བདག་མེད་ཤིང་རྒྱུ་ཐག་གཅོད་བྱ་རྒྱུའི་སྤྱི་བསྒྲགས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2017-04-17 10:46:52

2016ལོའི་ཟླ་11ཚེས་11ཉིན་ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཁོངས་སུ་ཤིང་རྒྱུ་སྐྱེལ་འདྲེན་ལག་ཁྱེར་མེད་པའི་ཟོག་འདྲེན་རླངས་འཁོར་ལྔ(འཁོར་རྟགས་ནི་

藏 BC0700དང་། 藏 GA8883 藏 BC1011

藏 DA9868 藏 GA3666བཅས་སོ)རྩད་གཅོད་ཐུབ་བྱུང་། ཞིབ་བཤེར་བྱས་པ་བརྒྱུད་རླངས་འཁོར་ལྔ་པོའི་ནང་གི་ཤིང་རྒྱུ་དེ་དག་རྩིས་ལེན་མཁན་མེད་པ་དང་ཁ་ལོ་བས་ཤིང་རྒྱུ་དེ་དག་གི་བདག་པོའི་ཆ་འཕྲིན་མཁོ་འདོན་བྱེད་མི་ཐུབ་ཅེས་གྱོད་དོན་སྙན་སེང་འབྱོར་བ་རེད། ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཞིབ་བཤེར་ཐུབ་པའི་ཤིང་རྒྱུ་དེ་དག་ཁྲིམས་ལྟར་བཀག་ཉར་བྱས་པ་དང་འབྲེལ། 2016ལོའི་ཟླ་12ཚེས་30ཉིན་ཉིང་ཁྲིའི་ཚགས་པར་ཐོག་ཤིང་རྒྱུ་དེ་དག་གི་བདག་པོས་ཉིན་60ཡི་ནང་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་ནགས་ལས་ཅུས་ལ་བརྟག་དཔྱད་ཐག་གཅོད་དང་ལེན་བྱེད་པར་ཡོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་མོད། འོན་ཀྱང་མིག་སྔའི་བར་ཤིང་རྒྱུ་དེ་དག་གི་བདག་པོ་ངེད་ཅུས་སུ་ཡོང་མེད་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཐོག་གཏན་འབེབས་བྱས་པའི་སྤྱི་བསྒྲགས་དུས་བཀག་ཉིན་60ཡང་ད་ལྟ་ཐིམ་ཟིན། དེས་མ་ཚད་རླངས་འཁོར་ཐོག་གི་ཤིང་རྒྱུ་ཚང་མ་ལག་ཁྱེར་མེད་པར་སྐྱེལ་འདྲེན་བྱས་པ་ཞིག་ཡིན་པས《ནགས་ཚལ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བདག་མེད་ཤིང་རྒྱུར་བརྩིས་ནས་གཞུང་བཞེས་བཏང་སྟེ་རྒྱལ་མཛོད་ནང་འབུལ་རྒྱུ་ཡིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།