ཟངས་རི་རྫོང་གིས་རྒུན་འབྲུམ་འདེབས་འཛུགས་བྱས་པར་ལོ་ལེགས་ཡག་པོ་བྱུང་བ།

བོད་ལྗོངས་འཕྲིན་དྲ། 

| 2014-12-18 00:15:14

ལྷོ་ཁ་ས་ཁུལ་ཟངས་རི་རྫོང་ཟངས་རི་གྲོང་རྡལ་མཐར་མོ་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པ་དང་།ས་རྒྱུ་ལེགས་པ་དང་ཉི་འོད་འཛོམས་པས་རྒུན་འབྲུམ་འདེབས་འཛུགས་བྱས་ན་ཧ་ཅང་འཚམ་པོ་ཡོད་པ་རེད།སྤྱི་ལོ༢༠༡༠ལོར་ཟངས་རི་རྫོང་གིས་ཡུན་ནན་ནས་རྒུན་འབྲུམ་སོན༤༥༠༠ནང་འདྲེན་བྱས་ནས་མཐར་མོ་གྲོང་ཚོར་མུའུ༡༣བཏབ་པ་དང་།ལོ་དེར་ཚོད་འདེབས་ལེགས་སྒྲུབ་བྱུང་བ་མ་ཟད་སྤྱི་ལོ༢༠༡༢ལོ་ནས་བཟུང་རྒུན་འབྲུམ་ལོ་ལེགས་བྱུང་བ་རེད།ཕན་འབྲས་ཐོན་རྗེས་ད་ལོ་སླར་ཡང་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཏང་ནས་མུའུ༢༠༠ཟིན་པའི་རྒུན་འབྲུམ་སྡོང་རྐང་ཁྲི༣གསར་དུ་བཙུགས་ཡོད་པ་རེད།།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།