བོད་ལྗོངས་ཡུལ་སྐོར་ལས་རིགས་ཀྱི་ངལ་རྩོལ་བའི་དུས་རབས་ཀྱི་བསམ་འདུན།

མི་དམས་ཉིན་རེའི་ཚགས་པར།

| 2019-05-06 11:07:56

ཞོགས་པའི་ཉི་གཞོན་སྤོ་བོ་རྫོང་གི་རྦ་ཁ་གྲོང་ཚོར་འཕྲོ་སྐབས་ཨིནྡྲ་ནཱི་ལ་ལྟར་གྱི་རྒུ་ཤང་མཚོ་སྔར་མུས་བཞིན་ལྷིང་འཇགས་སུ་གནས། རྒུ་ཤང་མཚོ་འགྲམ་དུ་ཆགས་པའི་རིན་ཆེན་གྱི་ཁྱིམ་ཚང་མགྲོན་ཁང་གི་སྒེའུ་ཁུང་ནས་ཐག་རིང་དུ་ལྟ་སྐབས། མཚོ་ངོགས་ནས་ལྗོན་ཤིང་གི་གྲིབ་གཟུགས་དང་ཆུ་རིས་ཤིག་ཤིག་མངོན་པ་དང་། དེ་བཞིན་སྔོ་ལྗང་ལྗོན་ཤིང་དང་། དགུང་སྔོན། ཤེལ་གྱི་མཆོད་རྟེན་འདྲ་བའི་རྒྱང་རིང་གི་གངས་རི་བཅས་ནི་པིར་རྩལ་མཁན་པོའི་ཕྱག་སོར་ལས་འཁྲུངས་པའི་མཛེས་རིས་ལྟར་དུ་སྣང་།

རིན་ཆེན་གྱི་ཁྱིམ་ཚང་མགྲོན་ཁང་གི་ཁང་པའི་རྒྱབ་མདུན་གང་སར་སྔོ་ལྗང་ལྗོན་ཤིང་དང་སྤང་ལྗོངས་ཀྱིས་ཁེངས་ཤིང་། བོད་བཟོའི་ཁང་པ་མང་པོ་རིམ་པ་སྟར་ཆགས་བཞིན་བསྐྲུན་འདུག དེ་གར་ཞག་སྡོད་ཁུལ་དང་། བཟའ་བཏུང་ཁུལ། རོལ་རྩེད་ཁུལ་བཅས་ལུགས་མཐུན་ངང་དབྱེ་འདུག་པས། ཁྲོན་བོད་གཞུང་ལམ་ནས་འགྲོ་མཁན་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།

སི་ཁྲོན་ནས་རླངས་འཁོར་བཏང་ནས་བོད་དུ་སྐྱོད་མཁན་ཨ་ཅག་ཡེ་ལགས་ཀྱིས། ང་དྲ་ཐོག་གི་ཡུལ་སྐོར་ལམ་ཐིག་ལ་བལྟས་ནས་ཡོང་བ་ཡིན། མགྲོན་ཁང་གི་ཁང་པའི་བཟོ་ལྟ་མང་ཞིང་། མཛེས་ལྗོངས་ཁང་པ་དང་། བོད་ལུགས་ཀྱི་མི་གཉིས་ཁང་པ། མི་གསུམ་ཁང་པ། མི་བཞི་ཁང་པ། མི་མང་མཉམ་སྡོད་ཁང་པ་སོགས་མང་པོ་འདུག རིན་གོང་འཚམ་པའི་ཁར་མགྲོན་ཁང་ནས་བོད་ཆས་རིན་མེད་ངང་མཁོ་སྤྲོད་བྱེད་ཀྱི་འདུག་ཅེས་བཤད།

འབྱུང་འགྱུར་གྱི་འཕེལ་རྒྱས་སྐོར་གླེང་སྐབས་རིན་ཆེན་གྱིས་བློ་ཡིད་ཚིམས་པོས“ངས་ཁྱིམ་ཚང་མགྲོན་ཁང་ཕྱོགས་མང་སྣེ་ལེན་ནུས་པ་ལྡན་པའི་ཡུལ་སྐོར་སྤྲོ་གསེང་ཨར་ཁང་དུ་བསྐྲུན་པ་མ་ཟད། འདི་གའི་མི་སེར་དང་མཉམ་དུ་རྟ་བོགས་གཏོང་དང་། ཞིང་ནང་གི་མཛེས་ལྗོངས་ལ་ལྟ་བ། ཡུལ་སྐོར་སྣེ་ཤན། དམངས་སྲོལ་གླུ་གར་འཁྲབ་སྟོན་སོགས་ཀྱི་ཞབས་འདེགས་གསར་སྤེལ་བྱས་ནས་མཉམ་དུ་ཡོང་འབབ་བསགས་ཏེ་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཇེ་ཡངས་སུ་བཏང་ནས་ཚང་མ་དང་མཉམ་དུ་ཕྱུག་འགྱུར་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

1998ལོར་བཙུགས་པའི་ཨ་ཁུ་ཕུན་ཚོགས་ཀྱི་མགྲོན་ཁང་ནི་བཀྲ་ཤིས་སྒང་གྲོང་ཚོའི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་རེད། ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་སྐྱོད་སྐབས་། མངོན་གསལ་དོད་ཤོས་ནི་རྒྱ་ལྕོག་གི་ཤེལ་སྒོའི་འོག་ཏུ་བཞག་པའི་སྐུ་མགྲོན་གྱི་མིང་བྱང་དག་རེད་འདུག ཕུན་ཚོགས་ཀྱིས། མིང་བྱང་འདི་འདྲ་བ་ཁྲི་1ལྷག་ཙམ་ཡོད། མིང་བྱང་ཡོད་པས་གལ་སྲིད་ཅ་དངོས་ལུས་ན་བསྐུར་ཆོག་ལ། སྐུ་མགྲོན་གྱི་རེ་འདུན་ལྟར་ཚགས་ཤ་སྐམ་པོ་སོགས་བོད་ཀྱི་ཡུལ་ཟོག་བསྐུར་བ་ཁོ་ནར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་རག་གི་འདུག་ཅེས་བཤད།

ཡི་གེ་མ་ཤེས་ཀྱང་ཕུན་ཚོགས་ཀྱིས་སྔ་ས་ནས་སྐད་འཕྲིན་སྤྱད་དེ་དྲ་གྲོགས་1000ལྷག་ཙམ་དང་སྐད་ཆ་བཤད་ནས་འབྲེལ་བ་བྱེད་ཀྱི་ཡོད། ངོ་ཤེས་མང་པོ་ཡོད་པས་ཕུན་ཚོགས་ལ་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་རག་གི་ཡོད།

ཕུན་ཚོགས་ཀྱི་སྐུལ་ཁྲིད་འོག་བཀྲ་ཤིས་སྒང་གྲོང་ཚོར་དུད་ཚང་68ཡོད་པ་ལས་དུད་ཚང་54ཡིས་ཁྱིམ་ཚང་མགྲོན་ཁང་གཉེར་བས། 2016ལོར་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་རེད། 2018ལོར་གྲོང་ཚོ་ཡོངས་ཀྱིས་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་7.5ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་རག་ཡོད།

བཀྲ་ཤིས་སྒང་གྲོང་ཚོ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་དུ་ཆགས་ཡོད། 2018ལོར་ཀླུ་ནང་གྲོང་རྡལ་ཆུང་ངུའི་ཡུལ་སྐོར་བའི་གྲངས་འབོར་ཁྲི་བརྒྱ་ལས་བརྒལ་ནས《ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས》དུས་དེབ་ཀྱིས“ཀྲུང་གོའི་རྡོག་ཐོན་གྲོང་རྡལ་ཡག་ཤོས”སུ་བདམས་པ་རེད།

ཀླུ་ནང་གྲོང་རྡལ་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པས། འདི་གར་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བ་ཡོང་མཁན་མང་བས་ས་གནས་ཀྱི་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་སྟེ། ད་ཆ་བོད་ཀྱི་ཡུལ་སྐོར་གྱི་མིང་བྱང་གཞན་ཞིག་ལ་གྱུར་ཡོད་ཅེས་བཤད།

བོད་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། རི་ཁའི་ལྟོ་རྟེན་རི་ལ་བརྟེན་པས་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཡོད། 2018ལོར་བོད་ཀྱི་ཞིང་འབྲོག་པ་ཡུལ་སྐོར་ལས་ལ་གཞོལ་མཁན་ཁྲི་7ཟིན་པ་དང་། ཡུལ་སྐོར་ཐོན་ལས་ཀྱིས་མི་འབོར་དབུལ་པོ་ཁྲི་3.2ཡི་དབུལ་སྒྲོལ་ལ་སྐུལ་ཁྲིད་ཐུབ་ཡོད། བོད་ཀྱི་གྲོང་གསེབ་ཡུལ་སྐོར་ས་ཚིགས་200ལྷག་ཙམ་ཟིན་པ་དང་། གྲོང་གསེབ་ཡུལ་སྐོར་ལས་རིགས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་935ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར་12རག་པ་རེད།

2018ལོར་བོད་ཀྱིས་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་3368.7ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་31.5%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་490.1ཟིན་པ་དེ་དུས་མཚུངས་ལས་29.2%འཕར་ཡོད་པ་རེད།

“ད་ཆ་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ང་ཚོས་ཁོར་ཡུག་སྲུང་སྐྱོང་དེ་བས་ལེགས་པ་བྱས་ནས་ཡུལ་སྐོར་བས་གངས་ལྗོངས་ས་མཐོའི་ཡུལ་ལྗོངས་མཛེས་ཤོས་མཐོང་ཐུབ་པ་བྱེད་པ་ནི་ངའི་དུས་རབས་ཀྱི་ཕུགས་འདུན་ཡིན”ཞེས་ཕུན་ཚོགས་ཀྱིས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།