ཞི་ཅིན་ཕིང་གིས་བྱང་ཤར་གྱི་ཞིང་ཆེན་གསུམ་དུ་རྟོག་ཞིབ་གནང་བ་དང་འབྲེལ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

མི་དམངས་ཉིན་རེའིི་ཚགས་པར།

| 2018-09-30 15:50:09

ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་ཤར་ཞིང་ཆེན་གསུམ་དུ་རྟོག་ཞིབ་གནང་བ་དང་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་28ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་བྱང་ཤར་ཞིང་ཆེན་གསུམ་དུ་རྟོག་ཞིབ་གནང་བ་དང་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། འདི་ནི་ཚེས་25ཉིན་གྱི་ཕྱི་དྲོ་ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ས་རྒོད་གསར་སྤེལ་ཅན་སན་ཅང་དོ་དམ་ཅུས་ཆི་ཤིན་ཞིང་རའི་མུའུ་ཁྲི་ཡི་ས་གཞི་ཆེ་མོར་ཆུ་འབྲས་ཀྱི་ལོ་ལེགས་བྱུང་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་བརྔ་བསྡུའི་འཕྲུལ་འཁོར་གྱི་ཁ་ལོ་བ་དང་བྱམས་བརྩེའི་གླེང་མོལ་གནང་བཞིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་9ཚེས་28ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་བྱང་ཤར་གྱི་ཞིང་ཆེན་གསུམ་དུ་རྟོག་ཞིབ་གནང་ནས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་བྱང་ཤར་དར་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་འཁྱོལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། ཁ་ཕྱོགས་ལ་དམིགས་པ་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་འགལ་ཟླ་སེལ་བ། དགེ་སྤེལ་སྐྱོན་སྤོང་དང་ལེགས་ཆ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ་རྣམ་པ་གསར་པ་དང་། ལས་འགན་གསར་པ། བྱ་སྤྱོད་གསར་པ་བཅས་ཀྱི་ཐོག་ནས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཟླ་9ཚེས་25ཉིན་ནས་ཚེས་28ཉིན་བར། ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ས་རྒོད་གསར་སྤེལ་ཅན་སན་ཅང་དོ་དམ་ཅུས་དང་ཆི་ཆི་ཧའར་གྲོང་ཁྱེར་དང་། ཅི་ལིན་སུང་ཡོན་གྲོང་ཁྱེར། ལེའོ་ཉིང་ལེའོ་དབྱང་གྲོང་ཁྱེར། ཧྥུའུ་ཧྲུན་གྲོང་ཁྱེར་བཅས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བྱང་ཤར་དར་རྒྱས་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

ཚེས་25ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧེ་ལུང་ཅང་ས་རྒོད་གསར་སྤེལ་ཅན་སན་ཅང་དོ་དམ་ཅུས་སུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། ཞི་ཅིན་ཕིང་གིས་དང་ཐོག་པེ་ཏ་ཧོང་ཐང་རྒོད་གནད་སྨིན་ཞིང་ལས་དང་ཞིང་འཕྲུལ་ལྟེ་གནས་སུ་ཕེབས་ཏེ་དེང་རབས་ཅན་གྱི་ཞིང་ལས་ཆེ་མོ་འཕེལ་རྒྱས་གཏོང་བ་དང་འབྲུ་རིགས་ཐོན་སྐྱེད་གནས་ཚུལ་གྱི་ངོ་སྤྲོད་གསན་ཞིང་། ཁོང་གིས་ས་རྒོད་གསར་སྤེལ་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་། རྒྱལ་ཁབ་འཛུགས་སྐྲུན་ལ་རོགས་སྐྱོར། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེ་མོ་དང་། ཁེ་ལས་ཆེ་མོ། ཐོན་ལས་ཆེ་མོ་བཅས་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་། ས་རྒོད་གསར་སྤེལ་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་རྒོད་གསར་སྤེལ་གྱི་ནང་སྐྱེས་སྒུལ་ཤུགས་དང་། འཕེལ་རྒྱས་གསོན་ཤུགས། སྤྱིའི་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་དེང་རབས་ཞིང་ལས་འཛུགས་སྐྲུན་ཁྲོད་ཀྱི་ས་རྒོད་གསར་སྤེལ་གྱི་རྐང་འཛིན་ནུས་པ་དེ་བས་ལེགས་པ་འདོན་ཐུབ་པ་བྱེད་དགོས། ལྗང་མདོག་ཞིང་ལས་འཕེལ་རྒྱས་མགྱོགས་པོ་བཏང་ནས་བེད་སྤྱོད་དང་གསོ་སྐྱོང་ཟུང་འབྲེལ་དང་ཕྱོགས་བསྡུས་ཇུས་བསྟར་མཐའ་འཁྱོངས་བྱས་ཏེ་ས་རྒྱུ་ནག་པོའི་ས་ཆ་ཉུང་དུ་མི་འགྲོ་བ་དང་ཉམས་ཞན་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས། ཐོག་སོ་དང་པོའི་འགྲེམས་སྟོན་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་ཀྲུང་གོ་བའི་ལྟོ་ཕོར་ནམ་ཡང་རང་ཉིད་ཀྱི་ལག་ཏུ་དམ་པོར་ཉར་དགོས་པའི་ནན་བཤད་གནང་བ་རེད།

དེ་རྗེས་ཞི་ཅིན་ཕིང་པེ་ཏ་ཧོང་ཐང་རྒོད་ཅན་སན་ཅང་རྒྱལ་ཁབ་ཞིང་ལས་ཚན་རྩལ་གླིང་དུ་ཕེབས་ནས་གནད་སྨིན་ཞིང་ལས་ལག་རྩལ་ཞིབ་འཇུག་དང་གྲུབ་འབྲས་གཞན་འགྱུར་བྱས་ཚུལ་གསན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་དེང་རབས་ཅན་ནི་ཞིང་ལས་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད་པ་དང་ཞིང་ལས་དེང་རབས་ཅན་གྱི་འགག་རྩ་ནི་ཚན་རྩལ་དང་ཤེས་ལྡན་པར་ཐུག་ཡོད། ཞིང་ལས་ཚན་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ཞིང་ལས་དེང་རབས་ཅན་ལ་ཚན་རྩལ་གྱི་གཤོག་ཟུང་བསྒར་དགོས་ཞེས་བསྟན་གནང་བ་རེད།

ཚེས་26ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཆི་ཆི་ཧའར་དུ་གཞུང་ཁོངས་གོ་མཚོན་བཟོ་སྐྲུན་ཁེ་ལས་ཆེ་གྲས་གཉིས་ལ་རྟོག་ཞིབ་གནང་བ་དང་ཁོང་གིས་གོ་མཚོན་བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་སྲུང་བའི་ མཚོན་ཆ་རྣོན་པོ་དང་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གཙོ་བོ་རེད། རྒྱལ་ཁབ་ཀྱིས་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བར་དངོས་ཚན་དཔལ་འབྱོར་ལ་བརྟེན་དགོས། ཆི་ཁྲེ་ཚོགས་པས་དུས་བབ་དང་བསྟུན་ནས་འཕེལ་རྒྱས་བཏང་སྟེ་རང་བརྟེན་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་ནང་ངོས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ཞབས་ཞུ་གསར་པ་བཅས་ཟམ་མི་ཆད་པར་ཁྱབ་གདལ་བཏང་སྟེ་ནམ་ཡང་རང་འགུལ་སྟངས་འཛིན་བྱེད་པ་དང་ཟམ་མི་ཆད་པར་སྟོབས་ཆེན་དང་ཕུལ་བྱུང་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གོའི་ལྗིད་རིགས་འཕྲུལ་ཆས་ཚོགས་པ་ཚད་ཡོད་ཀུང་སི་དང་པོར་ཞི་ཅིན་ཕིང་གིས་ཐོན་སྐྱེད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཐོན་རྫས་འགྲེམས་སྟོན་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་དང་ལྷག་པར་དུ་གོ་མཚོན་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་དེ་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བའི་གལ་ཆེའི་ནང་གི་འགངས་ཆེ་དང་དེང་རབས་ཅན་གྱི་རྒྱལ་ཁབ་ཆེན་པོར་མེད་དུ་མི་རུང་བ་ཞིག་རེད། ད་ཆ་རྒྱལ་སྤྱིའི་ཐོག་ཕྱོགས་རྐྱང་པའི་རིང་ལུགས་དང་ཚོང་དོན་སྲུང་སྐྱོང་རིང་ལུགས་མང་དུ་འགྲོ་བཞིན་ཡོད་པས་ང་ཚོས་ངེས་པར་དུ་རང་སྟོབས་རང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་ཀྲུང་གོ་འཕེལ་རྒྱས་འགྲོ་བར་མཐར་གཏུགས་ནས་བཤད་ན་རང་ཉིད་ལ་བརྟེན་དགོས་ཞེས་བསྟན་གནང་བ་རེད།

ཚེས་26ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁྲ་ཀན་མཚེའུར་ཕེབས་པ་དང་། ནན་ཧུའུ་ཐང་ཆེན་གྱི་ཆུ་ངོགས་སུ་ཞི་ཅིན་ཕིང་གིས་ཅི་ལིན་ཞིང་ཆེན་གྱི་གཙང་ཆུ་དང་མཚེའུ་སྦྲེལ་མཐུད་ལས་གྲྭའི་སྤྱིའི་གནས་ཚུལ་ངོ་སྤྲོད་གསན་པ་རེད།

ཞི་ཅིན་ཕིང་གིས་ཆུའི་གནས་ཚུལ་དང་སྲོག་ཆགས་དང་རྩི་ཤིང་འཚོ་གནས་ཀྱི་ཁོར་ཡུག་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྣོད་བཅུད་ཁོར་ཡུག་བཟང་པོ་ནི་བྱང་ཤར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་ཆེའི་ཐོན་ཁུངས་ཡིན་ལ་བྱང་ཤར་དར་རྒྱས་གཏོང་བའི་ལེགས་ཆའང་རེད། (པར་ངོས་གཉིས་པར་གཟིགས)

 སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚེས་27ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ལེའོ་དབྱང་གྲོང་ཁྱེར་དུ་ཕེབས་ནས་ཀྲུང་གོ་རྡོ་སྣུམ་ལེའོ་དབྱང་རྡོ་སྣུམ་རྫས་འགྱུར་ཀུང་སིར་གཟིགས་ཞིབ་གནང་ཞིང་། ཁོང་གིས་གཞུང་ཁོངས་ཁེ་ལས་ཀྱི་གནས་བབ་གལ་ཆེ་བ་དང་། འགག་རྩའི་ནུས་པ་ཐོན་པ། ཚབ་བྱེད་ཐབས་བྲལ་བ་བཅས་ཡིན་པས་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་རྒྱབ་རྟེན་སྟོབས་ཤུགས་གལ་ཆེན་རེད། དུས་མཚུངས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གསར་གཏོད་བྱས་ནས་རང་ངོས་འཐུས་སྒོ་ཚང་དུ་དང་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

ལེའོ་དབྱང་རྡོ་སྣུམ་རྫས་འགྱུར་ཀུང་སི་ནས་ཞལ་གྱེས་ཏེ་ཞི་ཅིན་ཕིང་ལེའོ་ཉིང་ཀྲུང་ཝང་ཚོགས་པར་ཕེབས་ཤིང་། དེ་ནི་དམངས་གཉེར་ཁེ་ལས་ཆེ་གྲས་ཤིག་རེད། ཁོང་གིས། རང་རྒྱལ་གྱིས་ལག་བསྟར་བྱེད་པ་ནི་སྤྱི་དབང་ལམ་ལུགས་གཙོ་བོར་བྱས་ཏེ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྣ་ཚོགས་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ཡིན། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་ལྕག་གཏོང་གི་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྒྱུར་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པས་དམངས་གཉེར་ཁེ་ལས་ལ་ཡིད་ཆེས་བརྟན་པོ་ཡོད་དགོས་ཞེས་ནན་བཤད་གནང་བ་རེད།

ཚེས་28ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧྥུ་ཧྲོན་གྲོང་ཁྱེར་གྱི་ལེ་ཧྥུང་དྲན་གསོ་ཁང་དུ་ཕེབས་འབྱོར་ཟིན་ནས་ལེ་ཧྥུང་གི་བང་སོར་མེ་ཏོག་སི་ར་ཕུལ་ཞིང་། ཁོང་གིས་ལེ་ཧྥུང་ནི་དུས་རབས་ཀྱི་མིག་དཔེ་ཡིན་ལ་ལེ་ཧྥུང་གི་སྙིང་སྟོབས་ནམ་ཡང་ཉམས་མི་ཐུབ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱེད་དགོས་ན་དུས་རབས་ཀྱི་མིག་དཔེ་སྔར་བས་མང་བ་དགོས། ང་ཚོས་ལེ་ཧྥུང་གི་སྙིང་སྟོབས་སློབ་སྦྱོང་བྱེད་དགོས་ལ་ལེ་ཧྥུང་གི་བྱེད་སྟངས་ལའང་སློབ་སྦྱོང་བྱེད་དགོས། བླ་ན་མེད་པའི་ཕུགས་བསམ་དད་སེམས་དང་ཀུན་སྤྱོད་གཤིས་བཟང་གི་དོན་གཉེར་དེ་ཞིབ་ཕྲའི་བྱ་སྤྱོད་དུ་བསྒྱུར་བ་དང་། ལས་ཀ་དང་འཚོ་བ་ཕལ་པའི་ནང་ནས་མཚོན་དགོས་ཤིང་རང་ཉིད་ཀྱིས་འབུལ་འོས་པའི་ལེགས་སྐྱེས་ཕུལ་ནས་ལེ་ཧྥུང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཚེས་28ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཆེད་མངགས་ཧྥུ་ཧྲོན་གཏེར་ལས་ཚོགས་པ་ཤིས་ལུའུ་གཏེར་ཁར་ཕེབས་ནས་དེ་གའི་གཏེར་དོང་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས་རྡོ་སོལ་བཏོན་པའི་ཞོམ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་དགོངས་དོན་ལ་བརྟེན་ནས་དཔྱད་དཔོག་དང་རིགས་པས་ཁུངས་སྐྱེལ་ཡག་པོ་བྱས་ནས་བསྡུ་སྒྲིལ་བེད་སྤྱོད་ཀྱི་ལས་ཀ་གང་ལེགས་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད། ཉིན་གུང་ཞི་ཅིན་ཕིང་ཧྭ་ཡོན་སྡེ་ཁུལ་ཤར་མར་ཕེབས་ཏེ་ཁྲེན་ཡུས་ཧྥང་གི་ཁྱིམ་དུ་ཡུལ་མི་རྣམས་དང་མཉམ་དུ་བཞུགས་ནས་བཀའ་མོལ་གནང་བ་མ་ཟད། ཁོང་གིས་ཐོན་ཁུངས་ཉམས་རྒུད་རྣམ་པའི་གྲོང་ཁྱེར་གྱི་ཕྱོགས་སྒྱུར་གོང་འཕེལ་ལ་ངས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་གིས་མ་དངུལ་འབོར་ཆེན་བཏང་ནས་སྡོད་ཁང་སྐྱོ་ཁུལ་དང་རྡོ་སོལ་བཏོན་པའི་ཞོམ་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་ནི་ཧ་ཅང་དགོས་ངེས་ཡིན་ལ་བྱེད་རིན་ཡོད་པ་ཞིག་ཀྱང་རེད་ཅེས་ཁོང་ཚོར་བརྩེ་བ་ཟབ་མོས་གསུངས།

ཚེས་28ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲེན་དབྱང་དུ་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་བྱང་ཤར་ས་ཁུལ་ནི་རང་རྒྱལ་གྱི་བཟོ་ལས་དང་ཞིང་ལས་ཀྱི་རྟེན་གཞི་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་། འབྲུ་རིགས་ཀྱི་བདེ་འཇགས། སྣོད་བཅུད་ཀྱི་བདེ་འཇགས། ནུས་རྒྱུའི་བདེ་འཇགས། ཐོན་ལས་ཀྱི་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། དུས་རབས་གསར་པའི་བྱང་ཤར་དར་རྒྱས་ནི་ཁྱོན་ཡོངས་ཀྱི་དར་རྒྱས་དང་ཕྱོགས་ཡོངས་ཀྱི་དར་རྒྱས་ཡིན་པས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞོགས་འདེགས་སྐུལ་སྤེལ་གཏོང་བའི་ངོས་ནས་དམ་འཛིན་བྱེད་དགོས་ཤིང་། ཁ་ཕྱོགས་ཡང་དག་དང་། ངེས་ཤུགས་རྒྱུན་འཁྱོངས། ལེགས་སྤེལ་ཉེས་འགོག ལེགས་ཆ་འདོན་སྤེལ། མཐའ་གཅིག་ཏུ་ལག་བསྟར་དང་སྙིང་རུས་གཏན་འཁྱོངས། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། ཁོར་ཡུག་སླར་གསོ། དཔའ་ཉམས་སླར་གསོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་གྱི་འདེགས་སྐྱོར་བརྟན་པོ་ཆགས་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་བྱང་ཤར་དར་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་བླང་བྱ་ཁག་6བཏོན་གནང་བ་སྟེ། གཅིག་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རྨང་གཞིར་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། གཉིས་ནི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རྒྱུ་གཙོ་གནད་དུ་བྱས་ཏེ་གསར་གཏོད་ལ་བརྟེན་ནས་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱེད་དགོས་པ། གསུམ་ནི་གནད་སྨིན་ཇུས་བསྟར་ལ་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་བྱས་ནས་མཐུན་སྦྱོར་དང་འཕེལ་རྒྱས་ཀྱི་རྣམ་པ་གཏོད་དགོས་པ། བཞི་ནི་སྣོད་བཅུད་འཛུགས་སྐྱོང་དང་འབྲུ་རིགས་ཐོན་སྐྱེད་ལ་སྔར་བས་རྒྱབ་སྐྱོར་ཡག་པོ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལེགས་ཆ་སྲ་བརྟན་དང་མཐོ་རུ་གཏོང་དགོས་པ། ལྔ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ནས་སྒོ་དབྱེ་དང་མཉམ་ལས་ཀྱི་མཐོ་ས་སྐྲུན་དགོས་པ། དྲུག་ནི་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་རྒྱུར་སྔར་བས་དོ་ཁུར་བྱས་ཏེ་མི་དམངས་མང་ཚོགས་ཀྱིས་བྱང་ཤར་དར་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།