དལ་འབྱོར་རྡོ་རྗེས་ཕྱི་ཕྱོགས་ཚོང་དོན་ལས་ལ་གཞོལ་བའི་སྐོར་བཀོད་པ།
བོད་ལྗོངས་ཉིན་རེའི་ཚགས་པར་།
| 2017-06-09 12:22:03
“ན་ནིང་། ངའི་ཚོང་ལ་ལམ་འགྲོ་ཡག་པོ་བྱུང་ནས་ཡོང་འབབ་སྒོར་ཁྲི་280རག་པ་དང་རྒྱ་གར་གྱི་ཀམ་པ་ལི་ཁོ་ན་20000ནང་འདྲེན་བྱས་པ་ཡིན”ཅེས་གསར་འགོད་པ་དང་འཕྲད་མ་ཐག་དལ་འབྱོར་རྡོ་རྗེས་དགའ་སྤྲོའི་ངང་གཏམ་བཟང་བཤད།
དལ་འབྱོར་རྡོ་རྗེ་བོད་ཀྱི་དཔའ་བོའི་ཕ་ཡུལ་གཞིས་རྩེའི་རྒྱལ་རྩེ་ནས་ཡིན་པ་དང་། དམའ་རིམ་སློབ་འབྲིང་ཐོན་རྗེས་ལྷ་སར་ཡོང་བ་མ་ཟད་རི་པིན་གྱི་སྐད་སྦྱངས་རྗེས་རི་པིན་སྐད་ཀྱི་ཡུལ་སྐོར་སྣེ་ཤན་པ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར། ལོ་30ཙམ་ལ་སླེབས་པའི་ཁོང་ད་དུང་བོད་ལྗོངས་ཇ་ཆང་སྤེལ་མ་ཕྱི་ཕྱོགས་ཚོང་དོན་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡང་ཡིན་པ་རེད།
བོད་ལྗོངས་ཇ་ཆང་སྤེལ་མ་ཕྱི་ཕྱོགས་ཚོང་དོན་ཚད་ཡོད་ཀུང་སི་2013ལོར་བཙུགས་པ་དང་ཐོ་འགོད་མ་རྩ་སྒོར་ཁྲི་3000ཟིན་གྱི་ཡོད། ཕྱིར་གཏོང་ནང་འདྲེན་གྱི་དཔལ་འབྱོར་ཚོང་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཚོང་ཟོག་སྡེབ་ཚོང་སིལ་ཚོང་སོགས་ཀྱི་ལས་སྒོ་གཉེར་ནས་རི་པིན་དང་། རྒྱ་གར། ནེ་པ་ལ། པ་ཁི་སི་ཐན་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཐོན་ཟོག་ནང་འདྲེན་བྱེད་ཀྱི་ཡོད་པས་ཁྲོམ་རའི་ཐོག་ཤུགས་རྐྱེན་གང་ལ་གང་འཚམ་ཞིག་ལྡན་ཡོད།
2015ལོའི་ལོ་མཇུག་ཏུ་དལ་འབྱོར་རྡོ་རྗེས་སླར་ཡང་བོད་ལྗོངས་མཚོ་སྐྱེས་པད་མ་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་བཙུགས་ནས་གཙོ་བོ་ཕྱི་རྒྱལ་གྱི་ཡུལ་སྐོར་ཚོགས་པར་སྣེ་ལེན་ཞུ་བ་དང་། རི་པིན་གྱི་ཡུལ་སྐོར་བ་གཙོ་བོར་འཛིན་པ་མ་ཟད། ཡོ་རོབ་དང་མེ་གླིང་གི་ཡུལ་སྐོར་བ་ཉུང་ཤས་ལའང་སྣེ་ལེན་ཞུ་གི་ཡོད།
ད་ཆ་ང་ལ་ཚོང་ཁང་ཡོད་ལ་ད་དུང་ཀུང་སི་དང་ཡུལ་སྐོར་ཁང་ཡང་བཙུགས་ཟིན་པས་བསམ་དོན་ཡོངས་སུ་གྲུབ་སོང་། ཡིན་ནའང་མི་ཞིག་ཡིན་ཕྱིན་བྱ་དེ་གདང་ལ་འཛེགས་པར་ཡར་བལྟ་བྱེད་དགོས་པའི་དཔེ་ལྟར་དུས་ཚོད་མི་འདྲ་བར་དམིགས་ཡུལ་ཡང་འདྲ་ཡི་མེད”ཅེས་དལ་འབྱོར་རྡོ་རྗེས་དེ་ལྟར་བཤད་པ་དང་ད་ཆ་ས་ཆ་ཡག་པོ་ཞིག་བཙལ་ནས་རྒྱ་ཆེ་ཞིང་སྤུས་ཀ་དག་ལ་དངོས་ཟོག་མང་བའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཤིག་འཛུགས་རྩིས་ཡོད། དེ་ནི་གྲོང་མིའི་འཚོ་བར་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ཆེད་ཡིན་པ་མ་ཟད། བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ལ་མུ་མཐུད་ནས་ལེགས་སྐྱེས་འབུལ་ཆེད་ཀྱང་ཡིན་ཞེས་བཤད།

གནམ་མཚོའི་
- ནག་ཆུ་ས་ཁུལ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་པ།
- འགྱིག་ཤོག་དྲོད་ཁང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།
- དུས་ཚིགས་དང་པོར་ལྷ་ས་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་9.29བྱུང་བ།
- ལྷ་སར་ས་གཤིས་མཚོན་རྟགས་མཚོན་པའི་ཚོང་རྟགས་4གསར་དུ་བསྣན་པ།
- ན་ནིང་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་85ལྷག་ཙམ་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱས་པ། ནོར་སྲིད་ཀྱིས་ཞིང་འབྲོག་པ་མི་རེར་ཐད་ཀར་དང་བརྒྱུད་ནས་ཁ་གསབ་བྱེད་ཚད་སྒོར་4486ཟིན་པ།

གལ་ཆེའི་གསར་འགྱུར།
-
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རྒྱུན་ཨུའི་ཚོགས་འདུ་འཚོགས་པ།
རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས...
ལྗོངས་ཡོངས་ཀྱི་སྤོ་རུང་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ཐ...
མངའ་རིས་ཀྱི་གཙོ་གནད་རྣམ་གྲངས་མང་པོར་བརྟན་པོའི་ངང་སྐུལ་འདེད...
ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི...
བརྙན་མཐོང་།