དངུལ་རྩས་“ཞིང་གསུམ”ཞབས་ཞུའི་ལས་དོན་ལ་ནུས་ཤུགས་གསར་པ་མཁོ་འདོན་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-07-20 12:15:16

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། (འཕྲིན་སྤེལ་བ་བཀྲ་ཤིས་ཚེ་རིང) 2018ལོ་ནས་བཟུང་། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད། དེ་བཞིན་ཞིང་ལས་སྤྱི་ཁྱབ་དངུལ་ཁང་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་ཁག་ལག་ལེན་མཐར་ཕྱིན་བསྟར་ཏེ། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པའི་ཤང་གྲོང་དར་རྒྱས་གཏོང་རྒྱུའི་བརྗོད་དོན་གཙོ་བོའི་འཐབ་ཇུས་ལ་དམ་པོར་གཞིགས་ཏེ། གཅིག་ནས་2018ལོའི་“ཞིང་གསུམ”ལས་སྒོར་ཆེད་དོན་དཔྱད་ཞིབ་བྱ་རྒྱུའི་ལག་བསྟར་བྱེད་ཐབས་ཞིབ་ཕྲ་གཏན་འཁེལ་གྱིས“ཞིང་གསུམ”ལ་ཞབས་འདེགས་ཡག་པོ་ཞུ་རྒྱུའི་སྐོར་གྱི་ཡིག་ཆ་ཨང་དང་པོ་འགྲེམས་སྤེལ་བྱས་པ། གཉིས་ནས་ཞིང་ལས་སྤྱི་ཁྱབ་དངུལ་ཁང་དང་རང་སྐྱོང་ལྗོངས་ཀྱི་དངུལ་རྩའི་དབུལ་སྐྱོར་ཀྱི་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་དངུལ་རྩའི་དབུལ་སྐྱོར་དང་རིག་སྟོབས་དབུལ་སྐྱོར་ཟུང་འབྲེལ་དམ་ཟབ་ཀྱིས་དབུལ་པོའི་དུད་ཚང་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ་དངུལ་རྩའི་དབུལ་སྐྱོར་ལས་དོན་ལ“གནད་སྨིན་དང་ཕན་པ་དངོས”སྐུལ་འདེད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་པ། གསུམ་ནས་ཚད་ལྡན་གྲོང་ཚོ་རིམ་པའི་རྩ་འཛུགས་སུ་ཞིང་གསུམ་དངུལ་རྩའི་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། ཡིད་རྟོན་ཁོར་ཡུག་ཅུང་ལེགས་པའི་ས་ཁོངས་སུ་སྔོན་ལ“ཕ་ལམ་བྱང་བུའི་གྲོང་ཚོ”དང“གསེར་བྱང་གྲོང་ཚོ”ཡི་དཔེ་ཚོན་ས་ཚིགས་ཁག་ཅིག་བཙུགས་ནས་ཞིང་འབྲོག་ཁུལ་དུ་དེང་རབས་ཅན་གྱི་དངུལ་རྩའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། རྫོང་ཁོངས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དངུལ་ཁང་ཡོངས་ཀྱི་དངུལ་རྩའི་“ཞིང་གསུམ”ཞབས་ཞུར་གཅིག་གྱུར་གྱིས་འཆར་འགོད་བྱས་ཐོག“ཞིང་གསུམ”ཞབས་ཞུའི“བཀོད་འདོམས་ཀྱི་དབྱུ་གུའི”ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

ཟླ་6པའི་ཟླ་མཇུག་བར། དངུལ་ཁང་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་371.87ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་26.13འཕར་བ་དང་འཕར་ཚད་7.56%ཟིན་པ་དང་། ཐོན་ལས་དབུལ་སྐྱོར་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་123.82ཟིན་ཡོད་ལ་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་29.88ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་0.8འཕར་བ་དང་འཕར་ཚད་2.75%ཟིན་པ། དངུལ་ཁང་ཡོངས་ཀྱིས་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཡིད་རྟོན་རྫོང་དང་། ཤང་(གྲོང་རྡལ) གྲོང་ཚོ་བཅས་ཀྱི་ཁྱབ་ཚད་ཁག་སོ་སོ་52.42%དང་། 79.71% 92.50%ཟིན་གྱི་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།