ཟངས་རི་རྫོང་གིས་དྲ་འཕྲིན་ལས་དོན་གཏིང་ཟབ་སྤེལ་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉེ་བའི་ལོ་ཤས་རིང་ཟངས་རི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་དྲ་རྒྱའི་འཕེལ་རྒྱས་ཀྱི་གནས་ཚུལ་གསར་པ་དང་འགྲན་སློང་གསར་པར་དམིགས་ནས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཟངས་རི་རྫོང་གི་དྲ་འཕྲིན་ལས་དོན་ལ་འཕེལ་རྒྱས་གསར་པ་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས།དྲ་འཕྲིན་ལས་དོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཡོད།

ད་ལོ་རྫོང་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་གི་ལས་དོན་མི་སྣ་འཐུས་ཚང་དུ་གཏོང་བ་དང་ཧྲག་ཏུ་གཏོང་ཆེད།རྫོང་ཨུད་རྩ་འཛུགས་པུས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་མཐིལ་རྟོགས་གྲལ་བཤེར་བྱས་ནས་རྟོག་ཞིབ་གདམ་གསེས་ནན་ཏན་བྱས་པ་བརྒྱུད་མཐར་ཆེད་ལས་དང་མཐུན་པའི་ཕུལ་བྱུང་མི་སྣ་གཉིས་དྲ་འཕྲིན་གཞུང་དོན་ཁང་དུ་བཏང་བ་དང་སྦྲགས་དྲ་འཕྲིན་ལས་དོན་ནུས་ལྡན་ངང་སྤེལ་རྒྱུ་འགན་ལེན་བྱ་ཆེད།རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་5བཏང་ནས་དྲ་འཕྲིན་གཞུང་དོན་ཁང་གི་ལས་སྒོའི་འགྲོ་གྲོན་དུ་བརྩིས་པ་དང་།དེ་དང་དུས་མཚུངས་ཟངས་རི་རྫོང་དྲ་དྲིལ་ལས་དོན་ཐད་མི་སྣའི་འབྲེལ་གཏུག་ལ་ཤུགས་སྣོན་དང་དཔུང་ཁག་སྟོབས་ཤུགས་བསྡུ་སྒྲིལ་བྱས་ནས་དྲ་དྲིལ་ལས་དོན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་དང་ཟངས་རི་རྫོང་གི་དྲ་འཕྲིན་ལས་དོན་གཏིང་ཟབ་ཏུ་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།