རིག་གནས་ཐོན་ལས་མི་ཉམས་གོང་འཕེལ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-07-20 12:13:31

QQ截图20180720111348.png

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(གླིང་ཁུལ)ཡི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་ཡོངས་ནས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཐོན་ལས་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི(གླིང་ཁུལ)ཁག་དང་པོར་བྱང་བུ་སྤྲོད་པའི་མཛད་སྒོ་འཚོགས་ནས་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི་26དང་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་གླིང་1ལ་བྱང་བུ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱང་བུ་རག་པའི་ཁེ་ལས་ཀྱིས་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་ཏེ་དཔེ་སྟོན་གྱི་ནུས་པ་བཟང་པོ་ཐོན་ཡོད་ཅིང་།

འདི་ནི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིར(གླིང་ཁུལ)བྱང་བུ་སྤྲོད་བཞིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།