རིག་གནས་ཀྱི་གདེང་ཚོད་སྐོར་གྱི་ལེའུ་གསར་པ་བརྩམས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2019-05-24 17:01:44

623700_yis_1558241174800.jpg

 ལོ་ངོ་སྟོང་ཕྲག་མང་པོའི་རིང་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་ཁྱད་ཆོས་མངོན་གསལ་དོད་པའི་ཤེས་དཔལ་སྣ་ཚོགས་རྒྱུན་འཛིན་དང་ཕན་ཚུན་མཉམ་འདྲེས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་ཞིང་། འདི་ནི་ལྷ་སའི་ནོར་བུ་གླིང་ཁར་ལྷ་མོ་འཁྲབ་བཞིན་པ། 

“རིག་གནས་དར་ཚེ་རྒྱལ་ཁབ་དར་བ་དང་། རིག་གནས་སྟོབས་དང་ལྡན་ཚེ་མི་རིགས་སྟོབས་དང་ལྡན་པ་ཞིག་ཡོང་ཐུབ”ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་བོད་ཀྱི་རིག་གནས་འཕེལ་རྒྱས་དེ་རྒྱལ་ཡོངས་དང་གོམ་སྟབས་གཅིག་མཚུངས་ངང་དུས་རབས་གསར་པར་སླེབས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་རང་ལྗོངས་ཀྱིས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་རང་རྟོགས་ཆེ་རུ་བཏང་སྟེ“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་དམིགས་ཚད་ལ་དམ་པོར་དམིགས་པ་དང“དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུཌ་བརྙན་མངོན་པ”བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་ཏེ“རིག་གནས་ཀྱི་མ་ལག་ཆེན་པོ་དྲུག”ཧུར་ཐག་གཏོད་པ་དང“རིག་གནས་འདུ་འགོད་ཆེན་པོ་བརྒྱད”ལག་བསྟར་ཤུགས་ཆེན་བྱས་ཏེ་རིག་གནས་སྟོབས་ཆེའི་ལྗོངས་ཀྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།  ད་ཆ། སྤྱི་ལེ་ངོས་གྲུ་ཁྲི་120ཡོད་པའི་ས་མཐོའི་ས་ཕྱོགས་གང་སར་གདེང་ཚོད་དང་། སྒོ་དབྱེ། སྐྱེ་སྟོབས་ཀྱིས་དཔལ་འབར་བ་བཅས་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ནས་འཛམ་གླིང་ལ་ངོ་མཚར་ཆེ་བའི་བོད་ཀྱི་གཏམ་རྒྱུད་གླེང་བཞིན་ཡོད། 

རིག་རྩལ་གསར་རྩོམ་བྱས་ཏེ་མི་དམངས་ལ་བརྩེ་སེམས་ཟབ་མོ་མཚོན་པར་བྱེད་པ།

ད་ཕན་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིག་གནས་རིག་རྩལ་ལས་དོན་པས་དུས་རབས་དང་གོམ་སྟབས་གཅིག་མཚུངས་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་བྱེད་པ་མཐའ་འཁྱོངས། སྤུས་རྟགས་ལ་བརྟེན་ནས་མི་དམངས་ལ་ལེགས་སྐྱེས་འབུལ་བ་མཐའ་འཁྱོངས། ཀུན་སྤྱོད་བཟང་པོར་བརྟེན་ནས་དར་སྲོལ་ཁྲིད་སྟོན་བྱེད་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བཅས་བྱས་ཏེ་བོད་མི་དམངས་ཀྱི་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ཚ་ཚ་འུར་འུར་གྱི་འཚོ་བའི་ཁྲོད་ནས་བསམ་པའི་འཚོ་བཅུད་དང་གསར་རྩོམ་སྒུལ་ཤུགས་བསྡུས་ཏེ་བརྗོད་དོན་གཙོ་བོའི་གླུ་གར་མཚན་ཚོགས་ཆེ་གྲས《གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད》དང་། བརྗོད་དོན་གཙོ་བོའི་མཚན་ཚོགས《ཏང་གི་ཚོགས་ཆེན་བཅུ་དགུ་པ་དགའ་བས་བསུ། པེ་ཅིང་ལ་མཇལ་དར་སྒྲོན》 མི་རིགས་ཀྱི་གླུ་གར་ཆེ་གྲས《ཁྲི་གདུགས་ཉི་མའི་བུ་མོ》སོགས་ལས་དུས་རབས་ཀྱི་སྙིང་སྟོབས་མཚོན་པ་དང་བོད་ཀྱི་ཁྱད་ཆོས་མངོན་ཞིང་། སྒྱུ་རྩལ་རང་བཞིན་དང་། ལྟད་མོའི་རང་བཞིན། བསམ་བློའི་རང་བཞིན་བཅས་གཅིག་ཏུ་བསྡུས་པ་དང་མང་ཚོགས་ཀྱིས་མཐོང་འདོད་ཉན་སྤྲོའི་ཕུལ་བྱུང་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་གསར་རྩོམ་བྱས་པ་རེད། ལྷག་པར་དུ་རྒྱལ་གཅེས་རིང་ལུགས་ཀྱིས་བརྗོད་དོན་བྱས་པའི་གཏམ་བརྗོད་ཟློས་གར《ཐུན་མོང་གི་ཁྱིམ་གཞིས》རྒྱལ་ཁབ་ཀྱི་གར་སྟེགས་སྒྱུ་རྩལ་གྱི་སྤུས་རྟགས་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་པའི་འདུ་འགོད་ཆེན་པོ་བཅུའི་གཙོ་གནད་རོགས་སྐྱོར་འཁྲབ་ཚན་གྱི་གྲས་ཀྱི་ངོས་ནས་བསམ་གཞིག་ཡང་ཡང་དང་བཟོ་བཅོས་རིམ་སྤོར་བྱས་པ་བརྒྱུད། ལྗོངས་ཕྱི་ནང་དུ་སྐོར་འཁྲབ་ཐེངས་38བྱས་པར་སྤྱི་ཚོགས་ཀྱི་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། གཏམ་བརྗོད་ཟློས་གར《བར་སྐོར་ཁྲོམ་གཞུང་གི་སྒོ་ར་བྱང་མ》རིག་གནས་དང་ཡུལ་སྐོར་པུའུ་ཡིས་2019ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གར་སྟེགས་སྒྱུ་རྩལ་སྤུས་རྟགས་གསར་རྩོམ་ལ་རྒྱབ་སྐྱོར་བྱེད་པའི་འདུ་འགོད་ཆེན་པོ་བཅུའི་གཙོ་གནད་རོགས་སྐྱོར་འཁྲབ་ཚན་དུ་བཅུག་པ་རེད། 

རིག་གནས་དམངས་ཕན་གྱིས་མི་སེར་གྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ། 

ད་ཕན་ལོ་ཤས་རིང“རིག་གནས་གཤམ་སྤེལ་གྱི”རྨང་གཞིའི་ཐོག་རང་ལྗོངས་ཀྱིས“རིག་གནས་ཀྱི་སྣ་ཁ”དང“ཤང་གཅིག་ལ་སྤུས་རྟགས་གཅིག”གི་རྣམ་པའི“ཁྱད་ལྡན་རིག་གནས་ཐོན་ཁུངས་+དབུལ་སྐྱོར”སོགས་དཔེ་རྣམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་རིག་གནས་རིག་རྩལ་ལས་དོན་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། གྲོང་ཁྱེར་ནས་གྲོང་གསེབ་བར་རང་སོ་སོའི་ཁྱད་ཆོས་ལྡན་པའི་སྤྱི་པའི་རིག་གནས་བྱེད་སྒོ་འཆར་ཅན་དུ་གྱུར་ཡོད། “གཤམ་སྤེལ་གསུམ”དང་། “སྡེ་ཁུལ་དུ་ཁག་བཞི་ཁྱབ་གདལ་གཏོང་བ”“གཞི་རིམ་དུ་སྐྱོད་པ་དང་དྲོ་སྐྱིད་བྱིན་ནས་ཞིང་འབྲོག་མང་ཚོགས་ལ་ནང་མི་མཉམ་འཛོམས་ཀྱི་པར་རྒྱག་པ”“གེགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་མཚོན་པ”“གྲོང་ཚོ་གཅིག་ལ་ལོ་རེར་འཁྲབ་སྟོན་རེ་བྱེད་པ”སོགས་ལྗོངས་ཡོངས་ཀྱི་གོང་འོག་ཏུ་རིག་གནས་བྱེད་སྒོ་འབོར་ཆེན་ཞིག་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི“གསར་བརྗེའི་རིག་རྩལ་གྱི་རྟ་དམག་ཧྲག་པོ”ཡིས་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་གྱི་སྒོ་ཁར་རིག་གནས་ཀྱི་ཞབས་འདེགས་ཞུས་ཡོད། 2018ལོར། ལྗོངས་ཡོངས་ཀྱི་རིག་གནས་དམངས་ཕན་འཁྲབ་སྟོན་བྱེད་ཐེངས་8449ཟིན་པ་དང་ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་5475རུ་གཞི་རྩའི་ཆ་ནས་ཡོངས་ཁྱབ་བྱུང་ཡོད། གཞན་ཡང་། སྤེལ་འགོ་ཚུགས་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་དཔེ་སྐྲུན་རྣམ་གྲངས་ཀྱིས་ད་ཕན་ལོ་ཤས་རིང་བརྩམས་པའི་ཕུལ་བྱུང་གླུ་གར་དང་། གཏམ་བརྗོད་ཟློས་གར། ལྷ་མོ་སོགས་འོད་སྡེར་བཟོས་ནས་གཞི་རིམ་མང་ཚོགས་ལ་སྤྲད་དེ་མང་ཚོགས་ཀྱི་གླུ་ལེན་གར་འཁྲབ་ཀྱི་བདེ་སྐྱིད་རྣམ་པ་གང་སར་མཐོང་རྒྱུ་ཡོད། 

གསོན་ཤུགས་སྤེལ་ནས“རིག་གནས་+”གྱི་རླུང་གཡོར་བསྒྲེངས་ཏེ་རྒྱང་སྐྱོད་བྱས་པ། 

ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་ཧུར་ཐག་བསྟུན་པ་དང་མཁོ་སྤྲོད་ཕྱོགས་ལ་ཤུགས་རྒྱག་རྒྱུར་དམིགས་པ་དང་འབྲེལ། ཁྲོམ་རར་གཞི་ཚུགས་པའི་སྔོན་འགྲོའི་འོག་བསམ་གཞིག་ཟབ་མོ་བྱས་ཏེ་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་སྤྱི་འདོམས་འཆར་འགོད་བྱས་ཐོག རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཕན་འདོགས་པའི་གཟིགས་སྐྱོང་སྲིད་ཇུས་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད། འཚོལ་ཞིབ་དང་ལག་ལེན་ཟམ་མི་ཆད་པར་བྱས་པ་བརྒྱུད་རིག་གནས་དང་ཡུལ་སྐོར། ཚན་རྩལ། དྲ་སྦྲེལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི“རིག་གནས་+”གྱི་མཉམ་འདྲེས་དཔེ་རྣམ་ལ་རང་ལྗོངས་སུ་གསོན་ཤུགས་ཆེན་པོ་འཕེལ་བཞིན་ཡོད་པ་དེ་ལས་མདུན་ལམ་ཡག་པོ་དང་། ཁྱད་ཆོས་ལྡན་པ། ནང་དོན་ཟབ་པ་བཅས་ཀྱི་རིག་གནས་ལས་རྣམ་གསར་པའི་རྣམ་གྲངས་འབོར་ཆེན་ཞིག་ཐོན་ཡོད། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཡིན་པའི་ངོས་ནས“རིག་གནས་+ཡུལ་སྐོར”མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་མཚོན་ཚུལ་མངོན་གསལ་དོད་པ་དང་གློག་བརྙན་བརྙན་འཕྲིན་དང་། འཁྲབ་རྩལ། དུས་ཆེན་འདུ་ཚོགས་སོགས་འདྲེན་རྟེན་དུ་བྱས་པ་བརྒྱུད་ཡུལ་སྐོར་གྱི་རིག་གནས་སྙིང་དོན་ཕུན་སུམ་ཚོགས་སུ་བཏང་བ་དང་ཡུལ་སྐོར་ཡོང་འབབ་ཀྱི་ཟིན་ཐོ་གསར་པ་རྒྱུན་མཐུད་བཏོད་ཡོད་ལ། བོད་དང་ནང་སའི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལའང་སྔར་བས་ཤུགས་སྣོན་བརྒྱབ་ཡོད། 

“སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བར་ང་ཚོར་བྱེད་རིན་ཆེན་པོ་ཡོད”དེ་ནི་རྒྱ་ཆེའི་རིག་གནས་རིག་རྩལ་ལས་དོན་པའི་ཐུན་མོང་གི་བསམ་འདུན་ཡིན་ཞིང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཏེ་རང་ལྗོངས་ཀྱིས་དུས་རབས་ཀྱི་མཚམས་ཚིགས་དང་བསྟུན་ནས་དུས་རབས་དང་འགྲོགས་ཏེ་དཔུང་པ་མཉམ་གཤིབ་ཀྱིས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་རྒྱུན་མཐུད་བཏང་ཐོག་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་བརྗིད་ཆགས་ཉམས་ལྡན་གྱི་འཆར་གཞི་འདིང་བཞིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།