འགྱིག་ཤོག་དྲོད་ཁང་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2017-05-23 15:45:26

res04_attpic_brief.jpg

ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ལྷུན་པོ་ཞོལ་ཤང་ནི་ཡར་འབྲོག་སྐར་མ་གླིང་རྩྭ་ཐང་ཆེན་པོར་གནས་ཡོད་པ་དང་། དེ་ཁུལ་དུ་གང་སར་སྐད་གྲགས་ཆེ་བའི་སྒང་འབྲོག་ཆུ་ཚན་ཡོད་པ་དང་ལོ་ལྟར་དེར་ཡུལ་སྐོར་དང་ཆུ་ཚན་རྒྱག་པར་ཡོང་མཁན་ཧ་ཅང་མང་པོ་ཡོད། གྲོང་ཚོ་དེ་གའི་གྲོང་མི་དོན་གྲུབ་སྐལ་བཟང་གིས་ཚོང་གི་གོ་སྐབས་ཤེས་ནས་2014ལོར་མ་དངུལ་སྒོར་ཁྲི་60ལྷག་ཙམ་བཏང་སྟེ་མཉམ་སྡེབ་ཞག་སྡོད་བྱེད་ས་དང་། བཟའ་བཏུང་། ཚོང་ཁང་བཅས་གཞི་གཅིག་ཏུ་འདུས་པའི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པས་ཚོང་ཧ་ཅང་རྒྱུག་པོ་བྱུང་བ་རེད། ཁོང་གིས་ད་དུང་ཕྱོགས་གང་ས་ཅིའི་ཐད་ནས་མ་དངུལ་གྲབས་གསོག་བྱས་ནས་འགྱིག་ཤོག་དྲོད་ཁང་40ལྷག་ཙམ་བསྐྲུན་ནས་དེའི་ནང་ཀྲོ་མ་ཀྲུ་དང་། སུར་པན་དམར་པོ། ཧོང་ཀྭ་སོགས་སྔོ་ཚལ་རིགས་30ལྷག་ཙམ་བཏབ་པས་འབྲོག་པ་ཚོས་ས་ཐག་རིང་པོར་སྐྱོད་མི་དགོས་པར་སྔོ་ཚལ་སོས་པ་ལོངས་སྤྱོད་ཐུབ་པ་དང་དུས་མཚུངས་དེ་ཁུལ་གྱི་དུད་ཚང་དབུལ་པོའི་གྲོང་མི་འགྱིག་ཤོག་དྲོད་ཁང་ཆེ་མོ་དོ་དམ་བྱེད་དུ་བཅུག་པས་ཁོང་ཚོའི་ཡོང་འབབ་མང་དུ་ཕྱིན་ཡོད་ཅིང་། འདི་ནི་དོན་གྲུབ་སྐལ་བཟང(གཡོན་གྱི་གཉིས་པ)དང་གྲོང་མི་ཚོས་དྲོད་ཁང་དུ་ལས་ཀ་བྱེད་པའི་གནས་ཚུལ་ཡིན་པ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།