གྲ་ནང་ཟམ་ཆེན་ལ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.69བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

གསར་འགོད་པས་ཉེ་ཆར་གྲ་ནང་ཟམ་ཆེན་གྱི་རྣམ་གྲངས་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར།ཟླ་4པའི་ཟླ་མཇུག་བར་ལས་གྲྭར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.69བཏང་བ་དེས་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་4.27གྱི་63.1%བཟུང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།གྲ་ནང་ཟམ་ཆེན་དེ་2013ལོའི་ཟླ་5པར་དངོས་སུ་ལས་འགོ་བཙུགས་པ་དང་2014ལོའི་ཟླ་12པར་ལས་གྲྭ་གཙོ་བོ་ལེགས་གྲུབ་ཐུབ་པ་བྱ་རྒྱུ་དང་2015ལོའི་ཟླ་3པར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྩིས་ཡོད་པ་དེ་འཆར་འགོད་ལས་ཡུན་ལས་ཟླ་6གིས་སྔ་བ་ཡོད་པ་རེད།རྣམ་གྲངས་གི་ལམ་སྣེ་དེ་གྲ་ནང་རྫོང་གྲ་ཐང་གྲོང་རྡལ་གྱི་ཆུ་སྨད་ཀྱི་སྤྱི་ལེ་གཉིས་ཀྱི་སར་ཡོད་པ་དང་ཡར་ཀླུང་གཙང་པོ་ཐད་ཀར་འཕྲེད་བརྒལ་བྱས་པ་དང་ལས་མཇུག་དེ་གྲ་རབ་གྲོང་ཚོའི་ཆུ་སྨད་ཀྱི་ཉེ་འགྲམ་དུ་གནས་ནས་གཙང་བྱང་གཞུང་ལམ་དང་སྦྲེལ་མཐུད་བྱས་པ་དེའི་རིང་ཚད་ཡོངས་ལ་སྤྱི་ལེ་5.7ཙམ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།