དེང་དུས་བཟོ་རྩལ་ཡོངས་སུ་འདྲེས་པའི་སྲོལ་རྒྱུན་ཐོན་རྫས་ཀྱིས་དབུལ་གྲོལ་ལམ་བུ་རྒྱ་ཆེར་གཏོད།

བོད་ལྗོངས་འཕྲིན་དྲ།

| 2018-04-26 11:34:40

QQ截图20180426111156.png

དེང་དུས་བཟོ་རྩལ་ཡོངས་སུ་འདྲེས་པ་ཡི། སྲོལ་རྒྱུན་ཐོན་རྫས་ཚོང་རར་བྲིན་ཁ་རྒྱུག

ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་མི་རིགས་གྱོན་གོས་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་།  སྲོལ་རྒྱུན་བོད་ཆས་བཟོ་རྩལ་དེ་རྒྱུན་ཆད་མེད་པར་དེང་དུས་ཀྱི་བཟོ་རྩལ་ཕྱོགས་སུ་འཕེལ་རྒྱས་བཏང་བས་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་མ་དབྱེར་གྲོང་ཚོའི་བོད་ལྗོངས་ཇོ་མོ་ལྷ་རའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིར་དགའ་སྡོང་བོད་ལྷམ་སོགས་གྲགས་ཅན་ཚོང་རྟགས་མང་པོ་ལྡན་པ་དང་།  དེའི་ནང་དམིགས་བསལ་གསར་གཏོད་བྱས་པའི་ཕྱིའི་བཟོ་དབྱིབས་མཛེས་པ་དང་གྱོན་སྐབས་བདེ་པོ་ཡོད་པའི་བོད་ལྷམ་གསར་པའི་རིགས་ཁྲོམ་རར་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད།  ཀུང་སིའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།  ཐོན་རྫས་ཀྱི་སྣེ་རིགས་དང་ཁ་གྲངས་མང་དུ་ཕྱིན་པ་བཅས་དང་བསྟུན་ནས།  གྲོང་མིའི་ལས་ཞུགས་ཐད་རྒྱབ་སྐྱོར་ཐུབ་ཤུགས་དང་གྲོང་ཚོ་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཤུགས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་པ་མ་ཟད།  ཉེ་བའི་ལོ་གཉིས་ནང་ཀུང་སིས་ད་དུང་དབུལ་སྐྱོར་ཐད་མ་དངུལ་སྒོར་ཁྲི་ཚོ ༨༣ བཏང་ཡོད་པ་དེས་དུད་ཚང་ ༣༦ ལ་ཕན་པ་ཐོབ་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།