གྲ་ནང་རྫོང་གིས“ཅན་ལྔར”བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

ང་་ད་་གསར་འར་་བ།

| 2014-12-18 00:15:14

ཉེ་བའི་ལོ་ཤས་རིང་གྲ་ནང་རྫོང་གིས“ཅན་ལྔ”འཇུག་གཞིར་བྱས་ནས་གཞི་རིམ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་རྫོང་དེའི་གྲེས་མོ་གྲོང་ལྷན་དང་བདེ་སྐྱིད་གྲོང་གསར་སོགས་ཏང་འཛུགས་སྐྱོང་ལས་དོན་ལ་བཀྲག་མདངས་འཚེར་བའི་གྲོང་ཚོ་ཁག་ལ་འགོ་ཁྲིད་ཚན་པ་སྲ་བརྟན་ཅན་དང་།ལམ་ལུགས་འཛུགས་སྐྱོང་བརྒྱུད་རིམ་ཅན།ཡིག་ཚགས་དཔྱད་གཞི་ཚད་ལྡན་ཅན།རིཌ་པའི་གཞུང་ལུགས་སློབ་སྦྱོང་ཁྱོན་ཡོངས་ཅན།རྩ་འཛུགས་བྱེད་སྒོ་རྒྱུན་གཏན་ཅན་བཅས་ཀྱི་ཕན་འབྲས་རགས་ཙམ་ཐོན་ཡོད་པ་རེད།

འགོ་ཁྲིད་ཚན་པ་སྲ་བརྟན་ཅན་དུ་འགྱུར་བ་བྱེད་པ།རྫོང་དེ་གས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་མཐུན་སྦྱོར་ཚོགས་འདུ་དུས་ཐོག་ཏུ་འཚོགས་ནས་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་ཁག་ཞིབ་ཕྲར་བཏང་ཞིང་།ལས་འགན་གཙོ་བོ་དང་ཞིབ་ཕྲའི་ལས་དོན་ཁ་གསལ་བཟོས་ནས་གྲོང་མི་ཚང་མར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ལས་དོན་ཁག་སྤེལ་བ་རེད།

ལམ་ལུགས་འཛུགས་སྐྱོང་བརྒྱུད་རིམ་ཅན་དུ་འགྱུར་བ་བྱེད་པ།གཟབ་ནན་དང་།ཞིབ་ཕྲ།ཁྱོན་ཡོངས་བཅས་ཀྱི་སྒྲིག་སྲོལ་ལམ་ལུགས་ཆ་ཚང་ཞིག་འཛུགས་རྒྱུ་ནི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ནང་དོན་གལ་ཆེན་ཞིག་རེད།རྫོང་ཨུད་རྩ་འཛུགས་པུས《གྲོང་ཚོའི་ཏང་ཀྲི་པུའི་ལས་དོན་ལམ་ལུགས》དང《ཏང་ཡོན་ལ་དམངས་གཙོའི་དཔྱད་མོལ་བྱེད་པའི་ལམ་ལུགས》སོགས་དོན་ཚན་52བཟོས་ཤིང་།འཐུས་ཚང་དུ་བཏང་ནས་གྲོང་ཚོ་ཨུ་ལྷན་གྱི་ལས་དོན་ཁག་གི་ཚད་ལྡན་ཅན་གྱི་འཕེལ་རིམ་ལ་ལམ་ལུགས་འགན་སྲུང་མཁོ་འདོན་བྱས་པ་རེད།

ཡིག་ཚགས་དཔྱད་གཞི་ཚད་ལྡན་ཅན་དུ་གྱུར་བ་བྱེད་པ།2013ལོ་ཚུན་རྫོང་ཨུད་རྩ་འཛུགས་པུས་གྲོང་ཚོ(ཡུལ་མི་ཨུ་ལྷན)ཁག་ལ《ཏང་ཞུགས་ཧུར་བརྩོན་ཅན་གསོ་སྐྱོང་བརྟག་ཞིབ་ཐོ་འགོད་རེའུ་མིག》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཞུགས་རེ་ཞུའི་ཡི་གེ》ཁྱོན་1000ལྷག་ཙམ་དང་རྟགས་མ་500ལྷག་ཙམ་སྤྲད་པ་རེད།རྫོང་ཨུད་རྩ་འཛུགས་པུས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་ཤང་དང་གྲོང་རྡལ་ཁག་དང་གྲོང་ཚོ(ཡུལ་མི)ཨུ་ལྷན་ཁག་ལ་ཏང་འཛུགས་དཔྱད་གཞི་བླུགས་སྒམ་80ལྷག་ཙམ་དང་ཏང་འཛུགས་དཔྱད་གཞི་དེབ་400ལྷག་ཙམ་སྤྲད་པ་རེད།

རིགས་པའི་གཞུང་ལུགས་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པ་བྱེད་པ།ཏང་ཡོན་དང་ལྷག་པར་དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་རྒྱུ་དང་།ཀྲུང་དབྱང་དང་།རང་སྐྱོང་ལྗོངས།ས་ཁུལ་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་།མིག་སྔར་རྫོང་དེ་ཡོངས་ཀྱི་གྲོང་ཚོའི(ཡུལ་མི་ཨུ་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་སྒྲིག་འཛུགས་བྱས་ནས་གཅིག་སྡུད་གསོ་སྦྱོང་ཐེངས་1བྱས་ཤིང་།ད་ཆ་རྫོང་ཡོངས་ཀྱི་གྲོང་ཚོ(ཡུལ་མི་ཨུ་ལྷན)ཁག་གི་སྣེ་ཁྲིད་པའི་འདུ་འགོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།

རྩ་འཛུགས་བྱེད་སྒོ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་པ།རྫོང་དེ་ཡོངས་ཀྱི་གྲོང་ཚོ(ཡུལ་མི་ཨུ་ལྷན)ཁག་གིས་ཞིང་དལ་གྱི་ཁོམ་པ་སྤྱད་དེ་རྟག་ཏུ་ན་གཞོན་ཏང་ཡོན་སྒྲིག་འཛུགས་བྱས་ནས་ལམ་བཟོ་བ་དང་།རགས་རྒྱག་པ།གྲོང་ཚོའི་བགྲོད་ལམ་བཅོས་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ་ཏང་ཡོན་གྱི་གདོང་ལེན་དང་།དཔེ་སྟོན།སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་།ཏང་ཡོན་ཚོགས་ཆེན་འཚོགས་ནས་ལོ་འཁོར་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བདམས་ཏེ་ཕུལ་བྱུང་ལ་སློབ་སྦྱོང་བྱེད་པ་དང་ཕུལ་བྱུང་བ་བྱེད་པའི་ཚང་མའི་བརྩོན་སེམས་སྐུལ་སྤེལ་གྱིས་མང་ཚོགས་ཕུལ་བྱུང་དེ་བས་མང་པོ་ཏང་ཡོན་དཔུང་ཁག་ནང་ཞུགས་སུ་བཅུག་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།