མཚོ་སྣ་རྫོང་ལེགས་པོ་རོང་གི་མང་ཚོགས་ཚོས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་སྐྱོད།

བོད་ལྗོངས་འཕྲིན་དྲ།

| 2018-05-10 16:18:56

སྤྱི་ཟླ་བཞི་པའི་ཟླ་མཇུག་ཏུ་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་ལེགས་པོ་རོང་གི་གང་སར་སྟག་མའི་མེ་ཏོག་རབ་ཏུ་བཞད་པ་དང་།  ལེགས་པོ་རོང་གི་ཕུ་རུ་གནས་པའི་མོན་པའི་འདུས་སྡོད་ཁུལ་མག་མག་གྲོང་གསར་གྱི་གྲལ་སྟར་བསྒྲིགས་པའི་ཐོག་ཁང་དེ་དག་སྔོ་ལྗང་རི་བོའི་ནགས་གསེབ་ཏུ་གནས་ཡོད།  

ས་སྲོས་མཚམས་སུ་གྲོང་མི་བཅུ་གྲངས་ཁ་ཤས་ཀྱིས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ།  ཡུལ་སྐོར་བ་བཅུ་གྲངས་ཁ་ཤས་ཁྲིད་དེ་གྲོང་ཚོའི་དབུས་ཀྱི་ཐང་ཆེན་ཐོག་སྒོར་གཞས་འཁྲབ་པ་དང་།  ཐང་ཆེན་ཉེ་འགྲམ་གྱི་ཇ་ཁང་ཞིག་ནང་གྲོང་མི་དང་ཡུལ་སྐོར་བ་ཁ་ཅིག་ཇ་དྭངས་འཐུང་གིན་ཡུལ་དེའི་དམངས་སྲོལ་གླེང་བཞིན་ཡོད།  

གྲོང་མི་བདེ་སྐྱིད་སྒྲོལ་མས་དེ་སྔ་ང་ཚོ་སྡོད་སའི་ཁང་པ་ནི་ས་རྡོ་ལས་གྲུབ་པ་ཞིག་རེད།  གྲོང་ཚོར་ས་ཞིང་ཉུང་བ་དང་གྲོང་མིས་སྨྱུག་མའི་སློ་མ་བསླས་པ་དང་ཤིང་བཅད་དེ་འཚོ་ཐབས་བྱེད་ཀྱི་ཡོད་པས་འཚོ་བ་ཧ་ཅང་ཁག་པོ་ཡོད་ཅེས་བཤད་པ་དང་།  ལོ་དེ་དག་ནང་གྲོང་ཚོར་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  ངའི་ཞིང་ཁྱིམ་སྤྲོ་ཁང་ལ་ཆ་བཞག་ན་ཉེ་དུས་ཟླ་ཕྱེད་ནང་ཡུལ་སྐོར་བ་ཁག་བཞི་ལ་སྣེ་ལེན་ཞུས་པས་ཡོང་འབབ་སྒོར ༢༠༠༠ ལྷག་བྱུང་ཞེས་བཤད་པ་རེད། 

འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་བསྐྲུན་བྱས་པ་བརྒྱུད་མང་ཚོགས་རྣམས་ཀྱིས་སྒོ་འགྲམ་དུ་ཡུལ་སྐོར་ལས་རིགས་གཉེར་རྒྱུ་བྱུང་བས་ཕྱུག་གྱུར་ཐུབ་ཡོད།  སྤྱི་ལོ ༢༠༡༤ ལོ་ནས་བཟུང་ལྷོ་ཁ་གྲོང་ཁྱེར་གྱིས་དུད་ཚང་སོ་སོའི་རང་གྲབས་དངུལ་དང་སྲིད་གཞུང་ནས་ཁ་གསབ་སྤྲད་པར་བརྟེན།  ཡུལ་དེའི་དུད་ཚང་ ༦༠ ལྷག་ཙམ་ལ་མོན་པའི་ཁྱད་ཆོས་ལྡན་པའི་ཁང་པ་བརྒྱབ་པ་མ་ཟད།  སྔ་རྗེས་སུ་གྲོང་ཚོའི་བྱེད་སྒོ་ལྟེ་གནས་དང་ཐང་ཆེན།  ཨར་འདམ་ལམ།  ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བསྐྲུན་པ་རེད། 

མཚོ་སྣ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  མག་མག་གྲོང་གསར་གནས་སའི་ལེགས་པོ་རོང་མཛེས་ལྗོངས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྤྱི་ཁྲེ ༢༤༠༠ ཡས་མས་ཟིན་པ་དང་གདོད་མའི་ནགས་ཚལ་གྱི་རྒྱ་ཁྱོན་མུའུ་ཁྲི་ཚོ ༣༦ ཟིན་ཞིང་།  གདོད་མའི་སྐྱེ་དངོས་རིགས ༡༤༠ ལྷག་ཙམ་ཡོད་པས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།  འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་ནས་ཡུན་རིང་མ་སོང་བར་རྫོང་གྲོང་དུ་སྐྱོད་སའི་ཨར་འདམ་ལམ་ཡང་བསྐྲུན་ཟིན་པས་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད། 

ད་ལོ་ལོ ༦༧ ལ་སླེབས་པའི་གྲོང་མི་པད་མ་དབྱངས་ཅན་གྱིས་དེ་སྔ་ང་རང་གྲོང་ཚོའི་ནང་སྨྱུག་ཆས་བསླས་མཁན་ཞིག་ཡིན།  སྨྱུག་ཆས་བསླས་པ་དང་ཤིང་རྒྱུ་བཙོངས་ནས་འཚོ་ཐབས་བྱེད་ཀྱི་ཡོད།  ད་ཆ་སྨྱུག་མའི་ནགས་ཚལ་རྒྱ་ཁྱོན་ཆུང་དུ་འགྲོ་བ་དང་གྲོང་མི་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་བཞིན་ཡོད་པས།  ངས་གྲོང་ཚོའི་ཐང་ཆེན་ཉེ་འགྲམ་དུ་བོད་ཟས་ཟ་ཁང་ཞིག་བཙུགས་ཡོད་པ་དེར་བརྟེན་གྱི་ཡོད།  ཡུལ་སྐོར་བ་མང་བའི་དུས་སུ་ཟླ་རེའི་ཡོང་འབབ་དེ་སྔའི་ལོ་གཅིག་ལས་མང་བ་ཡོང་གི་ཡོད་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད་པ་རེད།།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།