ཟངས་རི་རྫོང་གིས་སློབ་གྲྭར་ཁྲིམས་ལུགས་སྒྲོག་འགྲེལ་བྱས་པ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉེ་ཆར་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་ཅུས་ཀྱིས་རྫོང་སློབ་འབྲིང་དུ“ངའི་ལང་ཚོ་དང་ཀྲུང་གོའི་ཕུགས་འདུན·ཁྲིམས་ལུགས་དྲིལ་བསྒྲཌ་སློབ་གསོ་བྱ་སྤྱོད་ལ་ཐུག་ཡོད”ཅེས་བརྗོད་དོན་གཙོ་བོའི་ཁྲིམས་ལུཌ་དྲིལ་བསྒྲཌ་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ད་ཐེངས་ཀྱི་བྱེད་སྒོའི་ནང་སྒྲོག་འགྲེལ་མི་སྣས་ཁྲིམས་ལུགས་ཤེས་བྱ་དང་ཟུང་འབྲེལ་བྱས་ནས་གཞོན་ནུས་ཁྲིམས་སྦྱོང་བ་དང་།ཁྲིམས་སྤྱོད་པ།ཁྲིམས་སྲུང་བ་བཅས་བྱེད་དགོས་པ་དེ་གསོན་ཉམས་ལྡན་ཞིང་མཐོང་བ་ཙམ་གྱིས་ཧང་སངས་དགོས་པའི་གྱོད་དཔེ་དང་ཟུང་འབྲེལ་བྱས་པ་དང་།དོན་དངོས་དང་འབྲེལ་བ་བྱེད་པར་བརྟེན་ནས་གྱོད་གཞི་དཔེར་དྲངས་ཏེ་ཁྲིམས་ལུགས་གསལ་འགྲེལ་དང་།ཁྲིམས་ལུགས་ལ་བརྟེན་ནས་གནད་དོན་གླེང་སྟེ་སློབ་མ་ཚོར་ངེས་པར་དུ་བསླབ་བྱ་བླངས་ནས་ཁྲིམས་ལུགས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་།ཁྲིམས་ལུགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།བྱེད་སྒོའི་ནང་སློབ་གྲྭ་ཡོངས་ཀྱི་དགེ་སློབ་700ཙམ་ཞུཌ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།