ཟངས་རི་རྫོང་གིས“ངེས་འབྱོར་ས་ཚིགས”སྐོར་གཡེང་ཚོད་འཛིན་བྱེད་སྟངས་ཁྱབ་གདལ་གཏོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2017-04-10 12:20:57

QQ截图20170410104218.png

→ འདི་ནི་སྐོར་ཞིབ་མི་དམངས་ཉེན་རྟོག་པས་རོང་ཤང་བྱི་ལུང་གྲོང་ཚོར་སྐོར་ཞིབ་བྱས་ནས“ངེས་འབྱོར་ས་ཚིགས”སྒམ་ཁ་ཕྱེ་ནས་སྐོར་ཞིབ་དུས་ཚོད་དང་བདེ་འཇགས་གནས་ཚུལ་ལ་ལྟ་བ།

“ཏིང་ཏིང”ཞེས་པའི་རྐང་འཁོར་གྱི་དྲིལ་བུའི་སྒྲ་གྲགས་པ་དང་ཆབས་ཅིག་ཉེན་རྟོག་རུ་མིས“ངེས་འབྱོར་ས་ཚིགས”གྱི་སྒམ་ཁ་ཕྱེ་ནས་མིང་རྟགས་བཀོད་པ་དང་ཕྱོགས་བཞི་མཚམས་བརྒྱད་ལ་ལྟ་བཤེར་བྱས་རྗེས་སླར་ཡང་ཁྲོམ་གཞུང་ཁག་ཏུ་རྒྱུག་གི་ཡོད།

ཟངས་རི་རྫོང་གྲོང་གི་མི་སེར་ཚོས“ཏིང་ཏིང”ཞེས་པའི་སྒྲ་དེ་ཉན་རྒྱུར་དགའ་པོ་ཡོད་པ་དང་ཁོང་ཚོའི་སེམས་ནང་དྲིལ་བུའི་སྒྲ་དེ་ཟུག་ཡོད་པ་སྟེ། ཆུ་ཚོད་གཉིས་རེའི་ནང་རྐང་འཁོར་ཉེན་རྟོག་རུ་ཁག་ཡོང་ནས་འཁོར་རིགས་གང་བྱུང་དུ་འཇོག་པ་དང་གང་བྱུང་དུ་བཀག་པར་ཁ་ཏ་བསླབ་བྱ་རྒྱག་པ་དང་།  མང་ཚོགས་ཀྱི་རེ་བ་ཐག་གཅོད་བྱེད་པ། རྩོད་གཞི་ཆུང་ཆུང་འདུམ་འགྲིག་བྱེད་པ།   བྱ་བ་གང་ཞིག་ཡོད་ཀྱང་ཁོང་ཚོས་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད།  

ཟངས་རི་རྫོང་གི་མང་ཚོགས་ཉིན་མཚན་365ཡི་ཆེད་དུ་ཞོགས་པ་ནས་མཚན་མོ་མི་རྣམས་གཉིད་ལ་མ་ཡུར་བར་དྲིལ་བུ་གྲགས།

“ངེས་འབྱོར་ས་ཚིགས”ཀྱི་སྐོར་གཡེང་ལས་ས་གནས་དེ་གའི་མང་ཚོགས་བློ་བདེ་སེམས་སྐྱིད་ཡོང་དོན་ཅི་ཡིན་ནམ།

ཟངས་རི་རྫོང་གྲོང་དང་དེ་བཞིན་མཐའ་འཁོར་གྱི་ཤང་གྲོང་དུ་སྐོར་གཡེང“ངེས་འབྱོར་ས་ཚིགས”དེ་ལྟ་བུ་18ཡོད། 2014ལོར་ས་ཚིགས་དེ་དག་འཛུགས་སྐབས་ཁོངས་གཏོགས་ཁུལ་གྱི་གཞུང་ལམ་དུམ་བུ་གཙོ་བོ་དང་ཏང་སྲིད་ལས་ཁུངས་སོགས་ཕུད་ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱིས་ད་དུང་རྒྱུན་དུ་མི་སྣ་འགྲོ་འོང་ཉུང་བའི་ཁྲོམ་གཞུང་ལ་ཡང་སྐོར་གཡེང་གནས་འབྱོར་ཐུབ་པའི་ཁོངས་སུ་བཅུག་ཡོད།   རྐང་འཁོར་ཉེན་རྟོག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཆུ་ཚོད་24རིང་སྐོར་གཡེང་བྱེད་པ་དང་ས་ཚིགས་སུ་སླེབས་རྗེས་ངེས་པར་དུ་སྐོར་གཡེང་མི་དམངས་ཉེན་རྟོག་པའི་མིང་དང་། གནས་འབྱོར་གྱི་དུས་ཚོད། སྐོར་གཡེང་གི་གནས་ཚུལ་བཅས་གསལ་པོ་འབྲི་དགོས་ཀྱི་ཡོད། “སྐོར་གཡེང་གནས་འབྱོར་བྱུང་རྗེས་ངེས་པར་དུ་མིང་རྟགས་འགོད་དགོས་པའི”སྐོར་གཡེང་ཚོད་འཛིན་བྱ་ཐབས་ལག་ལེན་བསྟར་བར་བརྟེན་མང་ཚོགས་ཀྱི་དུས་བདེ་སྲུང་བའི་འགོག་སྲུང་དྲ་བ་ལྟ་བུ་ཞིག་ཆགས་ཡོད།

2015ལོའི་ཟླ་2པའི་ཟླ་མཇུག་ཏུ་རྐང་འཁོར་ཉེན་རྟོག་རུ་མི་ཐུབ་བསྟན་ཟླ་བ་རྒྱུན་གཏན་ལྟར་ལས་རོགས་དང་མཉམ་དུ་རྐང་འཁོར་བཞོན་ནས་སྐོར་གཡེང་བྱས་ཏེ་མདའ་མ་ནང་གྲོང་ཚོའི་ཡུལ་མིའི་སྡོད་ཁང་འགྲམ་དུ་འབྱོར་སྐབས་གྲོང་མི་ཟླ་བ་བཀྲ་ཤིས་ཁྱིམ་གྱི་གཟན་ཁང་ནས་དུ་བ་འཕྱུར་བ་མཐོང་སྟེ་དེ་མུར་ཐུབ་བསྟན་ཟླ་བས་ཟམ་འགོའི་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་རྫོང་མེ་གསོད་རུ་ཆེན་ལ་དུས་མཚུངས་སུ་སྙན་སེང་ཞུས་པ་རེད།

ཐུབ་བསྟན་ཟླ་བས་མེ་གསོད་སྐབས་ཟླ་བ་བཀྲ་ཤིས་ཀྱིས་ཤེས་ནས་དངངས་འཚབ་ཆེན་པོས་ཕྱིར་རྒྱུག་ནས་ཆུ་ཟོམ་འཁྱེར་ཏེ་ཐུབ་བསྟན་ཟླ་བ་དང་མཉམ་དུ་མེ་བས། དེ་རྗེས་མེ་གསོད་དཔོན་དམག་གི་རོགས་སྐྱོར་འོག་མེ་ཚོད་འཛིན་ཐུབ་སྟེ་ཟླ་བ་བཀྲ་ཤིས་ཀྱི་ཁྱིམ་དུ་དཔལ་འབྱོར་གྱི་གྱོང་གུན་ཆེན་པོ་བྱུང་མེད་པ་རེད།

མེ་བསད་རྗེས་ཟླ་བ་བཀྲ་ཤིས་ཀྱིས་ཐུབ་བསྟན་ཟླ་བའི་ལག་ནས་འཇུས་ཏེ“གལ་སྲིད་ཁྱེད་ཀྱིས་སྔ་ས་ནས་མ་མཐོང་ཚེ་ངའི་ཁང་པ་ཚང་མ་མེས་འཚིག་ཤས་ཆེ་ཞེས”བཤད།   སྦ་ནག་གྲོང་ཚོའི་ཡུལ་མི་མང་ཆེ་བའི་སྡོད་ཁང་ནི་ཤིང་ཆ་ལས་གྲུབ་པ་དང་ཕན་ཚུན་འབྲེལ་ཡོད་པས་མེ་ཚོད་འཛིན་མི་ཐུབ་ན། འབྱུང་འབྲས་བསམ་ཡུལ་ལས་འདས། མེ་བསད་རྗེས་ཐུབ་བསྟན་ཟླ་བ་ལམ་སེང་དེ་ནས་ཁ་མི་འབྲལ་བར་མེ་རྐྱེན་བརྟག་དཔྱད་བྱས་པ་དང་མི་མངོན་པའི་རྐྱེན་ངན་བསལ་རྗེས་གཞི་ནས་ཁ་བྲལ།   དེ་ནི་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ་ཕྲུ་གུ་མང་པོ་ཞིག་གིས་ཤོག་སྦག་བརྒྱབ་པར་བརྟེན་མེ་སྐྱོན་བྱུང་བ་ཞིག་ཡིན་པ་ཤེས།   རྒྱུ་རྐྱེན་ཤེས་རྗེས་ཐུབ་བསྟན་ཟླ་བས་གྲོང་ཚོའི་ནང་གི་ཕྲུ་གུ་ཚང་མ་བསྐོངས་ནས་ཁོང་ཚོར“བདེ་འཇགས་ཀྱི་སློབ་ཚན”གཅིག་ཁྲིད་ནས་ཁོང་ཚོར་དགུན་ཁར་གནམ་གཤིས་སྐམ་ཤས་ཆེ་བ་དང་ཤོག་སྦག་གང་བྱུང་བརྒྱབ་ཚེ་མེ་སྐྱོན་ཡོང་སྲིད་པས་རྗེས་སུ་གཟབ་གཟབ་ཆེན་པོ་བྱེད་དགོས་ཞེས་བཤད།

ཞིང་དལ་སྐབས་སུ་སྐྱིད་གྲོང་གྲོང་ཚོའི་གྲོང་མི་རྣམས་ཆང་རག་འཐུང་རྒྱུར་དགའ་བ་དང་ཆང་རག་བཏུང་ནས་བཟི་རྗེས་ལམ་འགྲམ་དུ་ཉལ་གྱི་ཡོད། གྲོང་མི་དེ་འདྲ་བ་མཐོང་རིམ་བཞིན་མི་དམངས་ཉེན་རྟོག་པས་ཐབས་ཤེས་སྣ་ཚོགས་བཏོན་ནས་ཁོང་ཚོ་ཁྱིམ་དུ་སྐྱེལ་ཐབས་བྱེད་ཀྱི་ཡོད།   ཟངས་རི་རྫོང་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཚེ་རིང་རྒྱ་མཚོས“དགུན་དུས་ཁྲོམ་གཞུང་དུ་ཉལ་ཚེ་ན་ཚ་ཕོག་སྲིད”ཅེས་བཤད།

“ངེས་འབྱོར་ས་ཚིགས”ཀྱི་མི་དམངས་ཉེན་རྟོག་པ་ཡོད་པ་ནས་བཟུང་ཁོངས་གཏོགས་ཁུལ་དུ་རྐུན་པོ་ཉུང་དུ་ཕྱིན་པ་དང་།  ཆང་རག་ཚོད་མེད་བཏུང་རྗེས་འཁྲུག་རྩོད་རྒྱག་མཁན་ཉུང་དུ་ཕྱིན་པ། འཁོར་རིགས་གང་བྱུང་དུ་འཇོག་མཁན་ཡང་ཉུང་དུ་ཕྱིན་ཏེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་སོང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།