གཞས་ཚིག་རྩོམ་མཁན་ལིའུ་དབྱི་ལན། ཚེ་གང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐོར་གྱི་གཞས་ཚིག་རྩོམ་གྱི་ཡིན།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-10-19 12:02:54

ལོ་ལྔའི་རིང་བོད་ལ་དེ་བས་མྱུར་བ་དང་ལེགས་པའི་འཕེལ་རྒྱས་བྱུང་ཡོད་པ་དང་ས་ཆ་འགའ་རེ་ཐ་ན་ནང་སའི་གྲོང་ཁྱེར་གྱི་འཕེལ་རྒྱས་དང་མཚུངས་ཀྱི་ཡོད། གཞུང་ལམ་དེ་བས་རྒྱ་ཆེ་བ་དང་མང་བ་བསྐྲུན་པ་དང་དཔལ་འབྱོར་འཕེལ་རྒྱས་སྔར་བས་མགྱོགས་སུ་ཕྱིན་ནས་མི་རྣམས་ཀྱི་གླ་ཕོགས་ཇེ་མཐོར་ཕྱིན་ཏེ་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད་། དེ་དག་ང་ཚོའི་གཞས་ཚིག་ལས་མངོན་ཐུབ་པ་སྟེ། དཔེར་ན“ལྷོ་ངོས་རི་བོར་སྔོ་ལྗང་རབ་ཏུ་བརྒྱན། ཁྱིམ་དུ་དྲོད་རླངས་ཁྲིད་པས་དམངས་འཚོར་ཕན”ཞེས་པའི་ཚིག་ལས་དགའ་སྤྲོ་འཁོལ་བའི་རྣམ་པ་དེ་དག་མཚོན་པར་བྱས་ཡོད།

ངའི་མིག་ལམ་གྱི་བོད་ཀྱི་འཕེལ་རྒྱས་སྙན་འཇེབས་ལྡན་པའི་གཞས་དང་འདྲ་བར་ཡིད་དགའ་བའི་ཚིག་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག བརྩེ་སེམས་ལྡན་པའི་གཞས་པ་སོགས་ལས་གྲུབ་པ་ཞིག་རེད། གཞས་ཚིག་གཅིག་བརྩམས་པ་ནས་བཟོ་བཅོས་ཡང་ཡང་བརྒྱབ་སྟེ་མ་གྲུབ་བར་དུས་ཡུན་རིང་པོ་འགོར་གྱི་ཡོད། དེ་ནི་མི་ཚང་མས་བོད་ལ་བསྟོད་གླུ་ལེན་པར་འབད་བརྩོན་ལྷོད་མེད་བྱེད་པ་དང་འདྲ་བར་དཀའ་ཚེགས་ཆེ་བ་དང་ཀྱག་ཀྱོག་གྱི་ལམ་བུ་མང་པོ་བརྒྱུད་དགོས་ཀྱང་དེ་དག་ཚང་མ་ནི་བྱེད་རིན་ཡོད་པ་ཞིག་རེད།

ངས་བྲིས་པའི་དངོས་མཚོན་ཟློས་གར་འཁྲབ་གཞུང《ཉིན་གསར་ཟླ་འགྱུར》ཞེས་པའི་གཞས་ཚིག་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཚོན་ཡོད། “མཁའ་འགྲུལ་ཁུལ་གསར་གནམ་གྲུ་འབབ་འཕུར་བྲེལ། གངས་ལྗོངས་མཁའ་ལམ་ཕྱོགས་བཞིར་ཤར་གཏོང་ཐུབ། ཐོག་བརྩེགས་ཁང་ཆེན་མུ་ཏིག་སྟར་ཕྲེང་ལྟར། མྱུར་བགྲོད་གཞུང་ལམ་གྲོང་ནས་གྲོང་དུ་སྦྲེལ”ཞེས་པའི་གཞས་ཚིག་ལས་ལྷ་ས་གོང་དཀར་གནམ་ཐང་དང་དེ་བཞིན་གྲོང་ཁུལ་གྱི་ཐོག་བརྩེགས་ཁང་ཆེན་དང་གཞུང་ལམ་འགྲིམ་འགྲུལ་སོགས་འཛུགས་སྐྲུན་གྱི་གྲུབ་འབྲས་མཚོན་པར་བྱས་ཡོད་པ་དང་། ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་གཞུང་ལམ་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་འགྲོ་སྐྱོད་སྟབས་བདེ་ཡོང་ཆེད་འགྲིམ་འགྲུལ་གྱི་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། སློབ་གསོའི་གྲོང་དུ་དཔེ་ཀློག་གི་སྒྲ་ལྷང་ལྷང་དུ་གྲགས་པ་དང་ས་མཐོའི་སློབ་མ་དེ་བས་མང་བ་རྒྱལ་ཁབ་ཀྱི་ཀ་རྟེན་ལྟ་བུར་གྱུར་པ། གནད་སྨིན་དབུལ་སྐྱོར་གྱིས་མི་སེར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པ་དེས་བདེ་སྐྱིད་ལྡན་པའི་འཚོ་བ་སྦྲང་རྩི་ལས་མངར་ཞེས་པ་ཇི་བཞིན་མཚོན་པར་བྱས་ཡོད།

ངས་བོད་ལ་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ནས་བརྗོད་དོན་གཙོ་བོ་མཆོག་ཏུ་བཟུང་སྟེ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཀྱི་གཞས་ཚིག་རྩོམ་གྱི་ཡིན།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།