རང་ལྗོངས་ཀྱིས“མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་ཁྱབ་གདལ་གཏོང་བའི”རྣམ་གྲངས་ནང་འཇུག་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-05 12:02:17

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་རིམ་ཁག་རིག་གནས་སྡེ་ཚན་གྱིས་སློབ་གསོ་སྡེ་ཚན་དང་མཐུན་སྒྲིལ་གཞོགས་འདེགས་བྱས་ཏེ་སྲོལ་རྒྱུན་ཞབས་བྲོ་དང་སྲོལ་རྒྱུན་ཟློས་གར་རིགས་ཀྱི་རིམ་ཁག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭའི་སློབ་མ་རྣམས་ལ་འབྲེལ་ཡོད་སློབ་ཚན་ཁྲིད་པ་དང་འཛིན་གྲྭའི་མཛུབ་ཁྲིད་དགེ་རྒན་གྱིས་འགན་ཁུར་ཡོད། རིག་གནས་སྡེ་ཚན་གྱིས་རྩོམ་སྒྲིག་འཁྲབ་ཁྲིད་དང་རྒྱུན་འཛིན་པ་མངགས་ཏེ་ས་གནས་དེ་གའི་ཁྱད་ལྡན་ཞབས་བྲོ་དེ་སློབ་གྲྭའི་སློབ་གསེང་ལུས་རྩལ་ལ་འགྱུར་བ་བྱས་ནས་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ས་གནས་དེ་གའི་སྲོལ་རྒྱུན་ཞབས་བྲོ་དང་སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་བྱེད་པའི་ནང་ཧུར་ཐག་ཞུཌ་པའི་སྤྲོ་སེམས་འཕེལ་བ་བྱས་པ་རེད།

འདི་ལོ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱིས“མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་ཁྱབ་གདལ་གཏོང་བའི”རྣམ་གྲངས་ལག་ལེན་ཤུགས་ཆེན་བསྟར་བ་དེའི་དམིགས་ཡུལ་ནི། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་གསོན་ཤུགས་དང་སྟོབས་ཤུགས་ལ་ཤུགས་སྣོན་རྒྱག་ཆེད་རེད། རྣམ་གྲངས་དེས་རྒྱལ་ཁབ་རིམ་པའི་ཆབ་མདོའི་སྒོར་གཞས་དང་། སྟེང་ཆེན་གྱི་རལ་པ། སྨར་ཁམས་ཀྱི་པི་ཝང་། རང་སྐྱོང་ལྗོངས་རིམ་པའི་བྲག་གཡབ་བྱམས་མདུན་ལྷ་མོ་དང་། རི་བོ་ཆེའི་བྲོ། རྫོང(ཆུས)རིམ་པའི་གོ་འཇོའི་བྲོ། འཇོ་མདའི་ཞབས་བྲོ་བཅས་ཆབ་མདོའི་ཁྱད་ཆོས་ལྡན་པའི་ཞབས་བྲོའི་རིགས་ཁག་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རྣམ་གྲངས་གསར་རྩོམ་དང་བསྡུ་སྒྲིལ་བྱས་ནས་བོད་ཤར་རྒྱུད་ཀྱི་ཞབས་བྲོའི་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རླུང་འཕྲིན་ལུས་སྦྱོང་ཆ་ཚང་ཞིག་གྲུབ་ཡོད། མིག་སྔར“མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་སློབ་གྲྭའི་སློབ་གསེང་ལུས་རྩལ་ནང་ཁྱབ་གདལ་གཏོང་བ”དེ་ཆབ་མདོ་གྲོང་ཁྱེར་གྱི་འགོ་འཇོ་རྫོང་དང་ཆབ་མདོ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭར་ཚོད་ལྟ་བྱས་པས་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། གོམ་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭ་ཆེ་ཁག་ནང་སློབ་ཁྲིད་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།