པེ་ཅིང་དུ་བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན་བྱེད་འགོ་ཚུགས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2018-05-17 11:51:46

ཟླ་2ཚེས་27ཉིན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི《མཁའ་ལམ་རིག་གནས—བོད་ཀྱི་ལོ་རྒྱུས་རིག་གནས་འགྲེམས་སྟོན》རྒྱལ་ས་པེ་ཅིང་གི་རྟེན་རྫས་བཤམས་མཛོད་ཁང་དུ་བྱེད་འགོ་ཚུགས་ཤིང་། བོད་ལྗོངས་ས་ཁུལ་གྱི་རིག་གནས་དངོས་མང་སྟོན་ཚོགས་སྒྲིག་གཞི་དང་དགོན་སྡེས་མཁོ་འདོན་བྱས་པའི་རིག་དངོས་180ལྷག་ཙམ་ལྟད་མོ་བ་ཚོར་འགྲེམས་སྟོན་བྱས་པའི་ནང་རིམ་པ་གསུམ་པ་ཡན་གྱི་རྒྱལ་ཁབ་ཀྱི་རྩ་ཆེའི་རིག་དངོས་ཀྱིས་90.8%བཟུང་བ་དང་། གཙུག་ལག་ཁང་དང་། བཀྲས་ལྷུན་དགོན། ས་སྐྱ་དགོན་སོགས་དགོན་སྡེ་13གྱིས་མཁོ་འདོན་བྱས་པའི་རིག་དངོས་ཚང་མ་སྤྱི་དམངས་ལ་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།

བོད་ལྗོངས་ས་ཁུལ་གྱི་ངོ་མཚར་ཆེ་བའི་གནའ་བོའི་ཞང་ཞུང་རྒྱལ་ཁབ་ཀྱི་གསེར་གྱི་འབག་དང་། ཁ་རུབ་གནའ་ཤུལ་ནས་ཐོན་པའི་རྫ་ཆས་ཁ་གཅིག་ལྟོ་གཉིས་མ། མིག་སྔར་ཀྲུང་གོའི་གནའ་རྫས་དཔྱད་ཞིབ་ཀྱིས་རྙེད་པའི་ཇ་ལོ་སྔ་ཤོས་ཏེ་དུས་རབས་3པའི་སྐབས་ཀྱི་ཇ་ལོ། ལོ་རྒྱུས་ཐོག་གཞུང་ཕྱོགས་ཀྱིས་བཟོ་བཅོས་བརྒྱབ་པའི་ཡུང་ལེ་དཔར་མའི་བཀའ་བསྟན་འགྱུར་དང་པོ་སོགས་ཚང་མ་ད་ཐེངས་འགྲེམས་སྟོན་གྱི་རྩ་ཆེའི་རིག་དངོས་རེད། གཞན་ཡང་པེ་ཅིང་དང་། ཧོ་པེ། ཁྲུང་ཆིང་། མཚོ་སྔོན་བཅས་ཞིང་ཆེན་དང་གྲོང་ཁྱེར་བཞིའི་རིག་དངོས་ཉར་ཚགས་ཚན་པས་ཀྱང་རྩ་ཆེའི་འགྲེམས་དངོས་ཁག་གཅིག་འགྲེམས་སྟོན་བྱས་ཡོད།

རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་འགྲེམས་སྟོན་དེས་ཕྱོགས་བཞིའི་ཐད་ནས་བོད་ཀྱི་ལོ་རྒྱུས་དང་རིག་གནས་འགྲེམས་སྟོན་བྱེད་པ་དང་བོད་དང་མཐའ་འཁོར་ས་ཁུལ་དང་ནང་སའི་དབར་གྱི་རིག་གནས་སྤེལ་རེས་བརྒྱུད་རིག་གནས་ཀྱི་ཐུན་མོང་ངོས་འཛིན་དང་རྒྱལ་ཁབ་ཀྱི་ཐུན་མོང་ངོས་འཛིན་གྱི་ལོ་རྒྱུས་ཀྱི་རྣམ་པ་གྲུབ་ཡོད། འགྲེམས་སྟོན་དེས་རིག་དངོས་འབོར་ཆེན་དང་ལོ་རྒྱུས་ཀྱི་དོན་དངོས་ནས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་མཚོན་པར་བྱས་ཏེ་ལྟད་མོ་བ་ཚོ་ལྟ་ཕྱོགས་་ཀུན་ནས་བོད་དང་ནང་སའི་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་འཚོལ་ཞིབ་ཐུབ་རྒྱུར་སྣེ་ཁྲིད་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

QQ截图20180517114954.png

འདི་ནི་ཟླ་2ཚེས་27ཉིན་ལྟད་མོ་བས་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་ཚོན་མདོག་སྣ་ཚོགས་ཀྱིས་བརྒྱན་པའི་རྐྱན་ཁྲ་ཅན་ལ(ཆིང་རྒྱལ་རབས)ལྟ་བའི་གནས་ཚུལ་ཡིན་པ།

QQ截图20180517115026.png

འདི་ནི་ཟླ་2ཚེས་27ཉིན་ལྟད་མོ་བས་ལི་སྐུ་ལ་ལྟ་བའི་གནས་ཚུལ་ཡིན་པ

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།