ལྷུན་རྩེ་རྫོང་གིས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2017-09-21 14:48:58

QQ截图20170914165018.png

འདི་ནི་ལྷུན་རྩེ་རྫོང་བྱ་ཡུལ་ཤང་ཕང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སངས་རྒྱས(གཡས་ཀྱི་གཉིས་པ)ཀྱིས་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་དང་གྲོང་སྡོད་ལས་དོན་རུ་མིའི་སྣེ་ཁྲིད་དེ་ཏང་ཡོན་རྒན་གྲས་བཀྲ་ཤིས་ཚེ་རིང་ལ་འཚམས་འདྲི་བྱེད་པའི་གནས་ཚུལ་ཡིན་པ།


ཉིན་ཤས་གོང་། ལྷུན་རྩེ་རྫོང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་པས་ལྷུན་རྩེ་གྲོང་རྡལ་དང་རི་ཐང་གྲོང་རྡལ་སོགས་ཀྱི་ཁེ་ལས་སུ་བསྐྱོད་ནས་ཕྱོགས་མི་གླ་པར“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་ཚོགས་པའི་ཁོངས་མིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་ནང་དོན་ལ་དམ་པོར་དམིགས་པ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། བོད་གསར་རྙིང་བསྡུར་བ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་གཙོ་གནད་ཐོག“ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན”བྱ་རྒྱུ་སྒྲོག་འགྲེལ་བྱས་པ་རེད། རྒྱ་ཆེའི་ཕྱོགས་མི་གླ་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ལ་གོང་བཀུར་མཐའ་གཅིག་ཏུ་ཞུས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་རང་རྟོགས་ངང་སྲུང་སྐྱོང་བྱེད་པ་དང་། ངལ་རྩོལ་ནི་གཟི་བརྗིད་ཡིན་པ་གོང་བཀུར། དཀའ་སྤྱད་ཕྱུག་འགྱུར་ལ་སྐུལ་ལྕག་བྱེད་པ་བཅས་བྱས་ནས“ཁེ་ལས་ནི་ངའི་ཁྱིམ་གཞིས་ཡིན་པས་འཕེལ་རྒྱས་གཏོང་བར་ཚང་མར་བརྟེན་དགོས”ཞེས་པའི་བསམ་བློ་དང་འདུ་ཤེས་བརྟན་པོར་འཛུགས་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།