ནག་ཆུ་ས་ཁུལ་གྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་ལ་གཟེངས་བསྟོད་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2017-05-23 15:45:26

ནག་ཆུའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་དང་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབུལ་སྐྱོར་ལ་དོ་སྣང་དང་། དབུལ་སྐྱོར་ལ་སེམས་ཁུར། དབུལ་སྐྱོར་ལ་ཞུགས་པ་བཅས་ཀྱི་དབུལ་སྐྱོར་རྣམ་པ་ཞིག་ཆགས་ཆེད། ཉེ་ཆར་ས་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཕབ་གཏོང་ཚོམས་ཆེན་དུ“དབུལ་སྒྲོལ་འགག་སྒྲོལ་དང་། དཔེ་མཚོན་གྱིས་སྣེ་ཁྲིད་པ། སྟོབས་ཤུགས་གཅིག་སྒྲིལ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ”བཅས་བརྗོད་དོན་གཙོ་བོར་བྱས་པའི་བྱ་དགའ་སྤྲོད་པའི་མཚན་ཚོགས་གཉེར་བ་རེད།

མཚན་ཚོགས་ཐོག་ཞབས་བྲོ་དང་། གླུ་དབྱངས། འཁྲབ་ཚན་ཆུང་ངུ་སོགས་ཀྱི་རྣམ་པར་བརྟེན་ནས་ཏང་གི་སྲིད་ཇུས་བཟང་པོ་དང་ནག་ཆུ་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་ཡོད། ནག་ཆུ་ས་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་འཛིན་ཀུང་ཧྲུའུ། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་པ་གཙོ་བོས“ནག་ཆུ་ས་ཁུལ་གྱི་དབུལ་སྒྲོག་ཕྱུག་འགྱུར་གྱི་སྔོན་ཐོན་དཔེ་མཚོན”ཞེས་པའི་མཚན་སྙན་ཐོབ་མཁན་གྱི་འཐུས་མི་21ལ་བྱ་དགའ་སྤྲད་དེ་གཟེངས་བསྟོད་ཐོབ་པའི་འཐུས་མིས་གཟི་བརྗིད་གཅེས་འཛིན་གྱིས་ཡང་འབད་བསྐྱར་འབད་དང་སླར་ཡང་བྱས་རྗེས་གཏོད་རྒྱུའི་སྐུལ་ལྕག་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།