བོད་ཀྱི་རྫོང(ཆུས)དབུལ་པོ་25དབུལ་སྒྲོལ་བྱུང་བ།

མི་དམངས་ཉིན་རེའི་ཚགས་པར།

| 2018-10-08 17:29:50

བོད་ཀྱི་རྫོང་25དབུལ་སྒྲོལ་བྱུང་བ་དང་དབུལ་ཞྭ་ཕུད་པ།

རྒྱལ་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་69འཁོར་བར་དགའ་སྤྲོའི་ངང་རྟེན་འབྲེལ་ཞུ་བའི་ཉིན་མོར་བོད་རང་སྐྱོང་ལྗོངས་ནས་གཏམ་བཟང་ཞིག་གྲགས་ཡོང་བ་སྟེ། ལྷུན་གྲུབ་རྫོང་དང་སྒར་རྫོང་སོགས་རྫོང(ཆུས)25དབུལ་སྒྲོལ་ཞིབ་བཤེར་བྱས་པ་བརྒྱུད། རྫོང(ཆུས)དབུལ་པོའི་དབུལ་སྒྲོལ་ཆ་རྐྱེན་ལོན་ནས་དངོས་སུ་དབུལ་སྒྲོལ་ཐུབ་པ་དང་དབུལ་ཞྭ་ཕུད་པ་རེད།

འདི་ནི་སྒར་རྫོང་བདེ་མཆོག་གྲོང་ཚོར་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་བརྒྱུད་ཕྱུག་པོ་ཆགས་པའི་ཉི་སྐྱིད་ལྷ་མོ་དང་ཁོང་གི་ནང་མི་ཚོ་ཁྱིམ་གྱི་སྒོ་ཁར་པར་རྒྱག་པའི་གནས་ཚུལ་ཡིན་པ།

 འདི་ནི་སྒར་རྫོང་སྣམ་བུའི་གྱོན་ཆས་བཟོ་གྲྭར་ལས་ཞུགས་ཐུབ་པའི་འབྲོག་པ་མང་ཚོགས་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་10ཚེས་1ཉིན་གྱི་སྔ་དྲོ་གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་2017ལོའི་རྫོང་དབུལ་པོ་དབུལ་སྒྲོལ་དང་དབུལ་ཞྭ་འབུད་པའི་ལས་དོན་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གིས་ཕྱོགས་གསུམ་པའི་དཔྱད་དཔོག་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་ཆེད་དོན་དཔྱད་དཔོག་ཞིབ་བཤེར་བྱས་པ་དང་འབྲེལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་མོས་མཐུན་ཐོབ་པ་བརྒྱུད། བོད་ཀྱི་ལྷུན་གྲུབ་རྫོང་སོགས་རྫོང(ཆུས)25 རྫོང(ཆུས)དབུལ་པོ་དབུལ་སྒྲོལ་གྱི་ཆ་རྐྱེན་དང་མཐུན་ཡོད། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ལྷུན་གྲུབ་རྫོང་དང་། འདམ་གཞུང་རྫོང་། སྙེ་མོ་རྫོང་། ཆུ་ཤུར་རྫོང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས། མལ་གྲོ་གུང་དཀར་རྫོང་། རི་བོ་ཆེ་རྫོང་། སྟེང་ཆེན་རྫོང་། ཟངས་རི་རྫོང་། འཕྱོངས་རྒྱས་རྫོང་། ཆུ་གསུམ་རྫོང་། ལྷོ་བྲག་རྫོང་། རྒྱ་ཚ་རྫོང་། མཚོ་སྣ་རྫོང་། པ་སྣམ་རྫོང་། ཁང་དམར་རྫོང་། གཏིང་སྐྱེས་རྫོང་། སྐྱིད་གྲོང་རྫོང་། གཉའ་ནང་རྫོང་། འབྲི་རུ་རྫོང་། སྒར་རྫོང་། ཀོང་པོ་རྒྱ་མདའ་རྫོང་། སྨན་གླིང་རྫོང་། སྤོ་བོ་རྫོང་བཅས་རྫོང(ཆུས)དབུལ་པོ་25དབུལ་སྒྲོལ་ཐུབ་པའི་ཆོག་མཆན་དངོས་སུ་གནང་བ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་པོ་དང་དམངས་འཚོའི་འདུ་འགོད་དང་པོར་བརྩིས་ནས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་དེ་གཞི་རྩའི་བྱ་ཐབས་སུ་བྱེད་པ། “སེམས་ཁྲལ་མི་དགོས་པ་གཉིས་དང་འགན་སྲུང་གསུམ”དང“འགན་ལེན་གཉིས”ཀྱི་དམིགས་ཚད་ཚད་གཞིར་ཡང་དག་དམིགས་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གཙོ་བོར་སྤེལ་བས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། 2016ལོ་ནས་2017ལོའི་བར་རིམ་རྩིས་བརྒྱབ་ན་མི་འབོར་དབུལ་པོ་ཁྲི་29.7དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་2713དབུལ་སྒྲོལ་ཐུབ་པ། རྫོང་དབུལ་པོ་30ཡི་དབུལ་ཞྭ་ཕུད་པ། དབུལ་པོ་ཐོན་ཚད་2015ལོའི་ལོ་མཇུག་གི་25.2%ནས་2017ལོའི་ལོ་མཇུག་བར་གྱི་7.9%བར་ཆག་པ། མང་ཚོགས་དབུལ་པོ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་16%རྒྱུན་འཁྱོངས་ཐུབ་པས་བོད་ཀྱི་ལོ་རྒྱུས་ཐོག་གི་རྫོང་དབུལ་པོ་གཞི་ཁྱོན་ཆེན་པོའི་སྒོ་ནས་དབུལ་སྒྲོལ་ཐུབ་པ་དང་། ལོ་གཉིས་བསྟུད་མར་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གྲུབ་འབྲས་དཔྱད་ཞིབ་ཀྱི“ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཡོད་པའི”ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲས་སུ་གཏན་འཁེལ་བྱས་པ་རེད།

གསར་འགྱུར་མགྲིན་ཚབ་པས་བོད་ཀྱི་རྫོང(ཆུས)དབུལ་པོ་25དབུལ་སྒྲོལ་དང་དབུལ་ཞྭ་ཕུད་པ་དེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་མཚོན་གྱི་མེད། གོམ་སྟབས་རྗེས་མར་རྫོང(ཆུས)དབུལ་པོ་25ཡིས་དབུལ་ཞྭ་ཕུད་པ་ལས་འགན་འཁྲི་མི་དོར་བ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་པ། དབུལ་ཞྭ་ཕུད་ཀྱང་རོགས་སྐྱོར་དང་ལེན་བྱེད་པ། དབུལ་ཞྭ་ཕུད་ཀྱང་ལྟ་སྐུལ་དོ་དམ་དང་ལེན་བྱེད་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་སྔ་ཕྱི་བར་གསུམ་དུ་འགག་སྒྲོལ་རྣམ་པ་རྒྱུན་འཁྱོངས་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་བཏང་ནས་དབུལ་སྒྲོལ་གྱི་སྤུས་ཚད་བརྟན་པོའི་སྒོ་ནས་མཐོ་རུ་གཏོང་དགོས་ཞེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།