མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་གྱི“གསེར་གྱི་ལོ་མར”གྱུར་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2018-04-25 17:46:52

ཟླ་བཞི་པའི་མེ་ཏོག་རྫོང་གྲོང་ནི་མི་ཡུལ་གྱི་སུམ་རྩེན་གནས་ལྟ་བུར་སྣང་།

ཇ་རའི་ནང་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་སྤྲས་པའི་དབང་མོས་གླུ་ལེན་ནས་ཇ་ལོ་འཐུ་བཞིན་འདུག ཁོ་མོའི་གསུང་སྐད་སྙན་མོ་ཇ་ཤིང་རྭ་བར་ཡོངས་སུ་ཁྱབ། དབང་མོས་གསར་འགོད་པར་སྨྱུག་སླེའི་ནང་གི་ཇ་ལོ་སོས་པ་རྒྱ་མ་4ཙམ་སྟོན་བྱུང་། དེ་གར་ཇ་ལོ་འཐུ་རིན་རྒྱ་མ་རེར་སྒོར་40སྤྲོད་ཀྱི་ཡོད་པས་དེ་རིང་ཁོ་མོར་ཡོང་འབབ་སྒོར་200ཙམ་བྱུང་འདུག

“ན་ནིང་ཇ་ལོ་བཏུས་པ་ཁོ་ནར་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་བྱུང་། དེའི་ཐོག་ལས་མི་བྱེད་པའི་ཡོང་འབབ་བསྡོམས་ན་ན་ནིང་ཁྱོན་བསྡོམས་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་བྱུང”“དུས་ཚོད་ནི་རིན་ཆེན་གསེར་ལས་ལྷག”ཅེས་དབང་མོས་ཇ་ལོ་འཐུ་གྱིན་གསར་འགོད་པར་བཤད་བྱུང་། མ་རྨོས་ལོ་ཏོག་ནས་ཇ་ལོ་འདེབས་འཛུགས་བར། དབང་མོའི་ས་ཞིང་མུའུ་3དེ་དག“དཔག་བསམ་ཤིང”ལྟ་བུར་གྱུར།

མེ་ཏོག་རྫོང་དུ་དབང་མོ་ལྟར་ཇ་ལོ་བཏབས་ནས་ཡོང་འབབ་འཕར་བའི་མང་ཚོགས་ད་དུང་དུད་ཚང་2390ལྷག་ཙམ་ཡོད་ཅིང་། 2017ལོར། ཁོང་ཚོའི་ཡོང་འབབ་སྒོར་ཁྲི་180ལྷག་ཙམ་ཟིན་ཡོད། མེ་ཏོག་རྫོང་གི་ཇ་ལོའི་བྲོ་བ་ཞིམ་པོ་ཡོད་པ་དེ་ཁྱད་འཕགས་ཀྱི་རང་བྱུང་ཁོར་ཡུག་དང་ས་བབ་ཀྱི་ལེགས་ཆ་དང་ཁ་འབྲལ་ཐབས་མེད། དེ་གར་ས་བབ་མཐོ་ཚད་སྨི་1000ལྷག་ཙམ་ཡོད་པ་དང་། ལོར་ཆར་ཆུ་བབས་ཚད་ཧའོ་སྨི་2000ལྷག་ཙམ་ཟིན་གྱི་ཡོད། མེ་ཏོག་རྫོང་གི་གནམ་ཤིས་ནི་རི་བོ་ཧེ་མ་ལ་ཡའི་ཤར་ངོས་ཚ་ཁུལ་བརླན་གཤེར་གནམ་གཤིས་ཡིན་པས་ལོར་ཆ་སྙོམས་དྲོད་ཚད་16℃དང་གྲང་ཤོས་2℃རེད། མེ་ཏོག་རྫོང་གྲོང་གི་ས་ཞིང་གི་སྐྱུར་བུལ་འདུས་ཚད་དང་གཏེར་རྒྱུ་འདུས་ཚད་ཚད་གཞི་ལོན་ཡོད་པར་བརྟེན་ཇ་ལོ་སྐྱེས་ཚུལ་ལེགས་ལ་བྲོ་བ་ཞིམ་པོ་ཡོད། ཚོང་སྒྱུར་ཇ་ལོར་ཞིང་ལས་པུའི་ཇ་ལོའི་སྤུས་བཤེར་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། སྐྱེ་ལྡན་ཇ་ལོའི་ཚད་གཞི་ལོན་ཡོད་པ་རེད། 2017ལོར། མེ་ཏོག་རྫོང་གི་པ་ཏི་དང་ཇ་ཁྲེང་ཏུའུ་རྒྱལ་སྤྱིའི་ཇ་ལོའི་སྟོན་ཚོགས་ནང་ཞུགས་པར་གསེར་གྱི་བྱ་དགའ་ཐོབ་པ་ནས་ས་དེ་གའི་མང་ཚོགས་ཀྱིས་ཇ་ལོ་འདེབས་འཛུགས་ཀྱི་སེམས་ཤུགས་དེ་བས་ཆེ་རུ་སོང་ཡོད།

“2012ལོར། མེ་ཏོག་རྫོང་གིས་ཇ་ཤིང་རྭ་བ་དང་པོ་བཙུགས་པ་དང་། 2013ལོར། མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཇ་ལོ་ཉིད་ཞིང་འབྲོག་ཁྱད་ལྡན་གྱི་གཙོ་ཁྲིད་ཐོན་ལས་ལ་གཏན་འཁེལ་བྱས་པ་དང་སྦྲགས། ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་བའི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཀྱང་བཟོས་ཡོད”ཅེས་མེ་ཏོག་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་བསོད་ནམས་དབང་གྲགས་ཀྱིས་ངོ་སྤྲོད་བྱས། མིག་སྔའི་བར། མེ་ཏོག་རྫོང་གིས་ཚད་ལྡན་ཇ་ཤིང་རྭ་བ་25བསྐྲུན་པ་དེ་དག་གི་རྒྱ་ཁྱོན་ལ་མུའུ་7326ཟིན་པ་དང་། 2017ལོར་ཇ་སོས་པ་རྒྱ་མ་ཁྲི་4.7ཐོན་ཡོད་པ་རེད། དབང་མོ་ཡོད་སའི་འབྲས་སྤུངས་ཤང་ཚྭ་ཆུ་ཁ་ཇ་ཤིང་རྭ་བའི་རྒྱ་ཁྱོན་མུའུ་1100ཡོད་པ་དེ་མིག་སྔའི་མེ་ཏོག་རྫོང་གི་རྒྱ་ཁྱོན་ཆེ་ཤོས་ཡིན་པ་རེད།

ཇ་ལོའི་བྲོ་བ་ཞིམ་པ་དང་ཐོན་འབབ་ཡོད་ཀྱང་ཕྱིས་སུ་ཇ་ལོའི་ཐོན་ལས་འཕེལ་རྒྱས་གཏོང་བར་ད་དུང་ཕྱོགས་མང་པོའི་ཐད་འབད་བརྩོན་བྱེད་དགོས། དེར་བརྟེན་མེ་ཏོག་རྫོང་གིས་ཇ་ལོ་ལས་སྣོན་དང་། ཕྱིར་ཚོང་། སྤུས་རྟགས་གཏོད་པ་བཅས་ལ་གཞོལ་བ་སྟེ། གཅིག་ནས་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་བོད་ལྗོངས་རིག་གནས་ཡུལ་སྐོར་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་ནང་འདྲེན་བྱས་ཏེ་ཇ་ལོ་ཐོན་སྐྱེད་དང་། ལས་སྣོན། ཐུམ་སྒྲིལ། ཕྱིར་ཚོང་། སྤུས་རྟགས་ཁྱབ་གདལ་བཅས་ཀྱི་འགན་ཁུར་དུ་བཅུག་པ་དང་། གཉིས་ནས“ཁེ་ལས་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”རྣམ་པ་བརྒྱུད། ཇ་ལོ་ཕྱིར་ཚོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ། གསུམ་ནས་མེ་ཏོག་རྫོང་གི་ཇ་ལོ་དེ་ས་ཁམས་མཚོན་རྟགས་ཐོན་རྫས་སུ་ཐོ་བཀོད་པའི་འབྲེལ་ཡོད་དོན་ཚན་ཧུར་ཐག་བསྒྲུབས་པ་དང་འབྲེལ། སྐྱེ་ལྡན་ཇ་ལོར་ཁས་ལེན་འདུན་ཞུའང་བྱས་པས་མེ་ཏོག་རྫོང་གི་ཇ་ལོ་རིན་གོང་མཐོ་བའི་ཁྲོམ་རར་ཞུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།