་རྒྱལ་ཁབ་ཀྱི་ལས་གྲྭ་དང་རྒྱལ་ཁབ་ཀྱི་བཟོ་བསྐྲུན་གལ་ཆེན་ཞིག་རེད། ཁྱེད་ཚོས་ཟམ་ཆེན་འཆར་འགོད་དང་། འཛུགས་སྐྲུན། སྐྱེལ་འདྲེན་ཉམས་བཟོ་བཅས་ནང་སྤྱང་གྲུང་དང་བློ་གྲོས་བཏོན་ཏེ་འཛམ་གླིང་རིམ་པའི་དཀའ་གནད་མང་པོ་ཁྱད་དུ་བསད་ནས་འཛམ་གླིང་ཐོག་ཆེས་སྔོན་ཐོན་གྱི་དོ་དམ་ལག་རྩལ་དང་ཉམས་མྱོང་སྤྱད་དེ་སྤུས་འབོར་གཉིས་ལྡན་གྱིས་ལས་འགན་ལེགས་སྒྲུབ་བྱས་ཡོད། ཁྱེད་ཚོར་ཐོབ་པའི་གྲུབ་འབྲས་ལ་ང་རང་སྤོབས་པ་སྐྱེ་གི་འདུག ཁྱེད་ཚོས་ལམ་ཆས་ལྡོག་ནས་སླར་ཡང་རྡོག་ཐོན་བྱས་ཏེ་རི་རྩེ་གསར་པར་མུ་མཐུད་འཛེགས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་པའི་ནང་འཛམ་གླིང་གི་ཟིན་ཐོ་མང་པོ་བཏོད་པ་དེ་ནི་ཤིན་ཏུ་ཧ་ལས་དགོས་པ་ཞིག་རེད། དེ་ཐོག་ནས་རི་བཤགས་ལམ་བཟོ་དང་ཆུ་ཐོག་ཟམ་སྐྲུན་གྱི་རྒྱལ་ཁབ་གཅིག་གི་འབད་འཐབ་སྙིང་སྟོབས་དང་། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་དང་རང་བརྟེན་གསར་གཏོད་ནུས་པ། འཛམ་གླིང་གི་རྩེ་གྲ་གཏོད་ཕོད་པའི་མི་རིགས་ཀྱི་བློ་སྟོབས་བཅས་མངོན་ཡོད། འདི་ནི་ཕུགས་འདུན་དོན་གཉེར་གྱི་ཟམ་པ་དང་། སེམས་མཐུན་གྱི་ཟམ་པ། གདེང་ཚོད་ཀྱི་ཟམ་པ། བསྐྱར་དར་གྱི་ཟམ་པ་བཅས་རེད། ཟམ་ཆེན་ཤར་གཏོང་ཐུབ་པ་དེས་ང་ཚོའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་སོང་བ་དང་སྤྱི་ཚོགས་རིང་ལུགས་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་དང་དུས་རབས་གསར་པའང་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན་པ་གསལ་བཤད་གང་ལེགས་བྱུང་ཡོད།

 ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལས་གྲྭ་གལ་ཆེན་དེ་སྤུས་ཚད་མཐོ་པོའི་སྒོ་ནས་སྐྲུན་ཏེ་ནུས་ཤུགས་ཡོད་རྒུས་ལས་གྲྭ་རྩེ་གྲ་དང་། མིག་དཔེའི་ལས་གྲྭ དུས་བདེའི་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་སུ་སྐྲུན་དགོས་ལ། ཟམ་ཆེན་ཡག་པོ་སྤྱོད་པ་དང་དོ་དམ་ཡག་པོ་བྱས་ནས་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཁུལ་ཆེན་སྐྲུན་ཆེད་ནུས་པ་གལ་ཆེན་འདོན་དགོས་ཞེས་ནན་བཤད་གནང་བ་རེད།

ཧན་ཀྲེང་གིས་ཤར་གཏོང་མཛད་སྒོའི་ཐོག་གསུངས་པའི་ཤིས་ཚིག་ནང་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཁུལ་ཆེན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་རེད། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་ནས་ཤར་གཏོང་ཐུབ་པ་དེས་ས་ཁུལ་གསུམ་གྱི་མི་སྣའི་དབར་སྤེལ་རེས་དང་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་མཚོ་ཁུག་ཁུལ་ཆེན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཕྱོགས་བསྡུས་འགྲན་ནུས་ཆེ་རུ་གཏོང་བ་བཅས་ཕན་པ་མ་ཟད། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་རྒྱུར་རྒྱབ་སྐྱོར་དང་། ནང་ས་དང་། ཤང་ཀང་། ཨའོ་མོན་བཅས་གཉིས་ཁེ་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་ཟམ་པ་རྩེ་གྲ་དང་འགག་སྒོ་རྩེ་གྲ་སྐྲུན་པའི་རྨང་གཞིའི་ཐོག་སྐྱེལ་འདྲེན་ཞབས་ཞུ་རྩེ་གྲ་མཁོ་འདོན་བྱས་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་འབྲེལ་མཐུད་ཀྱི“དམངས་སེམས་ཟམ་པར”འགྱུར་བར་བྱེད་དགོས། ཞིབ་མཆན་གྱི་བརྒྱུད་རིམ་སྟབས་བདེ་རུ་དང་འགག་སྒོ་སྒྲོལ་བའི་དུས་ཚོད་ཐུང་དུ་བཏང་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཤང་ཀང་། ཨའོ་མོན། ནང་ས་བཅས་མཐུན་སྦྱོར་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲོག་ཐག་ཏུ་འགྱུར་བར་བྱེད་དགོས། ལས་གྲྭ་འཛུགས་སྐྲུན་གྱི་འགག་རྩའི་ལག་རྩལ་དེ་ལས་རིགས་ཀྱི་ཚད་གཞི་དང་ཚད་ལྡན་དུ་འགྱུར་བར་བྱས་ནས་ཀང་ཀྲུའུ་ཨའོ་ཟམ་ཆེན་དེ་ཀྲུང་གོའི་ཟམ་པ“ཕྱིར་སྐྱོད་པའི”བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2009ལོའི་ཟླ་12ཚེས་15ཉིན་ཀང་ཀྲུའུ་ཨའོ་ཟམ་ཆེན་སྐྲུན་འགོ་ཚུགས་པ་དང་2017ལོའི་ཟླ་7ཚེས་7ཉིན་ལས་གྲྭ་ཨ་མ་ལེགས་གྲུབ་ཟིན་ནས་ཤར་གཏོང་ཐུབ་ཡོད། ཟམ་ཆེན་ཇུས་འགོད་དང་། བཟོ་སྐྲུན་ལག་རྩལ། ལས་གྲྭ་སྒྲིག་འཛུགས། དོ་དམ་བྱེད་ཐབས་སོགས་ལ་གསར་གཏོད་རབ་དང་རིམ་པ་བྱས་པ་ལས་རང་རྒྱལ་གྱིས་ཕུག་ལམ་དང་གླིང་ཕྲན་དུ་ཟམ་པ་ཇུས་འགོད་དང་། བཟོ་སྐྲུན། དོ་དམ་བཅས་ཀྱི་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་མཚོན་ཡོད། ཟམ་ཆེན་ཟླ་10ཚེས་24ཉིན་གྱི་ཆུ་ཚོད་དགུ་པར་དངོས་སུ་ཤར་གཏོང་ཐུབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།