ལྷ་སའི་500kVགློག་གཏོང་གློག་སྒྱུར་ལས་གྲྭའི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཐེངས་གཉིས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-07 16:15:12

ལྷ་སའི་500kVགློག་གཏོང་གློག་སྒྱུར་ལས་གྲྭའི་ཁོར་ཡུག་གི་ཤུགས་རྐྱེན་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཐེངས་གཉིས་པ།

ལྷ་སའི་500kVགློག་གཏོང་གློག་སྒྱུར་ལས་གྲྭའི་ཁོར་ཡུག་ཤུགས་རྐྱེན་གྱི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་སྤྱིར་བཟོས་ཟིན་པ་དང་།  ད་ཆ《ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ནང་སྤྱི་དམངས་ཞུགས་པའི་བྱ་ཐབས》ཀྱི་བླང་བྱ་གཞིར་བཟུང་།  སྤྱི་དམངས་ལ་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག  ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྱི་ནང་དོན་ཆ་ཚང་དྲ་འབྲེལ་བྱེད་སྟངས་དང་དེ་བཞིན་ཤོག་ཐོག་སྙན་ཞུ་ཀློག་བཤེར་བྱེད་སྟངས་དང་ཐབས་ལམ།

ལས་གྲྭ་དེའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་ལས་གྲྭ་དེར་དོ་ཁུར་བྱེད་མཁན་ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ལས་གྲྭ་དེའི་ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཀློག་བཤེར་བྱེད་དགོས་ཚེ་དེ་རིང་ནས་བཟུང་དྲ་ཚིགས“hpp∶∥www.xz.sgcc.com.cn  བརྡ་ཐོའི་སྤྱི་བསྒྲགས”ཞེས་པར་ཞུགས་ཚེ་ལས་གྲྭ་དེའི་ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་ཀློག་བཤེར་ཐུབ་པ་དང་ཤོག་ཐོག་གི་སྙན་ཞུ་ཀློག་བཤེར་བྱེད་དགོས་ཚེ་གཤམ་གསལ་གྱི་དོན་ཚན་བཞི་པོའི་འབྲེལ་གཏུག་བྱེད་ཐབས་བརྒྱུད་ཀློག་བཤེར་བྱེད་ཆོག

གཉིས། བསམ་འཆར་བསྡུ་ལེན་གྱི་སྤྱི་དམངས་ཁྱབ་ཁོངས།

བསམ་འཆར་བསྡུ་ལེན་གྱི་སྤྱི་དམངས་ཁྱབ་ཁོངས་ནི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཁྱབ་ཁོངས་ནང་གི་སྤྱི་དམངས་དང་།  ཁྲིམས་མི། རྩ་འཛུགས་གཞན་བཅས་ཡིན་པ་དང་།  ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་ཁྱབ་ཁོངས་ཕུད་པའི་སྤྱི་དམངས་དང་། ཁྲིམས་མི།  རྩ་འཛུགས་གཞན་བཅས་ཀྱིས་ཀྱང་རྩ་ཆེའི་བསམ་འཆར་འདོན་ཆོག

གསུམ། སྤྱི་དམངས་ཀྱི་བསམ་འཆར་རེའུ་མིག་གི་དྲ་རྒྱའི་འབྲེལ་མཐུད།

ཁོར་ཡུག་ཤུགས་རྐྱེན་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྱི་ནང་དོན་ཆ་ཚང་བའི་དྲ་རྒྱའི་འབྲེལ་མཐུད་དང་གཅིག་མཚུངས་འབྲེལ་མཐུད་བྱེད་ཆོག

བཞི། སྤྱི་དམངས་ཀྱིས་བསམ་འཆར་འདོན་སྟངས་དང་ཐབས་ལམ།

སྤྱི་དམངས་ལ་རྣམ་གྲངས་འདིའི་ཁོར་ཡུག་ཤུགས་རྐྱེན་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དང་འབྲེལ་བའི་བསམ་འཆར་དང་གྲོས་འགོ་ཡོད་ཚེ་གོང་གསལ་གྱི་དྲ་རྒྱར་འབྲེལ་མཐུད་བྱས་ནས《འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་གི་སྤྱི་དམངས་ཀྱི་བསམ་འཆར་རེའུ་མིག》ཕབ་རྒྱོང་བྱེད་པ་དང་བརྒྱངས་ཟིན་པའི་རེའུ་མིག་གཤམ་གསལ་གྱི་བྱེད་ཐབས་ཐོག་ནས་འཛུགས་སྐྲུན་ཚན་པར་སྦྲག་ཐོག་ནས་བསྐུར་ན་འགྲིག

ཚན་པའི་མིང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི།

སྦྲག་བསྐུར་རྩིས་ལེན་མཁན། སུན་ཀུང་།

ས་གནས།  བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་སྐོར་བྱང་ལམ་སྒོ་རྟགས་19པ།

སྦྲག་ཨང་། 850000

སྦྲག་སྒམ། 416661622@qq.com

ལྔ། སྤྱི་དམངས་ཀྱིས་བསམ་འཆར་འདོན་པའི་དུས་ཚོད།

སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལས་ཀའི་དུས་ཚོད་ཉིན་བཅུ་ཡི་ནང་ཚུན་ཡིན་པ།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས།

ཀྲུང་གོ་གློག་ཤུགས་ལས་གྲྭ་བློ་འདྲི་ཚོགས་པ་ནུབ་བྱང་གློག་ཤུགས་ཇུས་འགོད་ཁང་ཚད་ཡོད་ཀུང་སི།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།