སེར་རྟགས་རླངས་འཁོར་གྱི་འགྲོ་འོང་ཚོད་འཛིན་ཁྱབ་ཁོངས་སྐོར་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་བརྡ་ཁྱབ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-26 14:46:37

རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། སེར་རྟགས་རླངས་འཁོར་མེད་པ་བཟོ་རྒྱུའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་བཙོག་དངོས་འབུད་གཏོང་ཉུང་དུ་ནུས་ལྡན་གཏོང་བ། རང་གྲོང་ཁྱེར་གྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་ལེགས་སུ་ཏན་ཏིག་གཏོང་བ་བཅས་བྱ་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་ཁྲིམས་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་སེར་རྟགས་རླངས་འཁོར་གྱི་འགྲོ་འོང་ཚོད་འཛིན་བརྡ་ཁྱབ་ད་ལྟ་བཏང་རྒྱུ་ཡིན་པ་གཤམ་གསལ།

གཅིག ཁྱབ་ཁོངས་སུ་བསྐྱོད་མི་ཆོག་པའི་འཁོར་རིགས།

“སེར་རྟགས་རླངས་འཁོར”ཞེས་པ་ནི་དུ་བ་འབུད་པའི་ཚད་གཞི་དེ་རྒྱལ་ཁབ་ཀྱི་དུ་བ་འབུད་ཚད་ཀྱི་ཚད་གཞི་དང་པོ་ལས་དམའ་བའི་རླངས་སྣུམ་རླངས་འཁོར་དང་རྒྱལ་ཁབ་ཀྱི་དུ་བ་འབུད་ཚད་ཀྱི་ཚད་གཞི་གསུམ་པ་ལས་དམའ་བའི་ཁྲའེ་ཡིའུ་སྣུམ་བླུགས་པའི་རླངས་འཁོར་ལ་ཟེར།

ཞིབ་ཕྲའི་རིགས་དབྱེའི་ཚད་གཞི་གཤམ་གསལ་ལྟར།

1. 2000ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་རླངས་སྣུམ་མམ་ཡང་ན་སོལ་རླངས་བླུགས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཟོག་འདྲེན་རླངས་འཁོར་ཆུང་གྲས།

2. 2001ལོའི་ཟླ་10ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་རླངས་སྣུམ་མམ་ཡང་ན་སོལ་རླངས་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆུས་གྲས།

3. 2003ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་རླངས་སྣུམ་བླུགས་པའི་ཟོག་འདྲེན་རླངས་འཁོར་འབྲིང་གྲས་དང་ཆེ་གྲས(ཕྱེད་བཀལ་འདྲུད་འཐེན་རླངས་འཁོར་ཚུད)དང་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་།

4. 2001ལོའི་ཟླ་9ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་སོལ་རླངས་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲས་དང་འབྲིང་གྲས(ཕྱེད་བཀལ་འདྲུད་འཐེན་རླངས་འཁོར་ཚུད)དང་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་།

5. 2008ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་ཁྲའེ་ཡིའུ་སྣུམ་བླུགས་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས།

6. 2009ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་ཁྲའེ་ཡིའུ་སྣུམ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆུང་གྲས།

7. 2008ལོའི་ཟླ་7ཚེས་1ཉིན་གྱི་གོང་དུ་ཐོ་འགོད་བྱས་པའི་འཕྲུལ་སྣུམ་རིགས་ཀྱི་ཁྲའེ་ཡིའུ་སྣུམ་བླུགས་པའི་ཟོག་འདྲེན་རླངས་འཁོར་ཆེ་གྲསདང་འབྲིང་གྲས(ཕྱེད་བཀལ་འདྲུད་འཐེན་རླངས་འཁོར་ཚུད)དང་འགྲུལ་སྐྱེལ་རླངས་འཁོར་ཆེ་འབྲིང་།

གཉིས། འགྲོ་འོང་ཚོད་འཛིན་ཁྱབ་ཁོངས་དང་དུས་ཚོད།

ཉིན་གང(ཆུ་ཚོད་24རིང)སེར་རྟགས་རླངས་འཁོར་བརྒྱད་གཅིག་ལམ་གྱི་ཤར་ངོས་དང་། གཙང་བྲན་ལམ་གྱི་ནུབ་ངོས། འདམ་ར་ལམ་གྱི་ལྷོ་ངོས། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་ཀྱི་གཙང་རྒྱུད་ལམ་གྱི་བྱང་ངོས་བཅས་སུ་བསྐྱོད་མི་ཆོག

བརྡ་ཁྱབ་དེ་བཏང་བའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས།

ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས།

2017ལོའི་ཟླ་7ཚེས་9ཉིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།