གྲ་ནང་རྫོང་གི“འཚོ་བའི་སྤྱོད་ཆས་ཆུང་གྲས་བཅུ་ཞིང་དུད་དུ་སྤྱོད་པའི”བྱེད་སྒོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2016-11-02 12:12:24

འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གྲ་ནང་རྫོང་གིས་2016ལོའི་ཟླ་6པ་ནས་བཟུང་རྫོང་ཡོངས་ཀྱི་གྲོང་ཚོ(གྲོང་ལྷན)62ལ“འཚོ་བའི་སྤྱོད་ཆས་ཆུང་གྲས་བཅུ་ཞིང་དུད་དུ་སྤྱོད་པའི”འབྱོར་འབྲིང་གི་ཤེས་དཔལ་དཔེ་སྟོན་དུད་ཚང་གཏོད་པའི་བྱེད་སྒོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། “འཚོ་བའི་སྤྱོད་ཆས་ཆུང་གྲས་བཅུ་ཞིང་དུད་དུ་སྤྱོད་པ”སྟེ། ལག་ཕྱིས་ཤོག་བུ་དང་། ཆབ་ཤོག སོ་འཁྲུ། སོ་རྒྱུག གཙང་ཤོག གད་སྙིགས་བླུག་སྣོད། ཤིང་ཏོག་སྡེར་མ། མེ་ཏོག་ཁོག་མ། རྡོག་ཕྱིས། ཐལ་ཕོར་བཅས་སོ། ད་རེས་ཀྱི་བྱེད་སྒོའི་ཐོག“འཚོ་བའི་སྤྱོད་ཆས་ཆུང་གྲས་བཅུ་ཞིང་དུད་དུ་སྤྱོད་པའི”འབྱོར་འབྲིང་གི་ཤེས་དཔལ་དཔེ་སྟོན་དུད་ཚང་གཏོད་པའི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་དོན་དངོས་དང་ཉེ་བཅར་དང་། འཚོ་བ་དང་ཉེ་བཅར། མང་ཚོགས་དང་ཉེ་བཅར་བཅས་བྱས་ནས་ཞིང་འབྲོག་པའི་འཕྲོད་བསྟེན་གྱི་འདུ་ཤེས་དང་། བདེ་ཐང་གི་འདུ་ཤེས། ཤེས་དཔལ་གྱི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།