རྣམ་པ་གསར་རྐྱང་གི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་བྱེད་སྒོ་ཞིག

​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2017-09-14 17:11:18

ཟླ་8ཚེས་16ཉིན། ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་གྲོང་ཚོ་ཁག་ཏུ་བཅའ་སྡོད་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ལས་དོན་རུ་ཁག་གིས་བོད་ལྗོངས་སྨྱན་སྦྱོར་ཚོགས་པ་དང་མཉམ་དུ་ན་སེར་སྡེ་ཁུལ་དུ“སྤྲོ་སེམས་འཁོལ་བའི་ངང་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད”ཅེས་པའི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་ཞིག་སྤེལ་བ་རེད།

“དེ་སྔོན་སྒྲོག་འགྲེལ་ལ་ཐེངས་མང་ཞུགས་མྱོང་རུང་ད་ལྟའི་འཁྲུག་ཆ་དོད་ལ་དགོད་བྲོ་བའི་བྱེད་སྒོ་དེ་འདྲ་མཐོང་ཐེངས་དང་པོ་ཡིན”རྩ་རིང་གྲོང་རྡལ་ན་སེར་སྡེ་ཁུལ་གྱི་གྲོང་མི་རྡོ་དཀར་གྱིས་རོལ་དབྱངས་ཀྱི་འགྱུར་ཁུག་དང་སྦྲགས་ཐལ་མོ་རྡེབ་ཀྱིན་སྐད་ཤུགས་ཆུང་ངུས་གཞས་གསར་པ་དེ་གཏོང་བཞིན་ཡོད། མི་ཚོགས་ཀྱིས་ཁེངས་པའི་གྲོང་མིའི་བྱེད་སྒོ་ཁང་ནས་སྐབས་འགར་ཐལ་མོའི་རྡེབ་སྒྲ་དང་བསྔགས་བརྗོད་ཡང་ཡང་བྱས་ཤིང་། དཔེ་གསར་གྱི་བྱེད་སྒོ་ལས་གྲོང་མི་རྣམས་དེའི་ནང་རྦད་དེ་དབྱིངས་ཞུགས་ཡོད།

སྙན་འཇེབས་ལྡན་པའི་གླུ་དབྱངས་དེ་སྒྲོག་འགྲེལ་གཙོ་ཁྲིད་པ་བོད་ལྗོངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་གསར་པ་ལྟེ་གནས་ཀྱི་རྩོམ་སྒྲིག་པ་དབྱངས་སྐྱིད་སྒྲོལ་མས་གཞས་སྣེ་ཁྲིད་ཅིང་། ད་ཐེངས་ཀྱི་དཔེ་གསར་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཆེད་ཁྱད་ཡོན་སྣ་ཚོགས་ལྡན་པའི་ཁོ་མོས་མནོ་བསམ་གང་མང་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་དོན་གཙོ་བོ་དང་ཟུང་འབྲེལ་བྱས་ནས། 《“སྣང་ཆེན་བཞི་དང་དགའ་ཞེན་བཞི”མཉམ་དུ་བླངས》ཞེས་པའི་གླུ་གཞས་དེ་གསར་རྩོམ་བྱས། སྒྲོག་འགྲེལ་གྱི་ནང་དོན་མི་སེམས་ལ་ཟུག་པ་བྱ་ཆེད་དབྱངས་སྐྱིད་སྒྲོལ་མས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་སྲོག་ཤིང་ལ་ལྷག་བསམ་རྣམ་དག་དང་། རྒྱལ་གཅེས་མཐུན་སྒྲིལ། ལེགས་སྐྱེས་འབུལ་དོད་པ། ཤེས་དཔལ་དར་སྤེལ། འཚོ་བར་དགའ་ཞེན་སོགས་ཀྱི་འདུ་ཤེས་ངེས་བདེ་བའི་གཞས་ཚིག་ནང་བཅུག་པ་དང་འབྲེལ། གཞས་དེར་ཞབས་བྲོ་ཞིག་ཀྱང་བཟོས་ཡོད། བྱང་རྩྭ་ཐང་དུ་ཐོག་མར་སླེབས་སྐབས་ཞབས་བྲོར་མཁས་པའི་གྲོང་མིས་ཁོང་མོས་ཞབས་བྲོ་འཁྲབ་པ་མཐོང་མ་ཐག་དགའ་འབོད་བྱེད་ཀྱི་ཡོད་པ་རེད།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་ཁྲིད་སྟོན་བྱ་ཆེད། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་གྲོང་སྡོད་རུ་མིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱེད་པའི་ཁར་གསར་གཏོད་ཀྱི་ཐབས་ཤེས་ལ་སྣང་ཆེན་དང་སྤྱི་དམངས་ཁག་བགོས་ཅན་དང་། ཁ་གཏད་ཅན། མཉམ་འགུལ་ཅན་བཅས་དར་སྤེལ་བཏང་ནས་སྒྲོལ་འགྲེལ་གྱི་ཕན་འབྲས་ཆེ་རུ་བཏང་བ་རེད།

སྒྲོག་འགྲེལ་བྱ་ཡུལ་དུ་རྒྱུན་ཆད་མེད་པར་ཚ་རླབས་འཕྱུར་ཞིང་། དབྱངས་སྐྱིད་སྒྲོལ་མས་གཞས་ཚིག་གི་ནང་དོན་འགྲེལ་བཤད་སྟབས་བདེ་ཞིག་བརྒྱབ་པ་དང་དེ་རྗེས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ལྷག་པར་དུ་དེང་སྐབས་ཀྱི་མཚམས་ཚིགས་བཞི་པའི“ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན”གྱི་ནང་དོན་ལ་དམིགས་ཏེ་གྲོང་མིར་རྒྱུན་གཏན་གྱི་འཚོ་བའི་ནང་གི་གུས་ལུགས་ལ་བརྩི་སྲུང་དང་ཤེས་དཔལ་ལྡན་པའི་འཚོ་བ་དར་སྤེལ་གཏོང་བའི་གལ་ཆེའི་རང་བཞིན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

གོ་བདེ་ཤེས་སླའི་ཐོག་ནས་སྲིད་ཇུས་འགྲེལ་བཤད་བརྒྱབ་པ་དང་ནང་དོན་ཕུན་སུམ་ཚོགས་པའི་བྱེད་སྒོས་ཉོབ་མདངས་ལྡན་པའི་སྒྲོག་འགྲེལ་བྱེད་སྟངས་ཀྱི་ཚབ་བྱས་པའི་ཁར་རྣམ་པ་གསར་རྐྱང་གི་སྒྲོག་འགྲེལ་བྱེད་སྟངས་ལས་གཞན་དང་མི་འདྲ་བའི་སྒྲོག་འགྲེལ་གྱི་ཕན་འབྲས་ཤིག་ཐོན་པ་རེད།

“བྱེད་སྒོ་དེ་འདྲ་སྤེལ་ན་ང་ཚོ་དང་འབྲེལ་འདྲིས་ཐུབ་ཀྱི་འདུག་ལ། བྱེད་སྒོའི་ནང་ཞུགས་པའི་འབྲོག་པའི་ཧུར་སེམས་ཀྱང་འཕེལ་གྱི་འདུག དེར་བརྟེན་ང་ཚོས་ངེས་པར་དུ་རྒྱུན་དུ་བྱེད་སྒོ་དེ་འདྲ་སྤེལ་གྱི་ཡིན”ཞེས་ན་སེར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རྡོ་རྗེ་དགྲ་འདུལ་གྱིས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།