རྫོང་74ཡི་གནས་ཚུལ་རགས་བསྡུས།

QQ截图20180427174325.png

          སྤྱི་ལོ ༢༠༡༨ ལོ་ནི་རང་རྒྱལ་གྱིས་རིམས་འགོག་སྲིད་ཇུས་འཆར་གཞི་ལག་བསྟར་བྱས་ནས་ལོ་ངོ་ ༤༠ འཁོར་བའི་ལོ་ཞིག་ཡིན།  སྤྱི་ཟླ ༤ ཚེས ༢༥ ཉིན་ནི་བྱིས་པར་སྔོན་འགོག་སྨན་ཁབ་རྒྱག་པའི་རྒྱལ་ཡོངས་ཀྱི་ཉིན་མོ་ཐེངས ༣༢ པ་དེ་ཡིན་པས།  དེ་ཉིན་སྔ་དྲོ་ལྷ་སའི་ཁྲོམ་གཞུང་དུ༼ སྔོན་འགོག་སྨན་ཁབ་བརྒྱག་སྟེ་ཚེ་སྲོག་ལ་སྲུང་སྐྱོང་བྱེད ༽ཅེས་བརྗོད་བྱ་གཙོ་བོར་བྱས་པའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡོད།  ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་།  ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་ལྷ་ས་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་སོགས་སྨན་བཅོས་ཚན་པ ༨ ལས་གྲུབ་པའི་སྨན་བཅོས་ཚོགས་པས་རིན་མེད་སྨན་བཅོས་དང་སྨན་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

QQ截图20180427174357.png

             བྱེད་སྒོའི་ནང་དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་བཟུང་བ་དང་ས་གནས་ས་ཐོག་ཏུ་འོས་འགན་སྨན་བཅོས་བྱས་ཡོད་ལ།  ཕར་འགྲོ་ཚུར་འོང་བྱེད་མཁན་ལ་རིམས་འགོག་འཆར་གཞིའི་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་།  འགོས་ནད་དང་སྔོན་འགོག་སྨན་ཁབ་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་མ་ཟད།  སྔོན་འགོག་སྨན་ཁབ་ཀྱི་བློ་འདྲིའི་ཞབས་ཞུ་ཡང་སྤེལ་ཡོད།།

QQ截图20180710171233.png

ཉེ་བའི་ལོ་ཤས་ནང་ཆུ་ཤུར་རྫོང་མཉེས་ཐང་ཤང་ར་སྟོད་གྲོང་ཚོས་ལུང་གཞུང་གི་ལེགས་ཆར་བརྟེན་ནས་མང་ཚོགས་ཁྲིད་སྟོན་ཧུར་ཐག་གིས་མུའུ་100ཡི་ཞིང་སར་པད་ཁ་བཏབ་སྟེ་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་འབྲེལ་པད་ཁའི་མེ་ཏོག་བཞད་པའི་དུས་ཚིགས་སུ་ཡུལ་སྐོར་བ་ལྟ་སྐོར་དང་སྤྲོ་གསེང་དུ་ཡོང་རྒྱུའི་ཡིད་དབང་བཀུག་པས་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཞིང་།

འདི་ནི་ཉེ་ཆར་ར་སྟོད་གྲོང་ཚོའི་གྲོང་མིས་པད་ཁའི་ཞིང་ནང་དུ་ཡུལ་སྐོར་བ་བསྒུགས་ནས་སྡོད་པའི་གནས་ཚུལ་ཡིན་པ།

ལོ་རྒྱུས་རགས་བཤད།

གཞིས་རྩེ་ནི“དབུས་གཙང ”གཉིས་ལས་གཙང་ལ་ཟེར་ཞིང་།  བཙན་པོའི་དུས་སུ་“དབུས་གཙང་རུ་བཞི ”ལས་གཡས་རུ་དང་རུ་ལག་གཉིས་ཀྱི་ས་ཁོངས་ཡིན་ལ།  སྤྱི་ལོའི་དུས་རབས་བཅུ་གསུམ་པ་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཡོན་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་བརྟེན། ས་སྐྱར་སྲིད་དབང་གི་ལྟེ་བ་བཙུགས་ཏེ་བོད་ཡོངས་ལ་གཅིག་གྱུར་དབང་བསྒྱུར་བྱས་ཐོག་ཁྲི་སྐོར་13བཙུགས་པའི་ཁྲོད།  གཞིས་ཀ་རྩེ་ཁོ་ནར་ཁྲི་སྐོར་4ཡོད།  ཕག་གྲུའི་དུས་སུ་ཁྲི་སྐོར་ལམ་ལུགས་མེད་པ་བཟོས་ཤིང་བོད་དུ་རྫོང་ཁག་132བཙུགས་པའི་ཁྲོད་གཞི་ས་ཀ་རྩེ་རུ་རྫོང་ཁག་4ཡོད།  སྤྱི་ལོའི་དུས་རབས་བཅུ་བདུན་པའི་དུས་དཀྱིལ་དུ་གོ་ཥིཾ་བསྟན་འཛིན་ཆོས་རྒྱལ་གྱི་རོགས་རམ་ལ་བརྟེན་ནསཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་གཙང་པ་སྡེ་སྲིད་ཀྱི་སྲིད་དབང་བཟུང་རྗེས།  པཎ་ཆེན་སྐུ་ཕྲེང་བཞི་པ་བཀྲ་ཤིས་ལྷུན་པོ་དགོན་དུ་བཞུགས་ཤིང་གཙང་ཁུལ་གྱི་ས་ཆ་སྤྱིའི་བདག་དབང་བཟུང་།  ཆོས་སྲིད་ཟུང་འབྲེལ་ལམ་ལུགས་བྱུང་བསདང་བསྟུན་ནས་གཞི་རྩེ་དེ་ཉིད་རིམ་བཞིན་གཙང་ཁུལ་གྱི་ཆབ་སྲིད་དང་།  དཔལ་འབྱོར། རིག་གནས། ཆོས་ལུགས་བཅས་ཀྱི་ལྟེ་བར་གྱུར་བ་མ་ཟད། དུས་རབས་བཅུ་གཉིས་པའི་དུས་འགོར། བོད་ཀྱི་བཀའ་ཤག་སྲིད་གཞུང་གིས་གཞིས་ཀ་རྩེ་དེ་སྤྱི་རྫོང་དུ་གནས་འཕར་བྱས་ཤིང་། དེའི་འོག་ཏུ་ཁག་16དང་གཞིས་ཀ་30བཙུགས་ཡོད།  བཅིངས་འགྲོལ་བཏང་རྗེས།  གཞིས་ཀ་རྩེ་དང་།  རྒྱལ་རྩེ་སོ་སོར་བཟོ་ཨུད་གཉིས་བཙུགས་པ་དང་། 1951ལོར་བོད་ལྗོངས་བཟོ་ཨུད་གཞིས་ཀ་རྩེ་གནས་སྐབས་བཟོ་ཨུད་དབུ་་བརྙེས་པ་དང་།  1952ལོའི་ཟླ་7པར་བོད་ལྗོངས་བཟོ་ཨུད་དང་གཞིས་ཀ་རྩེ་ཡན་ལག་བཟོ་ཨུད་དངོས་སུ་དབུ་བརྙེས། 

སྲིད་འཛིན་ས་ཁོངས་དང་མི་འབོར་སྐོར།

གཞིས་ཀ་རྩེ་ས་ཁུལ་ཡོངས་ལ་གྲོང་ཁྱེར་གཅིག་དང་། རྒྱལ་རྩེ་རྫོང་། པ་སྣམ་རྫོང་། ལྷ་རྩེ་རྫོང་། ས་སྐྱ་རྫོང་། གམ་པ་རྫོང་། སྟེང་སྐྱེས་རྫོང་། དིང་རི་རྫོང་། གཉའ་ལམ་རྫོང་། ཁང་དམར་རྫོང་། གྲོ་མོ་རྫོང་། རིན་སྤུངས་རྫོང་།རྣམ་གླིང་རྫོང་། བཞད་མཐོང་སྨོན་རྫོང་།  སྐྱིད་རོང་རྫོང་། ངམ་རིངས་རྫོང་། ས་ག་རྫོང་། འབྲོང་པ་རྫོང་། འགྲམ་མཐའ་འཚམས་འགག་སྒོ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་རྫོང་17དང་། རྫོང་རིམ་པའི་གྲོང་ཁྱེར་1མཐའ་འཚམས་འགག་སྒོ་དོ་དམ་ཨུ་ཡོན་ལྷན་ཁང་1ཤང་174གྲོང་བརྡལ་27བཅས་ཡོད་ཅིང་། 2009ལོའི་ལོ་མཇུག་ཏུ་ས་ཁུལ་ཡོངས་ཀྱི་མི་འབོར་སྡོམ་གྲངས་ཁྲི70.58ཟིན་པ་དང་། དེའི་ཁྲོད་ཐེམ་ཐོ་ཡོད་པའི་མི་གྲངས་ཁྲི70.47དང་། ཐེམ་ཐོར་ཡོད་པའི་ཁྲོད་དུ་ཞིང་པ་མི་གྲངས་ཁྲི2.05དང་། ཞིང་པ་མ་ཡིན་པ་མི་གྲངས་ཁྲི8.53ཡོད།

ཆབ་མདོར་གནའ་དུས་སུ་ཁམས་ཞེས་གྲགས་ཤིང་། ཆུ་བོའི་སྦྲེལ་མཚམས་སུ་ཆགས་པའི་དོན་ཡིན།  རྫ་ཆུ་དང་ངོམ་ཆུ། ཟླ་ཆུ་བཅས་ཆབ་མདོའི་མངའ་ཁོངས་ནས་རྒྱུག་ཅིང་། རྫ་འབྲི་ཟླ་གསུམ་གྱི་ཆུ་མགོ་ཡིན།  ས་གནས་དེ་ཐང་རྒྱལ་རབས་ཀྱི་དུས་སུ་བཙན་པོའི་རྒྱལ་རབས་ཀྱི་ས་ཆ་ཡིན་པ་དང་། ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་དབང་གི་དུས་སུ་དེ་ད་ལྟའི་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་ཀྲའུ་དང་མཉམ་དུ་མདོ་ཁམས་སི་ཏུའུ་སྤྱི་ཁྱབ་ཁང་ཞེས་པའི་ས་ཁོངས་སུ་འདུ། མིང་རྒྱལ་རབས་ཀྱི་དུས་སུ་ཁམས་མདོའི་བཀོད་འདོམས་སི་ཞེས་པའི་ཁོངས་ཡིན།  ཆིང་རྒྱལ་རབས་ཀྱི་དུས་སུ་ས་གནས་དེ་གར་སྤྲུལ་སྐུ་དང་ས་སྐྱོང་གིས་དོ་དམ་བྱེད་ལ། བོད་སྡོད་ཨམ་བན་དང་ཏྰ་ལའི་བླ་མའི་ཁོངས་སུ་གཏོགས། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ས་འགོའི་ལམ་ལུགས་མེད་པར་བཟོས། ཆབ་མདོ་དེ་ཟི་ཁྲོན་གྱི་མཐའ་ཁུལ་དུ་བཅོས། མིང་རྒྱལ་རབས་ཀྱི་དུས་སུ་ཆབ་མདོ་འདི་ཉིད་ནུབ་ཁམས་ཞིང་ཆེན་གྱི་ཆ་ཤས་ཡིན་པ་དང་། 1918ལོར་བོད་ས་གནས་སྲིད་གཞུང་གིས་ཆབ་མདོ་ས་ཁུལ་དུ་མདོ་སྤྱི་ཁང་བཙུགས་ནས་ཆབ་མདོ་དོ་དམ་བྱེད་ཀྱི་ཡོད་ཅིང་། ཆབ་མདོ་བཅིངས་འགྲོལ་མ་བཏང་གོང་བར། ལོ་སུམ་ཅུ་སོ་གཉིས་དབང་བསྒྱུར་བྱས་ཡོད།  1950ལོའི་ཟླ་10ཚེས་19ཉིན་ཆབ་མདོ་བཅིངས་འགྲོལ་བཏང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་བཅིངས་འགྲོལ་བཏང་སྔ་ཤོས་ཀྱི་ས་ཁུལ་ཞིག་རེད།  ཐུན་མོང་རྩ་འཛིན་ཞེས་པ་དང་ཀྲུང་དབྱང་གི་མི་རིགས་སྲིད་ཇུས་བཞིན། ཆབ་མདོ་ས་ཁུལ་གྱི་སྐབས་དང་པོའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོ་འཚོགས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་མདོ་ས་ཁུལ་གྱི་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཐད་ཀར་འགོ་ཁྲིད་བྱེད་པ་མ་ཟད། 1956ལོར་བཙུགས་པའི་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བྱ་རྒྱུར་ཡང་དང་ལེན་བྱེད་དགོས་ཀྱི་ཡོད།1960ལོའི་ཟླ་བ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཆོག་མཆན་ཐོབ་པ་བརྒྱུད་ཆབ་མདོ་ས་ཁུལ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ཏེ། 1978ལོར་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས་ནས་ད་བར་གནས་ཡོད།

སྲིད་འཛིན་ས་ཁོངས་དང་མི་འབོར།

ཆབ་མདོ་ས་ཁུལ་གྱི་མངའ་ཁོངས་སུ་ད་ཆ་ཆབ་མདོ་དང་སྟེང་ཆེན། རི་བོ་ཆེ།  འཇོ་མདའ།  གོ་འཇོ།  བྲག་གཡབ། སྨར་ཁམས། མཛོ་སྒང་། དཔའ་ཤོད། དཔལ་འབར། ལྷོ་རོང་བཅས་རྫོང་11དང་ཤང་110(མི་རིགས་ཤང་གཅིག་ཚུད)གྲོང་རྡལ་28 གྲོང་མི་ཨུ་ཡོན་ལྷན་ཁང་23  གྲོང་ཚོ་ཨུ་ཡོན་ལྷན་ཁང་1119བཅས་ཡོད། 2009ལོའི་ལོ་མཇུག་བར་དུ་ས་ཁུལ་དེ་ཡོངས་ཀྱི་སྤྱིའི་མི་འབོར་ནི་མི་གྲངས་641784ཟིན་པ་དང་དེའི་ནང་ཞིང་པ་མི་གྲངས་570477ཟིན་པ་དང་ཞིང་པ་མ་ཡིན་པ་མི་གྲངས་71307ཡོད་པ། འཕྲལ་སྡོད་མི་འབོར་ཧ་ལམ་ཁྲི་14ཟིན་ཡོད། 2009ལོར་ཕྲུ་གུ་སྐྱེས་ཚད་12.43%ཟིན་པ་དང་མི་གྲོངས་ཚད་4.39%ཟིན་པ། མི་འབོར་རང་བཞིན་འཕར་ཚད་8.04%བཅས་ཟིན།

QQ截图20170922120109.png

འདི་ནི་གཟེངས་བསྟོད་བྱ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གཉའ་ནང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གཉའ་ནང་རྫོང་གིས“2017ལོ་འཁོར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན”འཚོགས་ཏེ་ཟུར་མཚོ་ཤང་ཏང་ཨུད་དང་སྲིད་གཞུང་སོགས་དཔེ་བཟང་མཉམ་སྡེབ་10དང་ལི་ཅེ་སོགས་དཔེ་བཟང་མི་སྒེར་30ལ་གཟེངས་བསྟོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་གཉའ་ནང་རྫོང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ལས་དོན་ལ་བརྩིས་པས། རྫོང་ཡོངས་སུ་སྤྱི་ཚོགས་བདེ་འཇགས་དང་། དཔལ་འབྱོར་འཕེལ་རྒྱས། དཔུང་སྡེ་དང་ས་གནས་འཆམ་མཐུན། མཐའ་མཚམས་བརྟན་ལྷིང་། མི་རིགས་ཁག་གི་མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དུས་བབ་བཟང་པོ་མངོན་ནས་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”དང“རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་རྫོང” “རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། མི་ཐེངས་20ལ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི“མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ་པ། ལྷག་དོན་དུ“4·25”ཡི་ས་ཡོམ་བརྒྱབ་རྗེས་གཉའ་ནང་རྫོང་གི་ལས་རིགས་ཁག་དང་ལས་གནས་ཁག་ཏུ་དཀའ་ངལ་ལ་མི་སྐྲག་པ་དང་ཐེངས་མང་ཕམ་ཡང་ཡིད་ཐང་མི་ཆད་པའི་སྔོན་ཐོན་མི་སྒེར་མང་དག་ཅིག་ཐོན་ཡོད།

མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སྐུལ་འདེད་གཏོང་ཆེད། ལོ་འགོར་གཉའ་ནང་རྫོང་གིས་མི་རིགས་མཐུན་སྒྲིལ་གཏོད་པའི་གཞུང་ལས་ཁང་བཙུགས་པ་མ་ཟད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་དང་། རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་གཞུང་གི་རྫོང་དཔོན་གཞོན་པ། དེ་བཞིན་ཤང་གྲོང་ཁག་དང་། རྫོང་ཐད་གཏོགས་སྡེ་ཚན། གཉའ་ནང་དུ་བཅའ་སྡོད་ཚན་པ་ཁག་བཅས་ཀྱིས་ཁོངས་མི་བྱས་པའི་ལས་དོན་གྱི་ཆེད་དམིགས་ཚན་ཁག་བཙུགས་ཏེ་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཆགས་པར་བྱས་པ་རེད།

གོམ་སྟབས་རྗེས་མར་གཉའ་ནང་རྫོང་གིས་མི་རིགས་མཐུན་སྒྲིལ་སློབ་གསོའི་རྣམ་པ་དང་དྲིལ་བསྒྲགས་ཀྱི་གཞི་རྟེན་གསར་པ་བཏོད་དེ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། སྐོར་སྐྱོད་སྒྲོག་འགྲེལ་བྱེད་པ། རིག་རྩལ་འཁྲབ་སྟོན་བྱེད་པ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་བྱས་རྗེས་རླབས་པོ་ཆེ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་གཉའ་ནང་རྫོང་གི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་བཅས་འཛུགས་སྐྲུན་དང་དེ་བཞིན་ཏང་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་མངོན་པར་བྱས་ནས་སྤྱི་ཚོགས་ཡོངས་སུ་སྔོན་ཐོན་ལ་སློབ་སྦྱོང་དང་། སྔོན་ཐོན་གྱི་རྗེས་སུ་འབྲང་བ། མཐུན་སྒྲིལ་ལ་སྐུལ་མ་གཏོང་བ། འཕེལ་རྒྱས་དོན་གཉེར་བཅས་ཀྱི་རྣམ་པ་ཟབ་མོ་ཆགས་པ་བྱས་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད།


ལོ་རྒྱུས་རགས་བཤད།

ཉིང་ཁྲི་ས་ཁུལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་།བོད་རིགས་གཙོ་བོ་བྱས་པའི་མི་རིགས་མང་པོ་སྡོད་ཁུལ་ཞིག་ཡིན།ལོ་སྟོང་ཕྲག་ཁ་ཤས་གོང་ནས་བཟུང་ཡུལ་དེའི་མི་རྣམས་ཀྱི་མེས་པོ་ཚོ་དེ་གར་ངལ་རྩོལ་དང་།འཚོ་བ་སྐྱེལ་

བཞིན་ཡོད།ཉིང་ཁྲིའི་མཚེར་ཤུལ་ཐོན་ནས།ལོ་བཞི་སྟོང་ངམ་ལྔ་སྟོང་གོང་དུ་བོད་ཀྱི་རྡོ་ཆས་གསར་པའི་རིག་གནས་ཀྱི་དུས་སྐབས་སུ།ཉིང་ཁྲུ་ས་ཁུལ་འདི་ཉིད་བོད་ཀྱི་གནའ་བོའི་རིག་གནས་དར་ཡུལ་གྱི་གྲས་ཤིག་ཡིན་

ལ།བཙན་པོའི་རྒྱལ་རབས་སུ་བཙུགས་པའི་རྗེས་ཀྱི་ལོ་ངོ་200ཙམ་དབང་བསྒྱུར་བྱེད་རིང་།ཀོང་ཡུལ་འདི་ཉིད་གཡོ་རུའི་ཁོངས་གཏོགས་ཡིན་པ་དང་།བཙན་པོའི་རྒྱལ་རབས་དང་མེས་པོ་གཅིག་ཡིན་པས།དམིགས་བ

སལ་གྱི་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པ་མ་ཟད།བོད་ཀྱི་བཙན་པོའི་དབར་མནའ་ཐེངས་གཉིས་བཞག་མྱོང་བ་དེ་རྡོ་ལ་གནའ་ཡིག་བརྐོས་ཡོད།བཙན་པོའི་རྒྱལ་རབས་རྗེས་ནས་བོད་ཞི་བས་བཅིངས་འགྲོལ་མ་བཏང་

གོང་བར།ཉིང་ཁྲི་ས་ཁུལ་ཡང་བོད་ཡོངས་ཀྱི་དུས་བབ་འགྱུར་བ་བྱུང་བ་དང་བསྟུན་ནས་ལྔ་རྗེས་སུ་དུས་རབས་མི་འདྲ་བའི་དབང་སྒྱུར་པས་དབང་དུ་བསྒྱུར་ནས།ཡུན་རིང་བཀས་བཀོད་རྒྱུད་འཛིན་བྲན་གཡོག་ལམ་ལུ

གས་ནང་གནས།1951ལོར་བོད་དུ་དཔུང་སྐྱོད་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་བྱེར་འཐབ་དཔུང་སྡེ་གཉིས་པའི་དམག་སྡེ་བཅོ་བརྒྱད་པས་ལས་བྱེད་པ་དང་འཐབ་འཛིང་པ་འབོར་ཆེན་འཐེན་ནས།སྤོ

་མེས་དང་།དགས་ཀོང་།ལྷོ་ཡུལ་བཅས་སུ་ལས་ཀ་བྱེད་པར་མངགས།1959ལོའི་ཟླ་བ་གསུམ་པར།བོད་ས་གནས་སྲིད་གཞུང་ཁྲོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་

མཐུན་དོན་ཚན་བཅུ་བདུན་རྩིས་མེད་བཏང་སྟེ།ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས།དམངས་གཙོའི་བཅོས་སྒྱུར་སྔ་བསྣུར་དུ་བྱས་པའི་ནང་།ཅིང་ཁྲི་ས་ཁུལ་གྱིས་ཀྲུང་དབྱང་གི་ཞོད་འཇགས་གཏོང་

གིན་བཅོས་སྒྱུར་བྱེད་དགོས་པའི་བྱེད་ཕྱོགས་ལག་བསྟར་ནན་པོ་བྱས་ནས།མང་ཚོགས་སྐུལ་སློང་གིས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་ཞོར་དུ་བཅོས་སྒྱུར་བྱས་པས།བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུག

ས་རྦད་དེ་མགོ་གཏིང་སློག 

དུས་དེ་ནས་བཟུང་།ཉིང་ཁྲིའི་མི་དམངས་ལ་ཚེ་སྲོག་གསར་པ་ཐོབ་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་པར་བསྐྱོད།ལོ་མང་རིང་།དུས་བབ་འཕེལ་རྒྱས་དང་འགྱུར་བ་བྱུང་བ་དང་བསྟུན་ནས།ཉིང་ཁྲི་ས་ཁུ

ལ་གྱི་ཏང་སྲིད་འགོ་ཁྲིད་ལས་ཁུངས་དང་།སྲིད་འཛིན་གྱི་བྱེད་ཚུལ་ཐད་ལ་འཛུགས་པ་དང་།མེད་པ་བཟོ་བ།སླར་གསོ་བྱེད་པ།ཟླ་སྒྲིལ་གཏོང་བ།དེ་ནས་སླར་གསོ་བྱེད་པ་བཅས་ཀྱི་འགྱུར་བ་ཁ་ཤས་བྱུང་ནས།1986ལོ

ར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད།ད་ཆའི་ཉིང་ཁྲི་ས་ཁུལ་འདི་བྱུང་བ་རེད།

སྲིད་འཛིན་ས་ཁོངས་དང་མི་འབོར་སྐོར།

ཉིང་ཁྲི་ས་ཁུལ་ལ་ཉིང་ཁྲི་རྫོང་དང་།སྨན་གླིང་རྫོང་།ཀོང་པོ་རྒྱ་མདའ་རྫོང་།སྣང་རྫོང་།མེ་ཏོག་རྫོང་།རྫ་ཡུལ་རྫོང་།སྤོ་མེས་རྫོང་བཅས་རྫོང་བདུན་དང་།ཤང་34གྲོང་རྡལ་20བཅས་ཡོད།2009ལོའི་ལོ་འཇུག་བར།ཉིང

་ཁྲི་ས་ཁུལ་ལ་ཁྱོན་མི་འབོར་ཁྲི་18.6ཡོད་པའི་ནང་།ཐེམ་ཐོ་དེ་གར་ཡོད་པའི་མི་ཁྲི་17.68ཡོད་པ་དང་།ཕྱོགས་མི་9200ཡོད་པ་རེད།ཐེམ་ཐོ་དེ་གར་ཡོད་པའི་ནང་ཞིང་ལས་དོན་གཉེར་མཁན་ཁྲི་12.83ཡིད་པ་

དང་།ཞིང་ལས་མིན་པའི་མི་འབོར་ཁྲི་5.77ཡོད་པ་རེད།

ལོ་རྒྱུས་རགས་བཤད།

ལྷོ་ཁ་ས་འདི་ཉིད་ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་ཆགས་ཡོད་ཅིང་།ལོ་རྒྱུས་ཐོག་ཡར་ཀླུང་ཞེས་འབོད་ལ།དེ་བོད་ཀྱི་རིག་གནས་དར་ཡུལ་དང་།བཙན་པོའི་རྒྱལ་རབས་དང་ཕག་གྲུའི་རྒྱལ་རབས་ཀྱི་གནས་ཡུལ་ཡང་ཡིན།ཚད་ལྡན་ཡིག་ཆ་དང་དམངས་ཁྲོད་ངག་རྒྱུན་ལྟར་ན།ལོ་ཁྲི་བཞི་དང་ལྔའི་གོང་དུ།ཡར་ཀླུང་ཁུལ་ལ་བོད་པའི་མེས་པོ་འཚོ་སྡོད་བྱེད་ཀྱི་ཡོད་ལ།སྤྱི་ལོའི་སྔོན་གྱི་དུས་རབས་གཉིས་པའི་དུས་འགོར།བོད་རྒྱལ་དང་གཉའ་ཁྲི་བཙན་པོས་བཙན་པོའི་རྒྱལ་རབས་ཀྱི་འགོ་བཙུགས་པ་ཟད།ཕྱིས་མི་རབས་མང་པོས་བཙན་པོའི་སྲིད་དབང་དར་སྤེལ་བཏང་བ་དང་ལམ་སྲོལ་གཏོད།བཙན་པོའི་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ།ཡར་ཀླུང་ཁུལ་དུ་ཨར་ལས་དར་ནས་ཡུར་བུ་བཅོས།རི་ཆུ་ཞིང་ཐང་དུ་དྲངས་ནས།ས་རྒོད་སློག་པ་མ་ཟད་ཤིང་བཤོལ་ལ་བརྟེན་ནས་ཞིང་རྨོད།བཙན་པོ་བཅུ་གཅིག་པ་ཨེ་ཤོ་ལེགས་ཀྱི་དུས་ལ།གཡག་གཉིས་ཀྱིས་ཉིན་གཅིག་རྨོད་པའི་ས་ཞིང་གི་རྒྱ་ཁྱོན་ལ་དོར་གཅིག་ཅེས་གཏན་འཁེལ་བཟོས།བཙན་པོ་དགུ་པ་པུ་དེ་གུང་རྒྱལ་ནས་བཙན་པོ་བཅོ་ལྔ་པ་ཨི་ཤོ་ལེགས་བར།ཡར་ལྷ་ཤམ་ཆུའི་རྒྱུག་ཁུལ་འཕྱིང་ཁུལ་སྟེ།ད་ལྟ་འཕྱོངས་རྒྱས་རྫོང་དུ།སྔ་རྗེས་སུ་སྟག་རྩེ་དང་།དགུན་རྩེ།ཡང་རྩེ།ཁྲི་རྩེ།རྩེ་མོ།འཕྱོངས་རྒྱས།ཁྲི་་འཕང་མཐོ་སོགས་ཕོ་བྲང་དྲུག་བསྐྲུན་ནས།འཕྱོངས་རྒྱས་འདི་ཉིད་ཡར་ཀླུང་ཚོ་པའི་རྒྱལ་སར་གྱུར།བཙན་པོ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་རིང་།སངས་རྒྱས་ཆོས་ལུགས་ཡར་ཀླུང་ཁུལ་དུ་དར།བཙན་པོས་པནྡྲི་ཏ྄་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐེ་སི་རྣམ་གཉིས་ཀྱིས་བོད་དུ་གདན་དྲངས་པའི་སྐུ་གསུང་ཐུག་རྟེན་ལ་གཉན་པོ་གསང་བ་ཞེས་སུ་གསོལ་སྟེ།ཕོ་བྲང་ཡུང་བུ་གླ་མཁར་དུ་བཞུགས་སུ་གསོལ་པས།དེ་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སྐུ་གསུང་ཐུགས་རྟེན་ཐོག་མ་དེ་ཡིན།སྤྱི་ལོའི་དུས་རབས་དྲུག་པ་ཡས་མས་སུ་ཡར་རླུང་རྒྱུད་བྲན་གཡོག་སྤྱི་ཚོགས་ལ་སླེབས་ཤིང་།ལྕགས་དང་།ཟངས།དངུལ་སོགས་བཙོ་སྦྱང་བྱེད་པ་དང་།ལྕགས་རིགས་ཀྱི་མཚོན་ཆ་བཟོ་ཐུབ་ཀྱི་ཡོད།བཙན་པོ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱིས་དབང་སྒྱུར་རིང་བཙན་པོའི་རྒྱལ་རབས་འཛུགས་རྒྱུར་དངོས་པོའི་གྲ་སྒྲིག་བྱེད་འགོ་བརྩམས།དེའི་སྲས་བཙན་པོ་སོ་གཅིས་པ་གནམ་རི་སྲོང་བཙན་གྱིས་སྲིད་དབང་བཟུང་བའི་རྗེས།ཉེ་འཁོར་འཚོ་པ་དབང་སུ་བསྡུས་ནས་ས་རྒྱ་ཆེ་རུ་བཏང་བས།ཡར་ཀླུང་ཚོ་པ་འདི་ཉིད་བོད་ཀྱི་ཚོ་པ་སྟོབས་ཆེ་ཤོས་སུ་གྱུར།

སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ལ་གནམ་རི་སྲོང་བཙན་གྱི་སྲས་སྲོང་བཙན་སྒམ་པོས་བློན་ཆེན་གསར་པ་མྱང་དང་འོད་སོགས་ཀྱི་རོགས་རམ་འོག་ཡར་ལྷ་ཤམ་ཆུ་རྒྱུག་ཁུལ་གྱིས་ལྟེ་བ་བྱས་པའི་བོད་ད་མཐོ་གཅིག་གྱུར་བཟོ་བའི་རླབས་ཆེའི་བྱ་གཞག་གཏོད།སྔ་རྗེས་སུ་སུམ་པ་དང་ཞང་ཞུང་སོགས་ཚོ་པ་དབང་དུ་བསྡུས་པ་དང་དགྲ་ཡ་ཡོད་ཚད་ཆམ་ལ་ཕབ་ནས་བཙན་པོའི་རྒྱལ་རབས་བཙུགས་པ་མ་ཟད་རྒྱལ་ས་ཡང་འཕྱོངས་རྒྱས་ནས་ལྷ་སར་སྤོས།བཙན་པོའི་རྒྱལ་རབས་ཀྱི་དུས་སྐབས་སུ།བོད་ཀྱི་མངའ་ཁོངས་དེ་ལྔར་དབྱེ་ཡོད་པ་སྟེ།དབུས་རུ་དང་།གཡོ་རུ།གཡས་རུ།རུ་ལག སུམ་པའི་རུ་བཅས་ཡིན།ད་ཆའི་ལྷོ་ཁ་ས་ཁུལ་འདི་ཉིད་གཡོ་རུ་ཡིན།ལྷོ་ཁའི་མོན་ཡུལ་ཀྱང་བོད་ཀྱི་མངའ་ཁོངས་སུ་བསྡུས་ཡོད།ད་ཆའི་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་བརྡལ་དེ་གཡོ་རུའི་དབང་སྒྱུར་ལྟེ་གནས་ཡིན་པ་དང་།རུ་དཔོན་རྒན་གཞོན་གཉིས་ཀྱིས་བདག་སྐྱོང་བྱེད།སྤྱི་ལོའི་དུས་རབས་བཅུ་གསུམ་པའི་དུས།ཡོན་རྒྱལ་རབས་ཀྱི་ཀྲུང་དབྱང་སྲིད་གཞུང་ནས་བོད་ས་གནས་ཀྱི་སྲིད་དབང་བདག་སྐྱོང་བྱས་ནས།ས་སྐྱ་བས་ལྟེ་བ་བྱས་པའི་ས་གནས་སྲིད་གཞུང་བཙུགས་ཤིང་ཁྲི་སྐོར་བཅུ་གསུམ་གཏན་ལ་ཕབ།ལྷོ་ཁ་ནི་སྐབས་དེར་ཁྲི་སྐོར་བཅུ་གསུམ་ནང་གི་ཤུགས་རྐྱེན་ཆེ་ཙམ་ཡོད་པའི་ཕག་གྲུ་དང་།གཡའ་བཟང་།ཡར་འབྲོག  ཐང་པོ་ཆེ་སོགས་ཁྲི་ར་གྱི་ས་ཆ་རེད།སྤྱི་ལོ་1349ལོའི་རྗེས་ཕག་གྲུས་སྔ་རྗེས་སུ་གཡའ་བཟང་དང་།འབྲི་གུང་།ཚལ་སོགས་ཁྲི་སྐོར་ལས་རྣམས་གཅིག་གྱུར་བྱས་ནས་1354ལོར་ས་སྐྱའི་ས་གནས་དབང་འཕྲོག་ཏེ།བོད་ཡོངས་ལ་དབང་སྒྱུར་བྱས་ཆོག་པའི་ཡོན་རྒྱལ་རབས་ཀྱི་ཆོ་ལོ་ཏཱ་སི་ཏུ་བཞེས་ནས་བོད་ཡུལ་དུ་གང་པོར་དབང་སྒྱུར་བྱས།ཆིང་རྒྱལ་རབས་ཀྱི་དུས་བོད་ལ་བཀའ་ཤག་སྲིད་གཞུང་བཙུགས་པའི་རྗེས་ལྷོ་སྤྱི་ཁྱབ་ཀྱི་ཁོངས་སུ་རྫོང་ཁག་སུམ་ཅུ་ཡོད་པ་རད།1951ལོའི་ཟླ་5པའི་ཚེས་23ཉིན་བོད་ཞི་བས་བཅིངས་འགྲོལ་བཏང་།1956ལོར་ལྷོ་ཁའི་ཡན་ལག་ལས་དོན་ཨུ་ཡོན་ལྷན་ཁང་དང་།ལྷོ་སྤྱི་ཁྱབ་ཀྱི་དོན་བྱེད་ཁང་སྔ་རྗེས་སུ་བཙུགས།ད་ལྟ་རྩེད་ཐང་གྲོང་བརྡལ་འདི་ཉིད་ལྷོ་ཁ་ས་ཁུལ་གྱི་སྲིད་འཛིན་ཀུང་ཧྲུའུ་ཆགས་ཡུལ་ཡིན་ཞིང་།ལྷོ་ཁའི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས་བཅས་ཀྱི་ལྟེ་བར་གྱུར་བ་རེད།

སྲིད་འཛིན་ས་ཁོངས་དང་མི་འབོར་སྐོར།

ལྷོ་ཁ་ས་ཁུལ་དུ་སྣེ་གདོང་རྫོང་དང་།འཕྱོངས་རྒྱས་རྫོང་།གྲ་ནང་རྫོང་།གོང་དཀར་རྫོང་།ཟངས་རི་རྫོང་།ཆུ་གསུམ་རྫོང་།རྒྱ་ཚ་རྫོང་།ལྷུན་རྩེ་རྫོང་།མཚོ་སྣ་རྫོང་།སྣ་དཀར་རྩེ་རྫོང་།མཚོ་སྨད་རྫོང་།ལྷོ་བྲག་རྫོང་བཅས་རྫོང་ཁག་བཅུ་གཉིས་དང་ཤང་58གྲོང་བརྡལ་24བཅས་ཡོད།སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་7.97ཡོད།དེའི་ནང་ཀྲུང་གོ་དང་རྒྱ་གར་གྱི་རྩོད་རྙོག་ཁུལ་སྤྱི་ལེ་གྲུ་བཞི་མ་ཁྲི་2.87ཚུད་མེད།ཤར་ནུབ་ཀྱི་ཞེང་ཚད་ལ་སྤྱི་ལེ་400ལྷག་ཙམ་དང་།ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ་300ལྷག་ཙམ་ཡོད།2009ལོའི་ལོ་མཇུག་བར་དུ་ས་ཁུལ་དེ་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི་34.26ཟིན་ཡོད་པའི་ནང་།ཞིང་ལས་གཉེར་མཁན་གྱི་མི་ཁྲི་29.77ཡོད་པ་དང་།ཞིང་ལས་གཉེར་མཁན་མིན་པའི་མི་འབོར་ཁྲི་3.06ཡོད་པ་རེད།

འདི་ལོ་ཚུན་དུ་སྒེར་རྩེ་རྫོང་གིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་གོ་སྐབས་སུ་བྱས་ནས“དབུལ་སྐྱོར་འགག་སྒྲོལ་བྱེད་ཀྱིན་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་ཏང་འཛུགས་སྐྱོང་ལ་དམ་འཛིན་གྱིས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བའི”ལས་ཀའི་བསམ་ཕྱོགས་ལ་དམ་པོར་དམིགས་པ་དང“ཏང་འཛུགས་སྐྱོང་དང་ཟུང་དུ་འབྲེལ་བའི”བྱ་ཐབས་ཀྱིས་གནད་སྨིན་དབུལ་སྐྱོར་བྱེད་རོགས་བྱས་པས། ལོ་འདི་དུད་ཚང་244ཡི་མི་འབོར་དབུལ་པོ་889དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་ལ་འགན་ལེན་བྱས་པ་རེད།

ཏང་འཛུགས་སྐྱོང་དང་སྲིད་ཇུས་རོགས་སྐྱོར་ཟུང་འབྲེལ་བྱས་ནས་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་དུ་བཏང་བ། དམངས་ཕན་དམངས་བདེའི་སྲིད་ཇུས་ཁག་གང་ལེགས་སྤྱད་དེ་ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དུད་ཚང་དབུལ་པོས་ཚོར་བ་བྱས་ཡོད། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་ལས་དོན་ཡག་པོ་བསྒྲུབས་ནས་དུད་ཚང་299ཡི་མི་1285དུས་བཀག་བཞིན་སྤོ་ཐུབ་པ་དང་གཞིས་ཆགས་ཡག་པོ་ཐུབ་པའི་འགན་ལེན་བྱས་པ་དང་། མ་མཐའི་འཚོ་བའི་འགན་ལེན་དང་། སྨན་བཅོས་འགན་ལེན། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་3649ལ་སྤྱི་ཚོགས་འགན་བཅོལ་མཐའ་སྐྱོང་ཐུབ་པ་བྱས་པ། སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་དོན་ཡག་པོ་བསྒྲུབས་ནས་ཆ་རྐྱེན་དང་མཐུན་པའི་མི་7469ལ་སྣོད་བཅུད་ཀྱི་ཕན་འབྲས་ཐོབ་ཐུབ་པ་བྱས་པ། དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་དོན་འཁྱོལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་སྒེར་24ཡི་སྐྱེད་སྦྱར་དངུལ་བུན་སྒོར་ཁྲི་491དོན་འཁྱོལ་བྱས་པ། སློབ་གསོའི་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་བོད་ལྗོངས་མི་རིགས་སློབ་ཆེན་དབར་སློབ་གྲྭ་དང་ས་གནས་མཉམ་ལས་གྲོས་མཐུན་བྱེད་པའི་རྨང་གཞིའི་ཐོག་སློབ་གསོའི་དབུལ་སྐྱོར་གྱི་སློབ་རོགས་མ་དངུལ་སྒོར་ཁྲི་57.4ཡི་ཐེབས་རྩ་བཙུགས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་སློབ་མའི་སེམས་ཁྲལ་བསལ་བ་བཅས་རེད།

ཏང་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ་བྱས་ནས་རང་ངོས་འཕེལ་རྒྱས་ཆེས་ཆེར་མངོན་པར་བྱས་པ། ཐོན་ལས་འཕེལ་རྒྱས་དེ་ཏང་འཛུགས་སྐྱོང་གིས་གནད་སྨིན་དབུལ་སྐྱོར་ལ་སྣེ་ཁྲིད་བྱེད་པའི་ནང་དོན་གཙོ་བོར་བརྩིས་ཏེ་ཐོན་ཁུངས་བསྡུ་སྒྲིལ་གྱིས་སྣོད་བཅུད་ཞིང་འབྲོག་ལས་ཐོན་ལས་གླིང་དང་། གཙོ་གནད་རྣམ་གྲངས། དཔལ་འབྱོར་མཉམ་ལས་རྩ་འཛུགས། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པ། ནོར་ལུག་གཅིག་སྡུད་གསོ་ཚགས་དང་སྡོམ་གསོས་སོགས་ཀྱི་ཐོན་ལས་ཡག་པོ་གཉེར་ནས་འབྲོག་ཁུལ་གྱི་ཐོན་ལས་དབུལ་སྒྲོལ་བྱེད་སྟངས་ཤིག་འཚོལ་ཞིབ་བྱས་ཡོད། “གྲོང་ཚོ་རེ་ལ་སྲིད་ཇུས་རེ་དང་། དུད་ཚང་རེ་ལ་འཆར་གཞི་རེ། མི་རེར་འཆར་འགོད་རེ”ཡོད་པའི་དམིགས་ཚད་ལ་གཞིགས་ནས་གཱ་དང་ཡིག་ཚགས་བཟོ་བའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དུད་ཚང་དབུལ་པོ་དབུལ་པོར་གྱུར་རྐྱེན་དབྱེ་ཞིབ་དང་འཚོལ་མཁས་པོ་བྱས་ཏེ་དུད་ཚང་རེར་སྲིད་ཇུས་རེ་ལག་ལེན་བསྟར་ནས་འབབ་འཕར་ཐོན་ལས་རྣམ་གྲངས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་ཡག་པོ་བཙལ་བ་རེད། འདི་ལོ་རྫོང་ཡོངས་ཀྱིས་དབུལ་སྐྱོར་རྣམ་གྲངས་67ལས་འགོ་བཙུགས་པར་མ་དངུལ་སྒོར་དུང་ཕྱུར་4.62བཏང་བས་གཙོ་གནད་རྣམ་གྲངས་སྐྲུན་རིང་དཀའ་ངལ་ཡོད་པའི་མང་ཚོགས་875ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་485.71རག་ཡོད། སྒེར་རྩེ་གྲོང་རྡལ་ལུང་རི་གྲོང་མི་ཨུ་ལྷན་གྱི་སྒྲིག་བཤེར་ཨུ་ཡོན། སྤྱི་ཚོགས་འགན་སྲུང་ཨུ་ཡོན་ཤེས་ནོར་གྱིས་རང་འགུལ་ངང་དཀའ་ངལ་ཡོད་པའི་མང་ཚོགས་65སོ་སོའི་ཨར་ལས་རུ་ཁག་ནང་བཅུག་པས་རིམ་རྩིས་བྱས་ན་འདི་ལོ་མི་རེར་ཡོང་འབབ་སྒོར་ཁྲི་1.8རག་རྒྱུ་རེད། རྫོང་ཡོངས་ཀྱིས་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད་དུད་ཚང་210ཡི་མི་འབོར་དབུལ་པོ་707གནད་སྨིན་དབུལ་སྒྲོལ་ཐུབ་ཡོད་པ་རེད།

ཏང་འཛུགས་སྐྱོང་དང་སློབ་གསོ་གསོ་སྦྱོང་ཟུང་འབྲེལ་བྱས་ནས་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་མངོན་པར་བྱས་པ། ལྟ་བ་བསྒྱུར་བ་དང་། བྱང་ཚད་མཐོར་གཏོང་། ལག་རྩལ་ཁྱབ་གདལ་བཅས་གནད་སྨིན་དབུལ་སྐྱོར་གྱི་ཚད་བརྒལ་ས་དང་ཤུགས་རྒྱག་སར་བྱས་ཏེ་དབུལ་སྐྱོར་གཞུང་དོན་ཁང་གི་ལས་དོན་པ་དང་། གྲོང་ཚོ(གྲོང་ལྷན)“ཨུ་ལྷན་གཉིས་ཀྱི”ལས་བྱེད་པ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བཅས་ལ་སློབ་གསོ་གསོ་སྦྱོང་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཅུས་སོགས་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་ངང་ཨར་སྐྲུན་དང་། ཁ་ལོ་བ། བཟའ་བཏུང་། འདེབས་འཛུགས་སོགས་རྩལ་ནུས་གསོ་སྦྱོང་བྱས་པ་རེད། མིག་སྔར་མི་314ལ་རྩལ་ནུས་གསོ་སྦྱོང་བྱས་ཤིང་། སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རས་སྙོམ་སྒྲིག་བྱས་པ་བརྒྱུད། བྱས་ཏེ་མི་200དུས་ཐུང་ལས་ཞུགས་དང་མི་29ཡུན་རིང་ལས་ཞུཌ་ཐུབ་པ་རེད།

ཏང་འཛུགས་སྐྱོང་དང་ཆ་སྒྲིག་རོགས་སྐྱོར་ཟུང་འབྲེལ་བྱས་ནས་ཕྱི་ཤུགས་གཞོགས་འདེགས་བྱ་རྒྱུ་མངོན་པར་བྱས་པ། བྱ་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དུད་ཚང་དབུལ་པོར་ཆ་སྒྲིག་རོགས་སྐྱོར་ལས་དོན་སྤེལ་བ་དང་།   རྫོང་རིམ་པའི་ལས་བྱེད་པ་གཅིག་གིས་དུད་ཚང་དབུལ་པོ་གཅིག་ལ་རོགས་སྐྱོར་བྱེད་པ་དང་། ཁོའོ་རིམ་པའི་ལས་བྱེད་པ་དང་སྤྱིར་བཏང་ལས་བྱེད་པ་གཉིས་ནས་གསུམ་བར་གྱིས་དུད་ཚང་དབུལ་པོ་1ལ་རོགས་སྐྱོར་བྱས་པས། མིག་སྔར་རྫོང་དེ་ཡོངས་ཀྱི་ལས་བྱེད་པ་1306དང་དུད་ཚང་547གྱི་དབུལ་པོ་2233དབར་ཆ་སྒྲིག་རོགས་སྐྱོར་གྱི་འབྲེལ་བ་བཙུགས་ནས་དབུལ་སྐྱོར་ཞལ་འདེབས་སྒོར་ཁྲི་291.53བརྒྱབ་པ་དང་། གྲོང་ཚོ་རེ་ལ་ཉེན་རྟོག་པ་གཅིག་པ་དང་། གྲོང་དཔོན་གཅིག ཧྲུའུ་ཅི་གཅིག་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་རྫོང་ཡོངས་སུ་བཅའ་སྡོད་མི་དམངས་ཉེན་རྟོག་པ་48དང་། སློབ་ཆེན་ཐོན་པའི་གྲོང་དཔོན་3 གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ་48 ཧྲུའུ་ཅི་དང་པོ་48བཅས་གྲོང་ཚོ48(གྲོང་མི)ལ་ལས་འགན་འཁུར་བར་བཏང་བ། སྒོར་ཁྲི་200ཙམ་བཏང་སྟེ་སྒྲིག་གཞི་ཚང་བའི་གྲོང་ཚོ(གྲོང་མི)“ཨུ་ལྷན་གཉིས”ཀྱི་ཚན་ཁག་སྐྲུན་རོགས་དང་། དབྱེ་འབྱེད་གནད་སྨིན་དང་། དབུལ་སྐྱོར་འཆར་གཞི། ཐོན་ལས་འཕེལ་རྒྱས། རྩལ་ནུས་གསོ་སྦྱོང་སོགས་ལས་དོན་ཡག་པོ་སྒྲུབ་རོགས་བྱས་ཡོད།   རྨང་བརྟན་དམངས་ཕན་གྱི་གྲོང་ཚོར་བཅའ་སྡོད་ལས་ཀའི་བླང་བྱ་དོན་འཁྱོལ་བྱ་ཆེད། ལྗོངས་དང་། ས་ཁུལ། རྫོང་། ཤང་བཅས་ཀྱིས་རྫོང་དེ་ཡོངས་ཀྱི་གྲོང་ཚོ(གྲོང་མི)48ལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མི་192མངགས་ཏེ་གནད་སྨིན་དབུལ་སྐྱོར་ལས་ཀར་རྦད་དེ་ཞུགས་པས་ཚན་པ་དང་ལས་བྱེད་པ་དང་དུད་ཚང་དབུལ་པོའི་དབར་ཆ་སྒྲིག་རོགས་སྐྱོར་གྱི་ཕྱོགས་གཉིས་རྦད་དེ་ཁྱབ་རྒྱུ་དང་རྒྱུན་རྣམ་ཅན་མངོན་འགྱུར་བྱུང་ཡོད་པ་རེད།