བོད་ཀྱི་མི་རིགས་ལག་ཤེས་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་བ། 

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2015-09-23 11:18:15

W020150413302007055927.jpg

ཆུ་ཤུལ་རྫོང་འཇུན་ཉ་པའི་གྲོང་ཚོའི་གྲོང་མི་ཉི་མས་ཁྱད་ལྡན་གྱི་ཀོ་ཆས་ལ་བརྟེན་པས་ན་ནིང་ཁོ་པའི་ཁྱིམ་ཚང་ལ་ཡོང་འབབ་སྒོར་ཁྲི་8ལྷག་ཙམ་བྱུང་བ་རེད། འདི་ནི་ཁོ་པས་ཀོ་ཆས་སྣ་ཚོགས་འཚོང་བཞིན་པའི་གནས་ཚུལ་ཡིན་པ།

མི་རིགས་ལག་ཤེས་ཐོན་ལས་ནི་རང་ལྗོངས་ཀྱི་སྲོལ་རྒྱུན་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན།  ཐོན་ལས་དེར་ལོ་རྒྱུས་ཡུན་རིང་ལྡན་པས་བོད་ཀྱི་རིག་གནས་ཐོན་ལས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཏུ་གྱུར།  ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་མི་རིགས་ལག་ཤེས་ཐོན་ལས་ལ་མཐོང་ཆེན་པོ་གནང་བ་དང་། ལས་ཞུགས་དང་ཕྱུག་འགྱུར་གྱི་ལས་དོན་ཐད་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ནས་བོད་ཀྱི་ཁ་གདན་དང་། སྤོས། ཐང་ག  སྣམ་བུ། བོད་གྲི་སོགས་མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་ཐོན་ལས་འཕེལ་རྒྱས་གཏོང་བཞིན་མཆིས།  ད་ཆ་བོད་ཀྱི་མི་རིགས་ལག་ཤེས་ཐོན་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་ཡོད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།