བདེ་སྐྱིད་སྙན་དབྱངས་ཡར་ཀླུང་ས་གཞི་ཆེ་མོར་གྲགས།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2018-09-05 17:07:16

545631_yis_1535626861420_s.jpg

2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཨན་ཧུའེ་ཞིང་ཆེན་གྱི་རྩལ་རྩེད་ཚོགས་པའི་འཁྲབ་སྟོན་པས“སྡེར་སྐོར”འཁྲབ་སྟོན་བྱེད་པ།

545623_yis_1535626850047_s.jpg

ལྷོ་ཁ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལྷོ་ཁ་གྲོང་ཁྱེར་གྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་བ།

ཟླ་བརྒྱད་པའི་ལྷོ་ཁ་ནི་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས་ཤིང་། གླུ་ལེན་གར་འཁྲབ་ཀྱིས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས། ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་ལ་བདེ་སྐྱིད་ཀྱི་མེ་ཏོག་སེམས་ཀྱི་ཞིང་སར་རབ་ཏུ་བཞད།

ཉི་འོད་རབ་ཏུ་འཚེར་བའི་དུས་བཟང་འདིར“བོད་ཀྱི་རིག་པའི་འབྱུང་གནས། བོད་ཀྱི་ལས་འབྲེལ—སྒོ་དབྱེའི་ལྷོ་ཁ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་བརྗོད་དོན་གཙོ་བོའི་2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་འཆར།

545628_yis_1535626857067_s.jpg

ལྟད་མོ་བ་ཚོས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལྟ་བཞིན་པ།

545626_yis_1535626854166_s.jpg

2018ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་ས་མཐོའི་ཁྱད་ལྡན་ཐོན་རྫས་འགྲེམས་ཁུལ་གྱི་ཚོང་ཟོག་གིས་མི་རྣམས་ཀྱི་ཡིད་དབང་འཕྲོགས་པ།

སྐབས་འདིའི་རིག་གནས་དུས་ཆེན་ནི་ལྷོ་ཁ་གྲོང་ཁྱེར་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱིས་མཉམ་དུ་གཉེར་ཞིང་། ལྷོ་ཁ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་། ཨན་ཧུའེ་ཞིང་ཆེན་དུ་ཡན་ལག་ཚོགས་ར་བཙུགས་ཏེ། ས་གནས་གཉིས་ཀྱིས་ཁྱོན་བྱེད་སྒོ་24རེས་སྐོར་ངང་སྤེལ་བ་རེད། རིག་རྩལ་འཁྲབ་སྟོན་དང་། རོལ་རྩེད་འགྲན་བསྡུར། འོས་སྦྱོར་ངོ་སྤྲོད་འགྲེམས་སྟོན་སོགས་བྱེད་སྒོའི་ཁྲོད་མི་རྣམས་དགའ་སྤྲོའི་དཔལ་ལ་རོལ།

ངོ་མཚར་ཆེ་བའི་འདུ་འཛོམས་གཟབ་རྒྱས་ལ་སྐྱེ་བོ་ཀུན་གྱིས་རེ་སྒུག་ཚད་མེད་བྱེད་ཅིང་། ཟླ་8ཚེས་26ཉིན་གྱི་དགོང་མོ་ལྷོ་ཁའི་ལུས་རྩལ་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་རྐུབ་སྟེགས་སྟོང་པ་གཅིག་ཀྱང་མེད། ལྷོ་ཁ་གྲོང་ཁྱེར་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱི་རིག་རྩལ་ལས་དོན་པས་མཉམ་དུ་འཁྲབ་པའི་བོད་དང་ཨན་ཧུའེ་ཡི་ཉམས་འགྱུར་ལྡན་པའི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལྟད་མོ་བ་ཁྲི་ཁྲག་མང་པོའི་རེ་སྒུག་ཁྲོད་འགོ་ཚུགས།

545627_yis_1535626855617_s.jpg

མང་ཚོགས་ཀྱིས་ཞིམ་ཟས་ཀྱི་བྲོ་བ་མྱོང་བཞིན་པ།

545630_yis_1535626859844_s.jpg

སྣ་དཀར་རྩེ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་ལེ་ཚན《“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཚང་མས་སློབ་སྦྱོང་བྱེད》འཁྲབ་སྟོན་བྱེད་པ།

“ཕ་ཡུལ་ནི་ཡུལ་སྨད། རྒྱལ་ཁབ་ནི་ཀྲུང་གོ”ཡི་གཞས་མ་པ་སངས་ཀྱིས་གཞས་འདི《ཡུལ་སྨད་ནི་ངའི་ཕ་ཡུལ་ཡིན》གཏོང་སྐབས་ཐལ་མོའི་རྡེབ་སྒྲ་ཚོགས་ར་ཡོངས་སུ་གྲགས། ལྟད་མོ་ལྟ་མཁན་སྒྲོལ་དཀར་དང་གཡང་འཛོམས་གཉིས་ཀྱིས“ང་ཚོའི་ཕ་ཡུལ་ལ་བཏང་བའི་གཞས་ཧ་ཅང་སྙན་པོ་འདུག ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། སླད་ཕྱིན་ཤང་ཡོངས་ཀྱི་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་པོ་ཡོང་ངེས་རེད”ཅེས་བཤད།

དེ་རྗེས་ཀྱི་གཟའ་འཁོར་གཅིག་རིང་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ལྷ་མོ་དང་། དམངས་ཁྲོད་གླུ་གཞས་འགྲན་བསྡུར“ཡར་ཀླུང་གི་སྐར་ཚོགས” མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། ས་མཐོའི་ཁྱད་ལྡན་ཐོན་རྫས་ཚོང་འདུས། ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།

སློབ་ཆེན་སློབ་མའི་ལས་གཏོད་པ་རྒྱལ་མཚན་ཕུན་ཚོགས་དང་ཁོང་གི་སྨྱན་སྦྱོར་ཀུང་སིའི་ལས་རོགས་10ལྷོ་ཁ་གྲོང་ཁྱེར་གྱི་ཕུལ་བྱུང་གཞས་མ་གཏམ་གྱི་བརྩམས་ཆོས་འགྲེམས་སྟོན་ལ་མཉམ་དུ་མིང་ཐོ་བཀོད་ནས་རང་བརྩམས་རང་འཁྲབ་བྱས་པའི“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། དབུལ་སྒྲོལ་འགག་སྒྲོལ། དམངས་ཀྱིས་བྱ་གཞག་སྐྲུན་ཞེས་སོགས་ནང་དོན་ཟབ་པའི་དགོད་བྲོའི་གཏམ་གླེང་དང་གཏམ་བརྗོད་ཐུང་ངུ་འཁྲབ་པས་ལྟད་མོ་བ་ཚོའི་གདེང་འཇོག་ཡག་པོ་ཐོབ་པ་མ་ཟད། སྒྲིག་འཛུགས་ཨུ་ལྷན་གྱི་བྱ་དགའ་ཆེན་པོ་ཐོབ་པ་རེད།

545629_yis_1535626858440_s.jpg

མི་ཚོགས་ཀྱིས་ཁེངས་པའི་ས་མཐོའི་ཁྱད་ལྡན་ཐོན་རྫས་ཚོང་འདུས།

545625_yis_1535626852793_s.jpg

ལྷོ་ཁ་གྲོང་ཁྱེར་གྱི་མང་ཚོགས་འཁྲབ་སྟོན་པས་ས་མཐོའི་གནའ་བྲོ་འཁྲབ་པ།

ལྷོ་ཁའི་ཡུལ་སྐོར་ངོ་སྤྲོད་འོས་སྦྱོར་ཚོགས་འདུ་དང་། གླུ་གར་ཆེ་གྲས《ཡར་ཀླུང་གཙང་པོ》 ཐང་ག་འགྲེམས་སྟོན། པར་རིས་དང་ཡིག་གཟུཌ་འགྲན་བསྡུར། མི་རིཌ་ལག་ཤེས་བཟོ་རྩལ་འགྲེམས་སྟོན་སོཌ་བྱེད་སྒོས་མང་ཚོགས་མང་པོའི་ཡིད་ཀྱི་བརྟན་པ་ཡོངས་སུ་འཕྲོཌ་པ་མ་ཟད། རྒྱ་བོད་མང་ཚོཌ་དབར་གྱི་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་ཐེབས་ཁར། ཨན་ཧུའེ་ཡི་མི་དམངས་ཚོས་སྐྱེ་སྟོབས་ཀྱི་དཔལ་འབར་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པའི་ལྷོ་ཁ་གསར་པ་ཞིག་མཐོང་ཡོད།

ལོ་གཅིག་དུས་གཅིག་གི་ཡར་ཀླུང་རིག་གནས་དུས་ཆེན་ནི་ལྷོ་ཁའི་མི་དམངས་ཀྱི་དུས་ཆེན་ཞིག་དང་བསམ་པའི་ཉམས་འགྱུར་མངོན་པའི་སྟོན་ཚོགས་ཤིག་ཡིན་པས་ལྷོ་ཁའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པ་མངོན་གྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།