ཕྱོགས་སྒྱུར་བྱས་ནས་འཕེལ་རྒྱས་བཏང་། གསར་གཏོད་བྱས་ནས་སྐྱེ་སྟོབས་འབར།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-07-12 12:12:13

QQ截图20170712115241.png

འདི་ནི་བོད་ལྗོངས་ཐཱན་ཡིའུ་ཏེ་ནས་ཆང་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོས་ནས་ཆང་སྙོལ་བའི་རྒྱུ་ཆ་གཡོས་སྦྱོར་བྱེད་པའི་གནས་ཚུལ་ཡིན་པ།

“2016ལོ་ནི་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་ཆེས་གལ་འགངས་ཆེ་བའི་ལོ་གཅིག་རེད” རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱི་ཀྲུའུ་ཞི་ང་ཕོད་འཇིགས་ཡོན་གྱིས་གསར་འགོད་པར་འདས་ཟིན་པའི་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་ལྷན་ཚོགས་དང་རྒྱ་ཆེའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་སྐྱོན་བྲལ་གཉིས་ཀྱི་ལས་ཀའི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་དང་དམངས་གཉེར་ཁེ་ལས་ལ་དཔལ་འབྱོར་གྱི་རྒྱུན་རྣམ་གསར་པ་དང་འཚམ་པའི་ཞབས་འདེགས་ཞུ་བ་དང་རམ་འདེགས་བྱས་ཏེ་མགྱོགས་མྱུར་ཕྱོགས་སྒྱུར་རིམ་སྤོར་དང་གསར་གཏོད་བྱས་པས་བཟོ་ཚོང་ལྷན་ཚོགས་ཀྱི་བྱ་གཞག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་གསུངས་བྱུང་།

བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས་ཁེ་ལས་ཀྱིས་ཁ་དན་ཚིག་གནས་ངང་གཉེར་སྐྱོང་ལ་ཁྲིད་སྟོན་བྱས་པ།

“ཁ་དན་ཚིག་གནས་ཀྱི་ཁྲིམས་སྲུང་དང་ཡིད་ཆེས་བརྟན་དུ་གཏོང་བ”ནི་རང་ལྗོངས་ཀྱིས་ཕུགས་བསམ་དང་དད་སེམས་སློབ་གསོའི་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་གཙོ་གནད་རེད། འདས་ཟིན་པའི་ལོ་གཅིག་རིང་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོང་ལྷན་ཚོགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས་ཏེ་བྱེད་སྒོར་ཕན་འབྲས་ཧུར་ཐག་ཐོན་ཐུབ་པ་བྱས་ཡོད།

སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ཁ་དན་ཚིག་གནས་ཀྱི་ཁྲིམས་སྲུང་འདུ་ཤེས་ཟབ་ཏུ་གཏོང་ཆེད་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་སྣེ་ཁྲིད་དང་བོད་ལྗོངས་མི་རིཌ་སློབ་ཆེན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཅའ་ཁྲིམས་འགན་ལེན་གྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་ཁྲིམས་བཞིན་གཉེར་སྐྱོང་དང་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་བཏང་ཡོད།

རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་13སྔ་རྗེས་སུ་གཉེར་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་མི་ཐེངས་1500སྒྲིག་འཛུགས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། ད་ལྟའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ། གཉེར་སྐྱོང་དང་གསར་གཏོད་ཀྱི་འཕེལ་རྒྱས་ནུས་པ་འཚོལ་ཞིབ་བཅས་བྱས་ཡོད།

འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བཅོས་ཤུགས་ཆེན་བྱས་ནས་ཁེ་ལས་ལ་ཕྱོགས་སྒྱུར་རིམ་སྤོར་གྱི་ཁྲིད་སྟོན་བྱས་པ།

འདས་ཟིན་པའི་ལོ་གཅིག་རིང་རང་ལྗོངས་ཀྱི་བཟོ་ཚོང་ལྷན་ཚོགས་ཀྱིས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ལ་དམིགས་ནས། “ཁེ་ལས་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་གཏོང་བའི”བགྲོ་གླེང་ཚོགས་འདུ་འཚོགས་ཏེ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་གསར་པའི་འོག་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་འཕེལ་རྒྱས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པར་བགྲོ་གླེང་བྱས་པ་རེད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་ཨའོ་མོན་དུ“འཛམ་གླིང་ཡུལ་སྐོར་གྱི་དཔལ་འབྱོར་གླེང་སྟེགས”ནང་ཞུགས་པར་བསྐྱོད་པ་དང་། རི་པིན་དང་ཧན་གོར་བསྐྱོད་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་མ་ཟད། མཐོང་རྒྱ་ཆེ་རུ་དང་བསམ་ཕྱོགས་རྒྱ་སྐྱེད་བཏང་སྟེ་དེ་དག་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བརྒྱུད་ཕྱོགས་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་བཏང་ཡོད། སྐབས་གསུམ་པའི་བོད་ཀྱི་འགྲེམས་ཚོགས་ལས་སྟེགས་སུ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང་འགུགས་རྣམ་གྲངས་སྦྲེལ་མཐུད་ལ་སྐུལ་མ་ཧུར་ཐག་བཏང་སྟེ། དམངས་གཉེར་ཁེ་ལས་111ཀྱིས་རྣམ་གྲངས་111དང་གན་རྒྱ་བཞག་པ་དང་། གྲོས་མཐུན་གྱི་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་580.7ཟིན་པ་དང་དེའི་ནང་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ཐད་ཀར་སྒྲིག་འཛུགས་བྱས་ནས་གན་རྒྱ་བཞག་པའི་རྣམ་གྲངས་7ཟིན་པར། གྲོས་མཐུན་མ་རྩ་འཇོག་ཚད་སྒོར་དུང་ཕྱུར་50ཟིན་ཡོད་པ་རེད།

ཁེ་ལས་མཁས་ཅན་གྱི་འགན་འཁྲི་འཁུར་སེམས་མངོན་པར་བྱས་ནས་གནད་སྨིན་དབུལ་སྐྱོར་ལ་སྐུལ་མ་ཏན་ཏིག་བཏང་བ།

རང་ལྗོངས་ཀྱི་བཟོ་ཚོང་ལྷན་ཚོགས་ཀྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”དྲིལ་བསྒྲགས་དང་། བརྟག་ཞིབ། སྦྲེལ་མཐུད་བཅས་གཏིང་ཟབ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་50དབུལ་སྐྱོར་ཉིན་མོའི་མཚན་ཚོགས་ལ་ཞུགས་རྒྱུར་སྐུལ་སློང་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་37གྱིས་ས་གནས་ས་ཐོག་ཏུ་སྒོར་ཁྲི་1000ལྷག་ཙམ་ཞལ་འདེབས་བརྒྱབ་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སྒྲིག་འཛུགས་ཀྱིས་ཤང་དང་། གྲོང་ཚོ། ཞིང་དུད་བཅས་སུ་བསྐྱོད་ནས་བརྟག་ཞིབ་དང་སྦྲེལ་མཐུད་བྱས་ཏེ་དབུལ་སྐྱོར་བྱ་ཡུལ་དང་དབུལ་སྐྱོར་བྱ་ཐབས་གཏན་འཁེལ་བྱས་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་སྒྲིག་འཛུགས་བྱས་ནས་རྒྱལ་ཡོངས་ཀྱི“ཁེ་ལས་ཁྲིས་གྲོང་ཚོ་ཁྲིར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་ནས་གནད་སྨིན་དབུལ་སྐྱོར་གྱི་ཉམས་མྱོང་དང་བྱ་ཐབས་སློབ་སྦྱོང་དང་སྤེལ་རེས་བྱས་ཡོད།

མིག་སྔའི་བར་བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ནང་ཞུགས་མཁན་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་455ཡིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.16བཏང་བ་དང་། གྲོང་ཚོ་དབུལ་པོ་155དང་ཆ་སྒྲིག་རོགས་སྐྱོར་བྱས་ནས་དུད་ཚང་དབུལ་པོ་8833དང་མི་འབོར་དབུལ་པོ་39302ལ་སྣེ་ཁྲིད་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།