“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2017-09-14 17:11:18

ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་ འཚོག་པ་དང་རྒྱ་ཆེའི་ཁྲིམས་ཆད་འཁུར་མཁན་མང་ཚོགས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཁོང་ཚོའི་བཅའ་ཁྲིམས་དང་ཤེས་དཔལ་གྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་འབྲེལ་རང་འགུལ་ངང་སློབ་གསོ་སྒྱུར་བཅོས་དང་ལེན་བྱ་ཆེད། ཉེ་ཆར་སྤོ་བོ་རྫོང་བཙོན་ཁང་གིས་ཁྲིམས་ཆད་འཁུར་མཁན་མི་སྣར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་རེད།

སློབ་གསོའི་ཚོགས་འདུའི་ཐོག་ཁྲིམས་ཆད་འཁུར་མཁན་མི་སྣར་བླང་བྱ་ནན་པོ་བཏོན་པ་སྟེ། གཅིག་ནས་རང་ཉིད་ཀྱི་གནས་བབ་གསལ་པོ་དང་སློབ་སྦྱོང་གི་རང་འགུལ་རང་བཞིན་ཆེ་རུ་གཏོང་དགོས་པ་དང་། གཉིས་ནས་སློབ་གསོ་དང་ལེན་བྱེད་པ་དང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བླང་བྱར་ཞིབ་བསྡུར་ནན་ཏན་བྱས་ཏེ་གོམས་གཤིས་ངན་པ་རྦད་དེ་དོར་དགོས་པ། གསུམ་ནས་ཉེས་ཁག་ཁྲིམས་འཁུར་དང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རང་ངོས་ཀྱི་མི་ཚེའི་ལྟ་བ་དང་། རིན་ཐང་ལྟ་བ། བསམ་བློ་ངན་པ་བཅས་ལ་འགྱུར་ལྡོག་གཏོང་དགོས་པ་བཅས་རེད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བ་བརྒྱུད་ཁྲིམས་ཆད་འཁུར་མཁན་མི་སྣས་ཉེས་ཁག་ཁྲིམས་འཁུར་གྱི་རྨང་གཞིའི་ཐོག་བསྒྱུར་བཀོད་དང་ལེན་ནན་ཏན་བྱེད་པ་དང་བཙོན་ཁང་གི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ་བཙོན་ཁང་ནས་སྒྲིག་འཛུགས་བྱས་པའི་ཁྲིམས་སྐྱོང་དང་། རིག་གནས། རྩལ་ནུས་སློབ་གསོ་བཅས་ལ་ཧུར་ཐག་ཞུགས་པ་དང་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་ཡང་དག་བཙུགས་ཏེ་སྤྱི་ཚོགས་སྟེང་སྔ་ཙམ་ཕྱིར་ལོག་བྱ་ཆེད་གོམས་གཤིས་ཡག་པོ་ཞིག་འཇགས་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

གནམ་མཚོའི་

བརྙན་མཐོང་།