ཆུ་གསུམ་རྫོང་གིས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རང་སྟོབས་རང་འཕེལ་གྱི་ནུས་པ་ཆེ་རུ་བཏང་བ།

ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

| 2014-12-18 00:15:14

ཉེ་བའི་ལོ་ཤས་ནང་ཆུ་གསུམ་རྫོང་གིས་བྱ་ཐབས་སྤེལ་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་མང་མཉམ་སྒྲུབ་དང་དོན་འཁྱོལ་དམ་འཛིན་བྱས་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་མྱུར་ལ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་ཤུགས་ཆེན་བཏང་སྟེ་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་རང་སྟོབས་རང་འཕེལ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

རྣམ་གྲངས་ལ་སྐུལ་ཁྲིད་བྱས་ནས་ནང་ངོས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བ་བྱས་ཤིང་།གྲོང་ཚོ་ཁག་གིས་དོན་དངོས་ལ་གཞི་ཚུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས“ལེགས་ལྡན་སྤུས་རྟགས་གཏོད་པ”དང“ཁྱད་ལྡན་ལམ་བུར་སྐྱོད་པ”དང“ཀུང་སི་དང་།རྟེན་གཞི།ཞིང་དུད”བཅས་ཟུང་དུ་སྦྲེལ་བའི་རྣམ་པ་སྤྱད་དེ་ཆུ་མདོ་རྒྱང་ཤང་གི་ཚགས་ཤ་སྐམ་པོ་དང་གྲབ་སྨད་ས་གྲོང་ཚོའི་བོད་ཕག་སོགས་ཁྱད་ལྡན་ཐོན་ལས་གཅིག་སྡུད་སྔོག་འདོན་དང་རྒྱབ་སྐྱོར་བྱས་ཡོད།བརྟག་ཞིབ་དང་རྣམ་གྲངས་རིགས་པས་ཁུངས་སྐྱེལ་གྱི་ལས་དོན་སྤེལ་ནས་རྣམ་གྲངས་ཀྱི་མཛོད་བཙུགས་ཏེ་གྲོང་ཚོ་ཁག་གི་ཐག་གཅོད་བྱེད་དགོས་གལ་ཆེ་བའི་མགྱོགས་མྱུར་དོན་སྨིན་ཐུབ་པའི་རྣམ་གྲངས་159གསེད་དཀྲོལ་བྱེད་རོཌ་བྱས་ཡོད་པ་རེད།

ཡུལ་བབ་དང་བསྟུན་ནས་མཉམ་སྡེབ་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་ཞིང་།གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་སྣ་མང་ཅན་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ད་ཡོད་ཐོན་ཁུངས་ཀྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱས་ནས་གྲོང་ཚོའི་སྡེ་ལས་དང་བོགས་གཏོང་རྣམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་ཧུར་ཐག་བྱས་ཡོད་པ་རེད།

གྲོང་ཚོ་རིམ་པའི་ནོར་དོན་དོ་དམ་ནན་པོ་བྱས་ནས་འཕེལ་རྒྱས་ཀྱི་འགན་ལེན་བྱ་ཤུགས་ཆེ་རུ་བཏང་ཞིང་།“དམངས་འཚོའི་གནད་དོན་ཐག་གཅོད་བྱ་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་།གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པའི”རྩ་དོན་ལ་དམིགས་ནས་གྲོང་ཚོ་རིམ་པའི་ནོར་དོན་དང་རྒྱུ་ནོར་ཁྱོན་ཡོངས་ནས་གཙང་བཤེར་དང་བདེན་མིན་ཞིབ་དཔྱད་བྱས་ཏེ་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་ནས་མཉམ་སྡེབ་རྒྱུ་ནོར་དང་ནོར་དོན་ལ་དོ་དམ་བྱ་ཤུགས་ཆེ་རུ་བཏང་སྟེ་གྲོང་ཚོ་རིམ་པའི་བུ་ལོན་ཟུག་ཚད་ཚོད་འཛིན་དང་ཉུང་དུ་ནན་པོ་བཏང་ཡོད།གྲོང་ཚོ(གྲོང་ལྷན)21གིས་གོང་ཞུ་བྱས་པའི་དམངས་ལ་དོན་དངོས་སྒྲུབ་པའི་མ་དངུལ་སྒོར་ཁྲི་15བེད་སྤྱོད་འདོད་འདུན་ཡི་གེར་ཞིབ་དཔྱད་ནན་པོ་བྱས་ཏེ་གྱོད་དོན་དཔེ་མཚོན་རེ་ཟུང་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ནས་དམངས་ལ་དོན་དངོས་སྒྲུབ་པའི་མ་དངུལ་སྒོར་ཁྲི་15དེ་དག་ཁ་ཚ་དགོས་གཏུག་གི་སར་ཡག་པོ་སྤྱད་དེ་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཁག་གཅིག་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་པ་རེད།

གསོ་སྦྱོང་བྱ་ཤུགས་ཆེ་རུ་བཏང་ནས་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་བྱས་ཤིང་།ཞིང་པའི་དཔེ་དེབ་ཁང་དང་།རྒྱང་ཁྲིད་སློབ་གསོའི་སྒྲིག་ཆས།གྲོང་ཚོའི་རླུང་འཕྲིན་ས་ཚིགས་བཅས་གསོ་སྦྱོང་བྱ་ཡུལ་དུ་བྱས་ནས་ངལ་གསོའི་དུས་ཚོད་སྤྱད་དེ་ཞིང་འབྲོག་མང་ཚོགས་ཚོར་འདེབས་འཛུགས་དང་གསོ་སྤེལ་གྱི་ལག་རྩལ་དང་རི་མོ་འབྲི་བ་དང་།སོ་ཕག་རྒྱག་པ།མཛེས་བཟོ་བྱེད་པ་སོགས་ལག་རྩལ་གྱི་གསོ་སྦྱོང་བྱས་ཏེ་ཆེད་ལས་པ་གདན་ཞུས་ཀྱིས་གཅིག་སྡུད་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱེད་པ་དང་ཕྱོགས་ཚང་མ་དང་ཐབས་ལམ་མང་པོས་རིག་གནས་ལྡན་པ་དང་།ལག་རྩལ་ཤེས་པ།གཉེར་སྐྱོང་མཁས་པ།བྱང་ཚད་མཐོ་བ་བཅས་ཀྱི་ཞིང་འབྲོག་པ་གསར་པ་སྐྱེད་སྲིང་བྱས་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།