སྣང་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 11:01:10

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ།  2017ལོའི་ཟླ་4པར“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཚུན།  ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སྔ་རྗེས་སུ་སྨན་བཅོས་བོད་སྐྱོར་རུ་ཁག་ཁག་3ལ་ཁྱོན་མི་23མངགས་ནས་སྣང་རྫོང་དུ་སྨན་བཅོས་བོད་སྐྱོར་ལས་དོན་བསྒྲུབས་པ་རེད།  སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པའི་མི་7ཟླ་བ་3པར་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་དངོས་སུ་བཅའ་སྡོད་བྱས་ནས་ལོ་གཅིག་རིང་གི་སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་པ་རེད།  “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་བསྒྲུབས་པའི་ལོ་གཉིས་རིང་།  རྒྱ་ཆེའི་སྨན་བཅོས་བོད་སྐྱོར་གྱི་རིགས་གཅིག་མཁས་ཅན་གྱིས་ཐོག་མཐའ་བར་གསུམ་དུ་ལས་འགན་བློ་ལ་ངེས་པ་དང་རང་འགུལ་ངང་འགན་འཁུར་བ།  གསར་གཏོད་བྱེད་ཕོད་པ།  སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་བྱས་ཏེ་སྣང་རྫོང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་འཕེལ་མགྱོགས་པོ་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

སྣང་རྫོང་གི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གིས་སྔ་ཕྱི་བར་གསུམ་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་སྨན་བཅོས་བོད་སྐྱོར་གྱི་ལས་དོན་གྱི་གཙོ་གནད་ཅིག་ཏུ་རྩི་བཞིན་ཡོད།  ལོ་གཉིས་ཀྱི་རིང་།  སྣང་རྫོང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་བསྐྲུན་པའི་རྣམ་གྲངས་ལ་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་433བཏང་བ་དང་།  མ་དངུལ་སྒོར་ཁྲི་890མང་དུ་བཏང་ནས་སྣང་རྫོང་གི་གསོ་རླུང་བཟོ་ཁང་གི་རྣམ་གྲངས་དང་།  སྣང་རྫོང་མི་དམངས་སྨན་ཁང་གི་CTཁང་གི་འགོག་སྲུང་དང་ལེ་ལག་ཚང་བའི་སྒྲིག་ཆས་ཉོ་སྒྲུབ་རྣམ་གྲངས།  དེ་བཞིན་སྣང་རྫོང་སྣང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་སྤྱོད་ཁང་གི་རྣམ་གྲངས་ལ་སྤྱད་པས་སྣང་རྫོང་གི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་ཞན་ཆ་སྔར་བས་བསབས་པ་མ་ཟད།  སྣང་རྫོང་གི་རིམ་ཁག་སྨན་བཅོས་སྒྲིག་གཞིའི་མཁྲེགས་ཆས་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་བ་རེད།

འཐུས་སྒོ་ཚང་བའི་ལམ་ལུགས་ནི་སྣང་རྫོང་གི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་དང་།  སྨན་བཅོས་བོད་སྐྱོར་ལས་དོན་གྱི་རུ་མིས་ལམ་ལུགས་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ནས་སྔོན་ཐོན་གྱི་ལྟ་ཚུལ་ཁྱབ་སྤེལ་ཧུར་ཐག་དང་དོ་དམ་གྱི་ཉམས་མྱོང་འབྲེལ་མཐུད་བྱས་ཁར་སྣང་རྫོང་མི་དམངས་སྨན་ཁང་ལ་འཐུས་སྒོ་ཚང་བའི་སྨན་ཁང་དོ་དམ་དང་།  བདེ་འཇགས་འགོག་ཟོན།  ལས་རྗེས་དཔྱད་ཞིབ་སོགས་ལམ་ལུགས་ལམ་སྲོལ་26བཟོ་རོགས་བྱས་པར་བརྟེན།  རྫོང་མི་དམངས་སྨན་ཁང་གི་ཚན་རིག་དང། ཚད་ལྡན།  ནུས་ཆེ་བཅས་ཀྱི་གཉེར་སྐྱོང་ལ་སྐུལ་མ་ནུས་ལྡན་ཐེབས་ཡོད།  སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་ལ་བརྟེན་ནས་སྣང་རྫོང་མི་དམངས་སྨན་ཁང་གིས་2017ལོའི་ཟླ་12པར“རིམ་གཉིས་ཁ་པའི”སྨན་ཁང་བདེ་བླག་ངང་བཙུགས་ཏེ་སྣང་རྫོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་པ་རེད།

སྨན་བཅོས་བོད་སྐྱོར་ལས་དོན་ཟམ་མི་ཆད་པར་ཡར་རྒྱས་ཆེན་པོ་ཕྱིན་པ་དང་བསྟུན་སྣང་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་ལ་བརྟེན་ནས་ནད་ཐོག་སྨན་བཅོས་ཀྱི་ཐབས་ལམ་དཀར་ཆག་ལ་བསྐྱར་དུ་བཟོ་བཅོས་བརྒྱབ་ནས་ནད་ཐོག་སྨན་བཅོས་ཀྱི་ཐབས་ལམ་ནད་རིགས་3ནས་11བར་མང་དུ་བཏང་ཡོད།  དེ་དང་ཆབས་ཅིག་སྨན་བཅོས་བོད་སྐྱོར་ལས་དོན་རུ་མིའི་མཛུབ་ཁྲིད་དང་མཉམ་ཞུགས་འོག་རྫོང་དེའི་མི་དམངས་སྨན་ཁང་གིས་སྔ་རྗེས་སུ་ལྷ་ངའི་རུས་ཆག་གི་གཏན་འཇགས་གཤགས་བཅོས་དང་།  ཁྲག་དཀག་ཚན་ལྔ།  མཁྲིས་བུལ་ཐེན་རྩབས་སོགས་ལག་རྩལ་གསར་པ་20སྔ་རྗེས་སུ་སྤྱད་པས་ལག་རྩལ་གྱི་སྟོང་ཆ་མང་པོ་བསབས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།