《“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག》ཅེས་པའི་དེབ་དཔེ་སྐྲུན་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-07-20 12:15:16

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར“རྒྱུད་གཅིག་ལམ་གཅིག”དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག་གི《“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག》ཅེས་པའི་དེབ་དཔེ་སྐྲུན་བྱས་ཤིང་། འདི་ནི“རྒྱུད་གཅིག་ལམ་གཅིག”གི་སྤྱིའི་རྒྱབ་ལྗོངས་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག་བྱས་པའི་རྒྱལ་ཡོངས་ཀྱི་རིག་གཞུང་བརྩམས་ཆོས་ཐོག་མ་དེ་རེད།

དེབ་འདི་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚན་ཧྲི་དང་། བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དང་འབུམ་རམས་པའི་སློབ་དཔོན། བོད་ལྗོངས་སློབ་ཆེན་ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་། བོད་ལྗོངས་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཡིན་པའི་དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་དང་དེའི་ཞིབ་འཇུག་ཚོགས་པས་ལེགས་སྒྲུབ་བྱས་པ་ཞིག་རེད།

《“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག》ཅེས་པའི་དེབ་ཆ་ཚང་ལ་ཁྱོན་ཡིག་འབྲུ་ཁྲི་21ལྷག་ཙམ་ཡོད་པ་དང་དེབ་འདིའི་ཁྱད་ཆོས་གཙོ་བོ་ནི་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞིབ་འཇུག་བྱ་རྒྱུ་ནང་དོན་གཙོ་བོར་བྱས་པ་དེ་རེད། དགེ་རྒན་ཆེ་མོ་བ་ཐུབ་བསྟན་མཁས་གྲུབ་ཀྱིས་མཐའ་མཚམས་ས་ཁུལ་ལ་ཞིབ་འཇུག་བྱ་རྒྱུར་དམིགས་ནས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ཚེ་གཞི་ནས་བོད་འདི་ཉིད“རྒྱུད་གཅིག་ལམ་གཅིག”ནང་མཉམ་འདྲེས་ཧུར་ཐག་ཐུབ་སྟེ་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་མགྱོགས་མྱུར་འཛུགས་སྐྲུན་བྱ་རྒྱུར་ཕན་པ་ཐོབ་རྒྱུ་རེད་ཅེས་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།