བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་4.7གྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་བསགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 11:01:10

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ།  བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་དུ།  གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་ཡུལ་སྐོར་གྱི་གནད་སྨིན་དབུལ་སྒྲོལ་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར།  2018ལོར།  བོད་ལྗོངས་ཀྱི་ཡུལ་སྐོར་གྱིས་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དང་།  བོད་ལྗོངས་སུ་ཡུལ་སྐོར་གྱི་ལས་ཀ་བྱེད་མཁན་ཞིང་འབྲོག་པ་མི་ཁྲི་4.7ཟིན་པ།  ཡུལ་སྐོར་ཐོན་ལས་ཀྱིས་མི་འབོར་དབུལ་པོ་ཁྲི་3.2ལ་དབུལ་སྒྲོལ་བྱེད་རོགས་བྱས་པ།  གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་200ལས་བརྒལ་བ།  གྲོང་གསེབ་ཡུལ་སྐོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་935ལ་སྣེ་ལེན་ཞུས་པ།  གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཡོང་འབབ་སྒོར་དུང་ཕྱུར་12ཟིན་པ་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར།  བོད་ལྗོངས་ཀྱི་ཡུལ་སྐོར་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  སྤུས་ལེགས་ཀྱི་ས་ཁོངས་ཡོངས་དང་དུས་ཚིགས་ཚང་མར་ཡུལ་སྐོར་འཕེལ་རྒྱས་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་དང་།  དུས་རབས་གསར་པའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གོ་སྐབས་ཡག་པོ་དང་སྲིད་ཇུས་ཡག་པོ་བེད་སྤྱོད་གང་ལེགས་བྱེད་པ།  ཞིང་འབྲོག་པར་འབབ་འཕར་དང་ལས་ཞུགས་ཐུབ་རྒྱུ་གཅིག་ལྕོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་བཅས་བྱ་རྒྱུ་ཡིན་པ་རེད།  དེ་དང་ཆབས་ཅིག  བོད་ལྗོངས་ཀྱིས་འདི་ལོ་ཞིང་འབྲོག་པ་ཁྲི་10.577ཐད་ཀར་དང་གཞན་བརྒྱུད་ཀྱི་ཕྱོགས་སྒྱུར་ལས་ཞུགས་ཐུབ་པ་དང་།  ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་6.14ཟིན་པ།  མི་འབོར་དབུལ་པོ་ཁྲི་2.2ལ་དབུལ་སྒྲོལ་བྱེད་རོགས་བྱེད་པ།  མི་འབོར་དབུལ་པོ་ཁྲི་5ཡི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།