སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་སྐབས་འཕྲུལ་སྒུལ་འཁོར་རིགས་འགྲོ་འོང་ཚོད་འཛིན་བྱེད་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་བརྡ་ཁྱབ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-26 14:46:37

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ཆ་རྐྱེན་འོག་རང་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཚོད་འཛིན་དང་ཆུང་དུ་གཏོང་ཆེད། རང་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ད་ལྟ་སྦགས་བཙོག་ཚབས་ཆེན་གྱི་གནམ་གཤིས་ཆ་རྐྱེན་འོག་འཕྲུལ་སྒུལ་འཁོར་རིགས་འགྲོ་འོང་ཚོད་འཛིན་བྱེད་རྒྱུའི་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།

གཅིག ཉེན་ཟོན་སྔོན་བརྡ་གཏོང་བའི་རིམ་པ།

རང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་རང་གྲོང་ཁྱེར་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་གི་ཚད་གཞི་དང་འཕེལ་རྒྱས་འགྲོ་ཚུལ་དང་དེ་བཞིན་དེ་ལས་བཟོས་པའི་ཉེན་ཁའི་ཚད་གཞི་གཞིར་བཟུང་ཁྱབ་བསྒྲགས་བྱས་པའི་འབྲེལ་ཡོད་ཉེན་བརྡ་གཏོང་བའི་ཆ་འཕྲིན་ནི(སྤྱིར་བཏང་ལ་ཚབས་ཆེན་དང་། ཆེས་ཚབས་ཆེན། ཆེས་ཚབས་ཧ་ཅང་ཆེ་བ་བཅས་རིམ་པ་གསུམ་དུ་ཕྱེ་བ་དང་། དེ་དག་སེར་མདོག་དང་། ལི་མདོག དམར་མདོག་བཅས་ཀྱིས་དེ་མཚུངས་ཀྱི་མཚོན་རྟགས་བྱེད་ཀྱི་ཡོད)ཡིན་པ་དང་རིམ་པ་མི་འདྲ་བའི་ཉེན་བརྡ་སྔོན་གཏོང་ལ་དམིགས་ནས་རང་གྲོང་ཁྱེར་གྱི་འཕྲུལ་སྒུལ་འཁོར་རིགས་འགྲོ་འོང་ཚོད་འཛིན་གྱི་བྱ་ཐབས་སྤྱད་ཡོད།

གཉིས། དང་ལེན་བྱ་ཐབས།

གྲོང་ཁྱེར་ཡོངས་ཀྱིས་རླུང་ཁམས་ཆེན་པོའི་སྦགས་བཙོག་གི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་རྗེས་སྤྱི་བདེ་འགྲིམ་འགྲུལ་སྡེ་ཚན་གྱིས་རིམ་པ་མི་འདྲ་བའི་རླུང་ཁམས་ཆེན་པོའི་སྦགས་བཙོག་ཚབས་ཆེའི་ཚད་གཞིར་དམིགས་ནས་གཤམ་གསལ་གྱི་འགྲོ་འོང་ཚོད་འཛིན་གྱི་འཕྲལ་སྡོམ་བྱ་ཐབས་སྤྱོད་རྒྱུ་སྟེ།

(གཅིག)སྦགས་བཙོག་ཚབས་ཆེན(སེར་མདོག)(ལྷ་སའི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་དང་། ཁོར་ཡུག་གཙང་སྦྲའི་འཁོར་རིགས། སྤྱི་སྤྱོད་རླངས་འཁོར། ལས་གཉེར་སྐྱེལ་འདྲེན་རླངས་འཁོར་བཅས་ཕུད)ལམ་ཡིག་ཁྱེར་བའི་ལས་གྲྭའི་ས་རོ་སྐྱེལ་འདྲེན་རླངས་འཁོར་སོགས་དང་ཨར་འདམ་སྐྱེལ་འདྲེན་རླངས་འཁོར་སོགས་ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་མི་ལོན་པའི་འཁོར་རིགས་ནུབ་སྐོར་ལམ་གྱི་ཤར་ངོས་དང་། རྔ་ཆེན་ཟམ་ཆེན་གྱི་ནུབ་ངོས། བྱང་སྐོར་ལམ་གྱི་ལྷོ་ངོས། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་རྒྱུད་ཀྱི་གཞུང་ལམ་དང་བྱང་ངོས་ཁྱབ་ཁོངས་སུ་བསྐྱོད་མི་ཆོག

(གཉིས)སྦགས་བཙོག་ཆེས་ཚབས་ཆེན(ལི་མདོག)ཁྲེང་ཀོན་ཆུས་ནང་ཁུལ་གྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་གྲོང་ཁྱེར་དེ་གའི་ཁོངས་གཏོགས་སྤྱི་ཚོགས་ཚོགས་པ་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་ཚན་པ། གཞུང་འཁོར་བེད་སྤྱོད་བྱེད་ཚད་30%ཉུང་དུ་གཏོང་རྒྱུ་དང་། ཚན་པ་ཁག་གི་ལས་དོན་མི་སྣ་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ནང་སྡོད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཞིབ་ཕྲའི་བྱ་ཐབས་ནི། འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་ཨང་རྟགས་མཇུག་གྲངས་གཞིར་བཟུང་གཏོང་རྒྱུ་ཚོད་འཛིན་བྱེད་རྒྱུ་དང་། ཉིན་གང་ནུབ་སྐོར་ལམ་གྱི་ཤར་ངོས་དང་། རྔ་ཆེན་ཟམ་ཆེན་གྱི་ནུབ་ངོས། བྱང་སྐོར་ལམ་གྱི་ལྷོ་ངོས། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་རྒྱུད་ཀྱི་ལམ་དང་དེ་བཞིན་བྱང་མའི་ཁྱབ་ཁོངས་ནང་བསྐྱོད་མི་ཆོག ཐེངས་དང་པོའི་འཁོར་གཏོང་ཚོད་འཛིན་གྱི་འཁོར་རྟགས་མཇུག་གྲངས་ནི་2.3.8ཡིན་པ་དང་། ཐེངས་གཉིས་པའི་འཁོར་གཏོང་ཚོད་འཛིན་གྱི་འཁོར་རྟགས་མཇུག་གྲངས་ནི1.6.9ཡིན་པ། ཐེངས་གསུམ་པའི་འཁོར་གཏོང་ཚོད་འཛིན་གྱི་འཁོར་རྟགས་མཇུག་གྲངས་ནི4.5.7.0བཅས་རེད། ཐེངས་གསུམ་གྱི་རྗེས་སུ(ལྷ་སའི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་དང་། ཁོར་ཡུག་གཙང་སྦྲའི་རླངས་འཁོར། སྤྱི་སྤྱོད་རླངས་འཁོར། གཉེར་སྐྱོང་སྐྱེལ་འདྲེན་རླངས་འཁོར་བཅས་ཕུད)འཁོར་རྒྱུག་བེད་སྤྱོད་བྱེད་རྒྱུ།

(གསུམ)སྦགས་བཙོག་ཚབས་ཧ་ཅང་ཆེ་བ།(དམར་མདོག)འཕྲུལ་སྒུལ་འཁོར་རིགས་གཞུང་ལམ་དུ་སྐྱོད་པའི་བསྡོམས་འབོར་རྒྱུན་གཏན་གནམ་གཤིས་ཆ་རྐྱེན་འོག་ལས་50%ཡན་ཉུང་དུ་གཏོང་རྒྱུ། ཁྲེང་ཀོན་ཆུས་ནང་ཁུལ་གྱི་རིམ་ཁག་ཏང་སྲིད་ལས་ཁུངས་དང་གྲོང་ཁྱེར་དེ་གའི་ཁོངས་གཏོགས་སྤྱི་ཚོགས་ཚོགས་པ་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་ཚན་པ་བཅས་ཀྱིས་གཞུང་འཁོར་བེད་སྤྱོད་བྱེད་ཚད་50%ཉུང་དུ་གཏོང་བ་དང་། ཚན་པ་ཁག་གི་ལས་དོན་མི་སྣ་སྤྱི་སྤྱོད་འགྲིམ་འགྲུལ་རླངས་འཁོར་ནང་སྡོད་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན། ཞིབ་ཕྲའི་བྱ་ཐབས་ནི་འཕྲུལ་སྒུལ་འཁོར་རིགས་ཆུང་གྲས་འཁོར་རྟགས་ཀྱི་མཇུག་གྲངས་གཞིར་བཟུང་གཏོང་རྒྱུའི་ཚོད་འཛིན་བྱེད་རྒྱུ། ཉིན་གང་ནུབ་སྐོར་ལམ་གྱི་ཤར་ངོས་དང་། རྔ་ཆེན་ཟམ་ཆེན་གྱི་ནུབ་ངོས། བྱང་སྐོར་ལམ་གྱི་ལྷོ་ངོས། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་རྒྱུད་ཀྱི་ལམ་དང་དེ་བཞིན་བྱང་མའི་ཁྱབ་ཁོངས་ནང་བསྐྱོད་མི་ཆོག ཐེངས་དང་པོའི་འཁོར་གཏོང་ཚོད་འཛིན་གྱི་འཁོར་རྟགས་མཇུག་གྲངས་ནི་8.4.9.5.0ཡིན་པ་དང་། ཐེངས་གཉིས་པའི་འཁོར་གཏོང་ཚོད་འཛིན་གྱི་འཁོར་རྟགས་མཇུག་གྲངས་ནི1.2.3.6.7ཡིན་པ། (ལྷ་སའི་འཚོ་བའི་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་དང་། ཁོར་ཡུག་གཙང་སྦྲའི་རླངས་འཁོར། སྤྱི་སྤྱོད་རླངས་འཁོར། གཉེར་སྐྱོང་སྐྱེལ་འདྲེན་རླངས་འཁོར་བཅས་ཕུད)ཐེངས་གཉིས་ཀྱི་རྗེས་སུ་འཁོར་རྒྱུག་བེད་སྤྱོད་བྱེད་རྒྱུ།

གནས་ཚུལ་རིགས་དང་པོ། གལ་ཏེ་སྦགས་བཙོག་ཅུང་ཚབས་ཆེན་གྱི་གནམ་གཤིས་དེ་སྦགས་བཙོག་ཚབས་ཧ་ཅང་ཆེ་བའི་གནམ་གཤིས་སུ་རིམ་སྤོར་བྱས་པའི་གནས་ཚུལ་ཐོན་ཚེ(འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་གྲངས་འབོར་30%ནས་50%བར་མཐོ་རུ་གཏོང་རྒྱུ)

འགྲོ་འོང་ཚོད་འཛིན་འཁོར་རྟགས་དེ་ཐེངས་དང་པོའི་འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་མཇུག་གྲངས་དེ་1.6.9.4.0དང་། ཐེངས་གཉིས་པའི་འགྲོ་འོང་ཚོད་འཛིན་འཁོར་རྟགས་མཇུག་གྲངས་2.3.7.5.8ལ་ལེགས་སྒྲིག་བྱེད་རྒྱུ།

གནས་ཚུལ་རིགས་གཉིས་པ། གལ་ཏེ་སྦགས་བཙོག་ཧ་ཅང་ཚབས་ཆེ་བའི་གནམ་གཤིས་དེ་སྦགས་བཙོག་ཅུང་ཚབས་ཆེན་གྱི་གནམ་གཤིས་སུ་འགྱུར་བའི་གནས་ཚུལ་ཐོན་ཚེ(འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་གྲངས་འབོར་དེ་50%ནས་30%བར་དམའ་རུ་གཏོང་རྒྱུ)དང་འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་ཐེངས་དང་པོའི་འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་མཇུག་གྲངས་1.6.9དང་། ཐེངས་གཉིས་པའི་འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་མཇུག་གྲངས་2.3.8 ཐེངས་གསུམ་པའི་འགྲོ་འོང་ཚོད་འཛིན་འཁོར་རྟགས་ཀྱི་མཇུག་གྲངས་4.5.7.0བཅས་ལ་ལེགས་སྒྲིག་བྱེད་རྒྱུ་ཡིན།

བརྡ་ཁྱབ་དེ་བཏང་བའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས།

ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས། 2017ལོའི་ཟླ་7ཚེས་9ཉིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།